ད་སྔ་གཟིགས་བཞིན་པ། > གཙོ་ངོས། > སྐད་འཇོག་པ།
ཀླུ་ཆུའི་པད་རྡོར།    2017-06-19 11:28:52
ཀླུ་ཆུའི་པདྨ་རྡོ་རྗེ། 2017-06-19 11:11:47 ལྷག་བསམ་གཙང་མའི་རང་མདངས་མ་ཡལ་ཞིང་ཡལ་མེས་སྲོལ་རྒྱུན་དག་མའི་གཤིས་ཀ་མ་བོར་བའི་བོད་ཨ་མདོ་བརྙན་འཕྲིན་ཁང་གི་འགོ་འཛིན་པ་རྣམས་སྐུ་ཁམས་བཟང་། ངའི་མིང་ལ་པདྨ་རྡོར་རྗེ་ཟེར་ཞིང་ཕ་ཡུལ་ཕ་ཡུལ་རེབ་གོང་གསེར་མོ་ལྗོངས་རྒྱལ་བོ་རླངས་ཚང་གི་ཡ་གྱལ་འབྲོག་རུ་ཀླུ་ཆུའམ་གསེར་ཆེར་སྡེ་བའི་གསེར་ཆེན་རུ་ཁག་དང་པོའི་ཡིན། བདག་གིས་ཐེངས་འདིའི་བཀྲ་ཤིས་གསེར་ཟམ་གྱི་ལེ་ཚན་བརྒྱུད་ནས་ང་ལ་ཚེ་སྲོག་གི་དབུགས་རྒྱུན་སྦྱིན་མཁན་དྲིན་ཆེན་ཕ་མ་གཉིས་དང་། དེ་དང་ཆབས་ཅིག་ཉི་མ་ལྷ་ས་ན་ཕུགས་འདུན་གྱི་ཞིང་སར་འབྲས་བུ་ཡི་ལོ་ལེགས་འདེབས་པའི་ནུ་ཀླུ་ཚངས་སྲས་དང་མདོ་སྨད་སྐུ་དྲག་སོགས་དང་། གཞན་བདག་གི་འདུས་མ་ད་གསུམ་ཀུན་དུ་བྱ་བའི་ལས་སྣེ་སོགས་ལ་དངོས་ཤུགས་དང་རྒྱུ་ཤུགས། སེམས་ཤུགས་ཅི་རིགས་མཛད་པའི་རླབས་ཆེན་གྱི་ཕ་མ་ཟུང་དང་། བཀའ་དྲིན་གཞལ་མཐའ་བྲལ་བའི་ཁུ་བོ་སྐོ་ལོ་དང་བཙུན་ཁོ་སོགས་གཙོ་བྱས་ཤ་ཉེ་འབྲེལ་ཡོངས་ལ་ལུས་བདེ་སེམས་སྐྱིད་ཡོང་བའི་བཀྲ་ཤིས་སྨོན་འདུན་ཞུ་ཆེད་དུ་གོང་གི་ལེ་ཚན་འདི་བཀོད་སྒྲིགས་བྱས་བ་ཡིན།
རྟ་མགྲིན་སྐྱབས    2017-06-16 17:47:47
ས་སྐྱེས 2017-06/16 21:07:32ང་ནི་ཀན་སུའུ་ཞིང་ཆེན་ཀན་ལྷོ་ཁུལ་ཀླུ་ཆུ་རྫོང་མ་རུ་སྡེ་བ་ནས་ཡིན། ད་ལྟ་འབྲོག་ཕྲུག་དཀྱིས་མ་ཞིག་གི་ལས་དབང་གཉེར་ཡོད། ངའི་མིང་ལ་རྟ་མགྲིན་སྐྱབས་ཟེར།
ཐེངས་འདིར་ངས་བཀྲ་ཤིས་གསེར་ཟམ་གྱི་ལེ་ཚན་འདི་བརྒྱུད་ནས་སེམས་གཏམ་གླིང་གི་གྲོགས་པོ་ཚོའི་བྱ་བཞག་མཐའ་དག་ལྷུན་གྱིས་འགྲུབ་ཤིང་ཚེ་བསོད་རླུང་རྟ་ཡར་ངོའི་ཟླ་ལྟར་
འཕེལ་བའི་བཀྲ་ཤིས་སྨོན་འདུན་ཅིག་གི་ཚབ་ལ་ཁྱེད་བཀྲ་ཤིས་གསེར་ཟམ་གྱི་ལེ་ཚན་མདོ་འཛིན་པའི་
རྡུང་ལེན་ཡག་བྱོས་ཤིག་བཀོད་བསྒྲིགས་ཡོད་པར་ཞུ།
周卓才让    2017-06-16 15:37:07
ཕ་སྐད་གཙང་མའི་དབྱངས་ཀྱི་འགྱུར་ཁུགས་ཀྱིས་མི་རིགས་ཀྱི་སྐད་ཡིག་གཉིས་ལ་ཚེ་སྲོག་གི་རྒྱུན་ཐགས་དཀྲི་བཞིན་པའི་ཨ་མདོ་བརྙན་འཕྲིན་ཁང་གི་ལས་བྱེད་པ་ཡོངས་ལགས།ཁྱེད་རྣམས་པར་བཀའ་དྲིན་ཆེ་ཞུ།
ང་ནི་མགོ་ལོག་གཅིག་སྒྲིལ་སྦྲ་སར་སྡེ་བའི་ཡིན་ལ། མིང་ལ་ཕུན་ཚོགས་དཔལ་ཟེར། ངས་ཐེངས་འདིར་བཀྲ་ཤེས་གསེར་ཟམ་གྱི་ལེ་ཚན་བརྒྱུད་ནས་བདག་གི་དྲིན་ཆེན་གྱི་ཨ་ཕྱི་ཞས་རིས་དང་ཕ་མ་གཉིས་ལ་ཁམས་བདེ་དང་། དེ་མིན་ཤ་ཉེ་འབྲེལ་ཡོངས་དང་རང་སྡེ་བའི་ཕོ་མོ་རྒན་གཞོན་རྣམས་ལ་ལུས་ལ་ན་བ་ཚ་གསུམ་གང་ཡང་མེད་པ་དང་།བྱ་བ་ཐམས་ཅད་ཅི་བཞིན་དུ་འགྲུབ་པའི་སྨོན་འདུན་ཞུ་བ་དང་ཆབས་ཅིག་ཏུ་བདག་གི་བླ་མ་དམ་པ་མཁན་ཆེན་ཚུལ་ཁྲིམས་བློ་གྲོས་ཀྱི་མཛད་པ་ཕྱོགས་བཞིར་འཕྲོ་ཞིང་མི་ལོ་བཅུ་གསུམ་ལ་མཉམ་དུ་སློབ་གླིང་འགྲིམས་པའི་བདག་གི་དགེ་རྒན་དང་སློབ་གྲོགས་རྣམས་ཀྱི་ལུས་སེམས་གཉིས་ཀར་སྡུག་བསྔལ་མེད་ཀྱང་མི་ཚེ་དོན་དང་ལྡན་པའི་སྨོན་འདུན་དུ། གླུ་གཞས་སྙན་མོ་ཞིག་ཕུལ་རྒྱུ་མཁྱེན་མཁྱེན་མཁྱེན།
ཟབ་གསང་།    2017-06-15 19:11:52
མགོ་ལོག་ཁུལ་དགའ་བདེ་རྫོང་ཁྱི་འབྲི་ཡུལ་ཚོ་གསར་སྐོར་སྡེ་བའི་མིང་ལ་ཟབ་གསང་ཁོ་རང་གི་དྲིན་ཆེན་ཕ་མ་ཕོ་བོ་བློ་བཟང་དང་རྟ་འགྲིན་སྐྱབས་ནུ་མོ་ནམ་མཁའ་ལྷ་མོ་དང་སྐྱིད་པ་འ་ཁུ་སྙན་གྲགས་གཟའ་མི་ཡོངས་འཇམས་གྲགས་གཟའ་མི་ཡོངས་དང་མྱི་ཁུ་གཟའ་མི་ཡོངས་དེ་རྣམས་ཀྱི་ཁ་ལས་རློང་རྟ་དར་ཞིང་ཅི་བསམ་ལྷུན་གྱི་འགྲུབ་པའི་སྨོན་འདུན་ཞུ།
མགོན་སྐྱབས་རྒྱ    2017-06-14 09:36:43
མགོན་སྐྱབས་རྒྱ་། 2017-06-14 09:19:15བཀྲ་ཤིས་གསེར་ཟམ་ལེ་ཚན་ཀྱི་མདོ་འཛིན་པ་གཙོ་བྱས་པའི་ཨ་མདོ་བརྙན་ཁང་གི་ལས་བྱེད་མི་སྣ་ཡོངས་ལ་འཚམས་འདྲི།བདག་གི་ཕ་ཡུལ་རྩེ་ཁོག་རྫོང་ཧོར་གྲོང་བརྡལ་སྐྱིད་ལུང་སྡེ་བའི་རུ་ཆུང་ལྔ་བའི་མིང་ལ་མགོན་སྐྱབས་རྒྱ་ཟེར།བདག་གིས་བཀྲ་ཤིས་གསེར་ཟམ་ལེ་ཚན་བརྒྱུད་ནས་ཟླ་དགུ་ཞག་་བཅུ་ཁུར་བའི་མ་འཕག་མ་དང་ཕ་འགུ་རུ་ཚེ་བསྟན་གཉིས་དངཕུ་བོ་སྒྲོལ་མ་འབུམ་དངནུ་བོ་དུང་འབུམ་རྒྱལ་དང་ཨ་ཅེ་དར་མོ་མཚོ་དང་ཀུན་བཟང་སྐྱིད་མནའ་མ་ཚེ་དར་སྐྱིད་བཅས་ལ་མི་ལ་ནད་ཚ་མེད་ཀྱང་ཕྱུགས་ལ་གོད་ཁ་མེད་པའི་བཀྲ་ཤིས་སྨོན་འདུན་ཞུ་བ་ཡིན།
དེ་ནས་སྤུན་མགོན་སྐྱབས་ཚེ་རིང་གི་འབྲིང་རྒྱུགས་ལ་རྒྱལ་བར་སྨོན་འདུན་ཞུ་།
འཇིགས་མེད་རྒྱ་མཚོ    2017-06-14 01:29:59
ཐེངས་འདིའི་བཀྲ་ཤིས་གསེར་ཟམ་གྱི་ལེ་ཚན་བརྒྱུད་ནས། ཕ་ཡུལ་གྱི་ཡུལ་མི་རྣམས་པ་དང་ནང་སྒོས་སུ་ཤ་ཚ་ཉེ་འབྲེལ། སློབ་གྲོགས་རྣམས་པར་ཁམས་བདེ་བཀྲ་ཤིས་བདེ་ལེགས་ཞུ། རྒྱབ་རི་ལྟ་བའི་མ་ལོ་ཚེ་རིང་ནད་མེད། འགྲོ་ཀུན་བདེ་སྐྱིད་ལྡན་པར་ཤོག ཞེས་ཕ་ཡུལ་བསང་ཆུ་རྫོང་བསང་ཁོག་ཞང་བསང་སྐོར་རུ་ཆུང་དང་པོའི་འཇིགས་མེད་རྒྱ་མཚོ་ནས་ཕུལ།
དཔལ་འབྱོར་ཚེ་རིང    2017-06-13 10:46:42
བཀྲ་ཤིས་གསེར་ཟམ་ལེ་ཚན་ཀྱི་མདོ་འཛིན་པ་གཙོ་བྱས་པའི་ཨ་མདོ་བརྙན་འཕྲིན་ཁང་གི་ལས་བྱེད་མི་སྣ་ཡོངས་ལ་འཚམས་འདྲི་ཞུ་ཞུ་་།བདག་གི་ཕ་ཡུལ་རྩེ་ཁོག་རྫོང་སྟོབས་ལྡན་ཞང་ཀ་རོང་གོང་ཆེན་དུས་བཞི་བ་གི་ཡིན་ལ་་།མིང་ལ་དཔལ་འབྱོར་ཚེ་རིང་ཟེར།བདག་གིས་བཀྲ་ཤིས་གསེར་ཟམ་ལེ་ཚན་བརྒྱུད་ནས་དྲིན་ཆེན་ཕ་མ་གཙོ་བྱས་བས་་ཕུ་ནུ་མིང་སྲིང་དང་རང་སྡེ་བའི་རྒན་པ་ནམ་ཚེ་དག་རིང་ཞང་གཞོན་པ་ནམ་གཉོམ་ལག་རྒྱས་ཤིང་དེ་དང་ཆབ་གཅིག་རྒྱལ་ཁབ་ཕྱི་ནང་ཀུན་ན་ཡོད་པའི་བོད་རིགས་སྤུན་ཟླ་ཡོངས་གྱི་ལུས་ལ་ནད་ཚ་མེད་ཀྱང་ཕྱུགས་ལ་གོད་ཁ་མེད་པའི་བཀྲ་ཤིས་སྨོན་འདུན་ཞུ་བ་ཡིན།
1649123456789    2017-06-13 08:04:47
ལྷག་བསམ་གཙང་མའི་རང་མདངས་མ་ཡལ་ཞིང་ཡལ་མེས་སྲོལ་རྒྱུན་དག་མའི་གཤིས་ཀ་མ་བོར་བའི་བོད་ཨ་མདོ་བརྙན་འཕྲིན་ཁང་གི་འགོ་འཛིན་པ་རྣམས་སྐུ་ཁམས་བཟང་། ངའི་མིང་ལ་རྡོ་རྗེ་རྒྱལ་མཚན་་ཟེར་ཞིང་ཕ་ཡུལ་རྨ་ལྷོ་་རྫོང་ཨ་རིག་གྲོང་བརྡལ་བསིལ་ཆེན་སྡེ་བའི་ཡིན། བདག་གིས་ཐེངས་འདིའི་བཀྲ་ཤིས་གསེར་ཟམ་གྱི་ལེ་ཚན་བརྒྱུད་ནས་ང་ལ་ཚེ་སྲོག་གི་དབུགས་རྒྱུན་སྦྱིན་མཁན་དྲིན་ཆེན་ཕ་མ་གཉིས་དང་། གཞན་བདག་གི་འདུས་དང་མ་འོངས་པ་ཀུན་དུ་བྱ་བའི་ལས་སྣེ་སོགས་ལ་རམས་འདེགས་མཛད་པའི་ཤ་ཉེ་འབྲེལ་ཡོངས་དང་གྲོགས་པོ་གྲོགས་མོ་རྣམས་ལ་ལུས་བདེ་སེམས་བདེ་སྐྱིད་ཡོང་བའི་བཀྲ་ཤིས་སྨོན་འདུན་ཞུ་ཆེད་དུ་གོང་གི་ལེ་ཚན་འདི་བཀོད་སྒྲིགས་བྱས་བ་ཡིན།
ཀླུ་ཐར་རྒྱལ    2017-06-13 00:15:57
ང་ནི་ཕ་ཡུལ་རྩེ་ཁོག་རྫོང་དམེ་ཤུལ་གྲོང་བརྡལ་ཤྭ་རྫོང་སྡེ་བའི་ཡིན་ལ་།ངས་ཐེངས་འདིའི་བཀྲ་ཤིས་གསེར་ཟམ་གྱི་ལེ་ཚན་འདི་བརྒྱུད་ནས་ ཁྱེད་མདོ་འཛིན་པ་ཡོངས་དང་ ཕ་ལོ་དང་མ་ལོ་གཉིས་ལས་གཞན་ད་དུང་རང་སྡེ་བའི་སྡེ་དམངས་ཡོང་དང་། ཤ་ཉེ་འབྲེལ་ཡོངས་།གཙན་ཚ་རྫོང་མི་རིགས་སློབ་འབྲིང་གཉིས་བ་ན་སློབ་གཉེར་བྱེད་བཞིན་པའི་ནུ་བོ་རྡོ་རྗེ་དབང་ཕྱུག་ རང་ས་གནས་སུ་སློབ་གཉེར་ལ་འབད་པ་བཞིན་པའི་ནུ་བོ་རྡོ་རྗེ་འབུམ་དང་རྡོ་རྗེ་ཚེ་བརྟན་ ནུ་མོ་རྡོ་རྗེ་འཚོ་ སོགས་ཀྱི་བྱ་བཞག་ཐམས་ཅད་ཡར་ངོའི་ཟླ་ལྟར་འཕེལ་ཞིང་ནད་མེད་ཚེ་རིང་ཡོང་བའི་བཀྲ་ཤིས་སྨོན་འདུན་དུ་ཕུལ་བ་ལགས།།
བྱང་སེམས་ཟླ་བ།    2017-06-12 06:45:45
མགོ་ལོག་ཁུལ་དགའ་བདེ་རྫོང་གོང་སྨད་ཡུལ་ཚོའི་ཡར་སྐོར་སྡེ་བའི་མིང་ལ་བྱང་སེམས་ཟླ་བ་ཟེར་ཁོ་རང་གི་དྲིན་ཆེན་ཨ་མ་དང་ཕུ་བོ་གནས་བསྟན་རྒྱ་མཚོ་བྱང་ཆུབ་འོད་ཟེར་བདུད་འཇོམས་རྡོ་རྗེ་ཨ་ཞང་ཟླ་མགོན་གཟའ་མི་ཡོངས་ཕུ་བོ་བཀྲ་ཕུན་གཟའ་མི་ཡོངས་དེ་རྣམས་ཀྱི་ཁ་ལས་རླུང་རྟ་དར་ཞིང་ཅི་བསམ་ལྷུན་གྱིས་འགྲུབ་པའི་བཀྲ་ཤེས་སྨོན་འདུན་ཞུ
སྒྲོལ་མ་འབུམ།    2017-06-11 09:58:56
བཀྲ་ཤིས་གསེར་ཟམ་ལེ་ཚན་ཀྱི་མདོ་འཛིན་པ་གཙོ་བྱས་པའི་ཨ་མདོ་བརྙན་ཁང་གི་ལས་བྱེད་མི་སྣ་ཡོངས་ལ་འཚམས་འདྲི།བདག་གི་ཕ་ཡུལ་རྩེ་ཁོག་རྫོང་ཧོར་གྲོང་བརྡལ་ཤ་ལ་སྡེ་བའི་རུ་ཆུང་གསུམ་པའི་མིང་ལ་སྒྲོོལ་མ་འབུམ་ཟེར།བདག་གིས་བཀྲ་ཤིས་གསེར་ཟམ་ལེ་ཚན་བརྒྱུད་ནས་ཟླ་དགུ་ཞག་་བཅུ་ཁུར་བའི་མ་འཕག་མ་དང་ཕ་འགུ་རུ་ཚེ་བསྟན་གཉིས་དང་སྤུན་མགོན་སྐྱབས་རྒྱལ་མགོན་སྐྱབས་ཚེ་རིང་དུང་འབུམ་རྒྱལ་དང་སྲིང་མོ་དར་མོ་མཚོ་དང་ཀུན་བཟང་སྐྱིད་་མནའ་མ་ཚེ་དར་སྐྱིད་བཅས་ལ་མི་ལ་ནད་ཚ་མེད་ཀྱང་ཕྱུགས་ལ་གོད་ཁ་མེད་པའི་བཀྲ་ཤིས་སྨོན་འདུན་ཞུ་བ་ཡིན།
东泽    2017-06-10 18:35:36
扎西金桥的哥哥姐姐们拜托,我叫东泽,在北漂,是北京电影学院的一名学生,我的家乡是甘肃省甘南州夏河县慢玛村二队的,我爸叫道吉扎西妈叫更藏卓玛,首先祝我父母身体健康,以前儿子不懂事给你带了了很多麻烦,现在儿子长大了,懂事了,不要太担心我,你们说给我的每一句我都记着呢,放心吧,爸爸妈妈我爱你们,我只能打汉文,我手机里没有藏文。谢谢你们。,拜托
བདེ་སྐྱིད་སྒྲོལ་མ།    2017-06-08 17:20:45
ངའི་མིང་ལ་བདེ་སྐྱིད་སྒྲོལ་མ་ཟེར། ཕ་ཡུལ་ཞོན་ཧྭ་རྡོ་སྦིས་དཔལ་སྡེ་ནས་ཡིན། ད་ལྟ་བོད་ལྗོངས་བོད་ལུགས་གསོ་རིག་སློབ་ཆེན་དུ་དགེ་བཟོ་བའི་ལས་གཉེར་བྱེད་བཞིན་ཡོད། ངས་ཐེངས་འདིའི་བཀྲ་ཤིས་གསེར་ཟམ་ལེ་ཚན་བརྒྱུད་ནས་རང་དང་སྐྱིད་སྡུག་མཉམ་བཞེས་ཀྱི་ཚེ་གཅིག་སྐྱ་ཡ་དོན་གྲུབ་རྒྱལ་མཆོག་གི་བྱ་གཞག་ཐམས་ཅད་ཅི་བསམ་ལྷུན་གྱིས་འགྲུབ་པའི་སྨོན་འདུན་གྱི་ཚུལ་དུ་མདོ་འཛིན་པས་དབྱངས་རྟ་སྙན་མོ་ཞིག་བདམས་པར་བཀའ་དྲིན་ཆེ་ཞུ། །
དོན་གྲུབ་རྒྱལ།    2017-06-08 17:10:59
ངའི་མིང་ལ་དོན་གྲུབ་རྒྱལ་དང་ཕ་ཡུལ་ཞོན་ཧྭ་ཀ་རིང་སྐྱ་མིང་སྡེ་བ་ནས་ཡིན། ད་ལྟ་བོད་ལྗོངས་བོད་ལུགས་གསོ་རིག་སློབ་ཆེན་དུ་རབ་འབྱམས་པའི་སློབ་གཉེར་བྱེད་བཞིན་ཡོད། ངས་ཐེངས་འདིའི་བཀྲ་ཤིས་གསེར་ཟམ་ལེ་ཚན་བརྒྱུད་ནས་མ་གྱུར་སེམས་ཅན་དག་གི་རྒན་པ་ཚེ་རིང་བ་དང་། གཞོན་པ་གཉོམ་ལག་རྒྱས་ཤིང་ཁ་ལས་རླུང་རྟ་དར་བ། ནང་མི་འཆམ་མཐུན་ཡོང་ཞིང་བདེ་བའི་རྒྱུ་དང་ལྡན་པའི་སྨོན་འདུན་ཞུ་བ་དང་། ནང་སྒོས་སུ་ཤ་ཁྲག་རུས་པ་དམ་དུ་འདྲེས་པའི་རྨོ་བོ་སྒྲོལ་མ་དང་ཕ་གདུགས་དཀར་སྐྱབས། མ་ཤ་བོ་ལྕགས་མོ་དང་སྐྱིད་སྡུག་མཉམ་བཞེས་ཀྱི་སྐྱ་ཡ་བདེ་སྐྱིད་སྒྲོལ་མ་གཙོས་པའི་ནང་མི་ཤ་ཉེ་རྣམས་ནད་མེད་ཚེ་རིང་ཞིང་ཅི་བསམ་ལྷུན་གྱིས་འགྲུབ་པའི་སྨོན་འདུན་གྱི་ཚུལ་དུ་མདོ་འཛིན་པས་དབྱངས་རྟ་སྙན་མོ་ཞིག་ཕུལ་བར་བཀའ་དྲིན་ཆེ་ཞུ། །
ཁུ་སྤོ།    2017-06-01 23:11:05
བཀྲ་ཤིས་གསེར་ཟམ་ལེ་ཚན་གྱི་མདོ་འཛིན་པ་གཅོ་བྱས་པའི་ཨ་མདོའི་བརྙན་འཕྲིན་ཁང་གི་ལས་བཟོ་མི་སྣ་ཡོངས་ལ་ཁམས་བདེ་ཞུ། ངའི་མིང་ལ་རྔུལ་ཆུའི་དཔའ་བོ་་ཟེར། ང་ནི་དཔལ་ཡུལ་ནང་བསྟན་སློབ་གྲྭའི་དགེ་རྒན་ཞིག་ཡིན། བདག་གིས་ལེ་ཚན་འདི་ནས་བརྒྱུད་དེ་དཔལ་ཡུལ་མཐོ་སློབ་ཀྱི་དགེ་སློབ་ཡོངས་མཚམས་འདྲི་བཀྲ་ཤེས་བདེ་ལེགས་ཞུ་བ་དང་ཆབ་ཅིག ཁོང་རྣམ་པའི་སྐུ་གཟུགས་གསལ་ཐང་དང་མཛད་ཕྲིན་ཡར་ངོའི་ཟླ་བ་བཞིན་འཕེལ་བའི་སྨོན་འདུན་ཆེད་དུ། གླུ་མ་གྲགས་ཅན་བདེ་ཆེན་དབང་མོས་གླངས་པའི་༼མཚོ་སྔོན་མོ་༽ཟེར་བ་དེ་ཐེངས་གཅིག་གཏོང་བར་ཞུ། བཀའ་དྲིན་
བན་དེ་འཚོ།    2017-06-01 15:11:08
བཀྲ་ཤིས་གསེར་ཟམ་ལེ་ཚན་གྱི་མདོ་འཛིན་པ་གཅོ་བྱས་པའི་ཨ་མདོའི་བརྙན་འཕྲིན་ཁང་གི་ལས་བཟོ་མི་སྣ་ཡོངས་ལ་ཁམས་བདེ་ཞུ།ངའི་མིང་ལ་བན་དེ་འཚོ་ཟེར་ལ།ཐོག་མར་ངས་འདི་ནས་མི་འགྱངས་བར་མཐོ་རྒྱུགས་ལ་ཞུགས་དགོས་བའི་སློབ་གྲོགས་ཚང་མས་ཕུགས་བསམ་ཁྲོད་ཀྱི་རྒྱུགས་འབྲས་རེ་ལེན་ཐུབ་རྒྱུའི་སྨོན་འདུན་དང་དེ་མིན་ཕ་མ་གཉིས་གཙོ་བྱེད་པའི་ཤ་ཉེ་འབྲེལ་ཡོངས་དང་།བདག་གི་སྙན་སྒྲོན་གྱི་ལམ་ཁ་ནས་མཛུབ་སྟོན་གང་མང་གནང་མཁན་གྱི་རྒན་ཁ་གྱའི་ཁྱུང་སྔོན་གཙོས་བའི་བདག་གི་དགེ་རྒན་རྣམས་པ།ཅང་ཞི་ན་སློབ་གཉེར་བྱེད་བཞིན་པའི་གྲོགས་རྡོ་རྗེ་ཚེ་བརྟན།མ་ཟད་བདག་དང་འབྲེལ་འདྲིས་ཆེ་བའི་གྲོགས་པོ་ཡོངས་ཀྱི་ཅི་བསམ་ལྷུན་འགྲུབ་དང་ནད་མེད་ཚེ་རིང་ཡོང་བའི་སྨོན་འདུན་ཞུ།
གནམ་བྱམས་རྒྱལ།    2017-05-31 23:59:32
ང་ནི་ཕ་ཡུལ་བྲག་དཀར་རྫོང་སློབ་འབྲིང་དང་བོ་ན་སློབ་གཉེར་བྱེད་བཞིན་པའི་སློབ་བུ་གནམ་བྱམས་རྒྱལ་ཡིན། ངའི་ཐེངས་འདིའི་བཀྲ་ཤིས་གསེར་ཟམ་ལེ་ཚན་རྒྱུད་དེ་རང་ཉིད་ཀྱི་དྲིན་ཆེན་ཕ་མ་གཉིས་གཙོ་བྱས་དེ་ཤ་ཉེ་ཡོངས་ཀྱི་སྐུ་ལ་ནད་ཚ་མེད་ཀྱང་ཇི་བསམ་ལྷུན་གྱིས་འགྲུབ་པའི་བཀྲ་ཤིས་ཞུ་བ་དང་། ཁྱབ་ཅིག་དུ་བྲག་དཀར་རྫོང་མི་རིགས་སློབ་འབྲིང་དང་པོ་ན་སློབ་གཉེར་བྱེད་བཞིན་པའི་དགུ་གཅིག་འཛིན་གྲྭའི་སློབ་བུ་ཡོངས་ཀྱི་འབྲིང་རྒྱུགས་ཀྱི་རྒྱུགས་འབྲས་གཡར་དུ་ཟ་བ་ཞིག་ལེན་རྒྱུ་དང་དགེ་རྒན་ཚེ་རིང་དོན་གྲུབ་གཙོ་བྱས་དེ་དགེ་རྒན་ཡོངས་ཀྱི་སྐུ་ལ་ནད་ཚ་མེད་ཀྱང་ཇི་བསམ་ལྷུན་གྱིས་འགྲུབ་པའི་སྨོན་ལམ་འདེབས།
སྐྱེས་ཡག་ཉི་མ།    2017-05-30 17:22:36
ཨ་མདོ་བརྙན་འཕྲིན་ཁང་གི་མདོ་འཛིན་པ་རྣམ་པ་ལ་ཁམས་བདེ་ལེགས། ང་ནི་ཀན་ལྷོ་ཁུལ་བསང་ཆུ་རྫོང་ཨ་མཆོག་ཁྱུང་ཕྲུག་སྡེ་བའི་མི་ཡིན། ངའི་མིང་ལ་སྐྱེས་ཡག་ཉི་མ་ཟེར།ཐོག་མར་རྒྱལ་ཁབ་ཀུན་ན་ཡོད་པའི་བོད་རིགས་སྤུན་ཟླ་ཡོངས་ལ་ཁ་ལས་རླུང་རྟ་དར་ཞིང་།ལས་བསོད་དབང་ཐང་རྒྱས་པའི་བཀྲ་ཤིས་སྨོན་འདུན་དང་།སྒོས་སུ་ཀན་ལྷོ་དགེ་འོས་སློབ་གྲྭ་ཆེན་མོ་ན་ཡོད་པའི་གྲོགས་མོ་བཀྲ་ཤིས་སྐྱིད་དང་།གྲོགས་མོ་སངས་རྒྱས་འཚོ། གྲོགས་མོ་སྐལ་བཟང་སྐྱིད་སོགས་ཅི་བསམ་ལྷུན་འགྲུབ་དང་སློབ་གཉེར་བྱ་བ་ཡར་ངོའི་ཟླ་ལྟར་འཕེལ་བའི་ཁ་གཡང་ཞུ་བ་ཆབས་ཅིག ལུས་ལ་ན་ཚ་མེད་ཅིང་འཚོ་བ་དགའ་སྤྲོས་ཁེངས་པའི་བཀྲ་ཤིས་སྨོན་འདུན་ཡང་ཡང་ཞུའོ།།
སྐལ་ལྡན།    2017-05-30 08:33:59
ལྷག་བསམ་གཙང་མའི་རང་མདངས་མ་ཡལ་ཞིང་ཡལ་མེས་སྲོལ་རྒྱུན་དག་མའི་གཤིས་ཀ་མ་བོར་བའི་བོད་ཨ་མདོ་བརྙན་འཕྲིན་ཁང་གི་འགོ་འཛིན་པ་རྣམས་སྐུ་ཁམས་བཟང་། ངའི་མིང་ལ་སྐལ་ལྡན་ཟེར་ཞིང་ཕ་ཡུལ་མགོ་ལོག་ཁུལ་དགའ་བདེ་རྫོང་ཁྱི་འབྲི་ཡུལ་ཕྱོགས་གཙང་སྐོར་སྡེ་བ་ཡིན། བདག་གིས་ཐེངས་འདིའི་བཀྲ་ཤིས་གསེར་ཟམ་གྱི་ལེ་ཚན་བརྒྱུད་ནས་ང་ལ་ཚེ་སྲོག་གི་དབུགས་རྒྱུན་སྦྱིན་མཁན་དྲིན་ཆེན་ཕ་མ་གཉིས་དང་། དེ་དང་ཆབས་ཅིག་ཕུ་བོ་འཇམ་དཔལ་བཟང་དང་སྲིང་མོ་བསམ་འགྲུབ་མཚོ་སོགས་དང་། གཞན་བདག་གི་འདུས་དང་མ་འོངས་པ་ཀུན་དུ་བྱ་བའི་ལས་སྣེ་སོགས་ལ་རམས་འདེགས་མཛད་པའི་སྤྲུལ་སྐུ་འཇིགས་མེད་དཔལ་ལྡན་དང་། བཀའ་དྲིན་གཞལ་མཐའ་བྲལ་བའི་དགེ་རྒན་མཆིག་གུ་རུ་རྡོ་རྗེ་དང་། བོད་གསོ་བ་རིག་པའི་སློབ་དཔོན་ཆེན་མོ་དགེན་ཚུལ་ཁྲིམས་དར་རྒྱས་སོགས་གཙོ་བྱས་ཤ་ཉེ་འབྲེལ་ཡོངས་ལ་ལུས་བདེ་སེམས་སྐྱིད་ཡོང་བའི་བཀྲ་ཤིས་སྨོན་འདུན་ཞུ་ཆེད་དུ་གོང་གི་ལེ་ཚན་འདི་བཀོད་སྒྲིགས་བྱས་བ་ཡིན།
ཕུན་ཚོགས་དཔལ།    2017-05-29 23:28:26
ཕ་སྐད་གཙང་མའི་དབྱངས་ཀྱི་འགྱུར་ཁུགས་ཀྱིས་མི་རིགས་ཀྱི་སྐད་ཡིག་གཉིས་ལ་ཚེ་སྲོག་གི་རྒྱུན་ཐགས་དཀྲི་བཞིན་པའི་ཨ་མདོ་བརྙན་འཕྲིན་ཁང་གི་ལས་བྱེད་པ་ཡོངས་ལགས།ཁྱེད་རྣམས་པར་བཀའ་དྲིན་ཆེ་ཞུ།
ང་ནི་མགོ་ལོག་གཅིག་སྒྲིལ་སྦྲ་སར་སྡེ་བའི་ཡིན་ལ། མིང་ལ་ཕུན་ཚོགས་དཔལ་ཟེར། ངས་ཐེངས་འདིར་བཀྲ་ཤེས་གསེར་ཟམ་གྱི་ལེ་ཚན་བརྒྱུད་ནས་བདག་གི་དྲིན་ཆེན་གྱི་ཨ་ཕྱི་ཞས་རིས་དང་ཕ་མ་གཉིས་ལ་ཁམས་བདེ་དང་། དེ་མིན་ཤ་ཉེ་འབྲེལ་ཡོངས་དང་རང་སྡེ་བའི་ཕོ་མོ་རྒན་གཞོན་རྣམས་ལ་ལུས་ལ་ན་བ་ཚ་གསུམ་གང་ཡང་མེད་པ་དང་།བྱ་བ་ཐམས་ཅད་ཅི་བཞིན་དུ་འགྲུབ་པའི་སྨོན་འདུན་ཞུ་བ་དང་ཆབས་ཅིག་ཏུ་བདག་གི་བླ་མ་དམ་པ་མཁན་ཆེན་ཚུལ་ཁྲིམས་བློ་གྲོས་ཀྱི་མཛད་པ་ཕྱོགས་བཞིར་འཕྲོ་ཞིང་མི་ལོ་བཅུ་གསུམ་ལ་མཉམ་དུ་སློབ་གླིང་འགྲིམས་པའི་བདག་གི་དགེ་རྒན་དང་སློབ་གྲོགས་རྣམས་ཀྱི་ལུས་སེམས་གཉིས་ཀར་སྡུག་བསྔལ་མེད་ཀྱང་མི་ཚེ་དོན་དང་ལྡན་པའི་སྨོན་འདུན་དུ། གླུ་གཞས་སྙན་མོ་ཞིག་ཕུལ་རྒྱུ་མཁྱེན་མཁྱེན་མཁྱེན།
སྐད་འཇོག་པ།
མིང་། *
ཡིག་ཟམ། *
ཁ་པར།
ནང་དོན།(*):
 
མཛའ་འབྲེལ་ཨ་ལུང་།
བོད་ཀྱི་སྐད་ཡིགཐེམ་ཆེན་གསར་འགྱུར་དྲ་བ།ཀྲུང་གོ་བོད་ཀྱི་དྲ་བ།གུང་ཁྲན་ཏང་གི་དྲ་བ།མཆོད་མེ་དྲ་བ།རེབ་གོང་རིག་གནས།
བོད་ཀྱི་རིག་མཛོད།བོད་ཀྱི་སློབ་འབྲིང་།སྣོད་བཅུད་སྲུང་སྐྱོབ།གཅན་ཚ་མི་རིགས་སློབ་འབྲིང་།བོད་ཀྱི་སློབ་གསོ།དགེ་ཆོས་དྲ་བ།
མཚོ་སྔོན་བོད་རིགས་དྲ་བ།ཁམས་པའི་དྲ་བ།རེབ་གོང་བོན་མང་དྲ་བ།ཧི་མ་ལ་ཡའི་བོན།བོད་ཡིག་མཉེན་ཆས་གླིང་། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་།
ཀྲུང་གོའི་བོད་སྐད་རླུང་འཕྲིན་དྲ་བ།བཙན་པོའི་མགར་གྱི་དྲ་བ།གཞོན་གསར་དྲ་བ།