ད་སྔ་གཟིགས་བཞིན་པ། > གཙོ་ངོས། > སྐད་འཇོག་པ།
འཇིགས་མེད་ཆོས་དབྱིངས    2018-05-08 13:39:05
རང་མི་རིགས་ཀྱི་བླ་སྲོག་སྟེ་སྐད་དང་ཡི་གེ་ལ་དུང་ཞེན་ཆེ་ཞིང་།ཕ་སྐད་ཆུ་བོའི་ངང་རྒྱུན་གྱིས་སྙན་སྒྲོན་བྱེད་བཞིན་པའི་བཀྲ་ཤིས་གསེར་ཟམ་ལེ་ཚན་གྱི་མདོ་འཛིན་པ་ཡོངས་ལགས་ཁམས་བཟང་།བདག་གི་མིང་ལ་འཇིགས་མེད་ཆོས་དབྱིངས་ཟེར་ལ།ཕ་ཡུལ་རྨ་ལྷོ་ཁུལ་རྩེ་རྫོང་ཉིན་ཤུག་ཞིང་རོང་བོ་བུ་རྒུ་དགོན་པའི་ཡིན་ཞིང་།ངའི་ཐོག་མར་བཀའ་དྲིན་གསུམ་ལྡན་གྱི་དགེ་བའི་བཤེས་གཉེན་ཆེན་མོ་༧སེར་བྱེས་ཨ་འཕུར་སྤྲུལ་མིང་བ་ཟླ་གྲགས་རྒྱ་མཚོ་ཚང་དང་བཀའ་དྲིན་གཞལ་མེད་ཀྱི་བཤེས་གཉེན་དམ་པ་ཨ་ཁུ་བློ་བཟང་སྙན་གྲགས་ཚང་།དེ་མིན་བསོད་ནམས་ལས་ཀྱི་འཛོམས་པའི་རང་དགོན་པའི་ཆོས་གྲོགས་ཡོངས་ཀྱིས་ཐོས་བསམ་སོགས་ཆོས་སྤྱོད་ཀྱི་བྱ་བཞག་དག་འབད་མེད་དུ་འགྲུབ་པའི་སྨོན་འདུན་ཞུ་བ་དང་ཆབས་ཅིག་དྲིན་ཆེན་གྱི་ཕ་མ་གཉིས་ཀྱི་སྐུ་ཚེ་རི་རྒྱུད་བཞིན་བརྟན་ཅིང་།ཤ་ཉེ་འབྲེལ་ཚང་མས་ཡང་ཅི་བསམ་ཆོས་བཞིན་འགྲུབ་པ་དང་།དམིགས་ཀྱིས་གངས་ཆབ་གསེར་ཟམ་གྱི་ལས་གྲོགས་བློ་བཟང་དཔལ་ལྡན།འཇིགས་མེད་ལྷག་བསམ།འཇིགས་མེད་བསམ་འགྲུབ།ཆོས་བཟང་རྒྱལ་མཚན།སྦྱིན་པ་རྒྱལ་མཚན་བཅས་དང་།ད་དུང་བཀྲ་ཤིས་སྐར་ཚོམ་ཀྱི་སྙིང་གྲོགས་ཡོངས་ཏེ་གྲོགས་དགེ་ལེགས་རྒྱལ་མཚན།ཚུལ་ཁྲིམས་རྒྱལ་མཚན།འཇིགས་མེད་བསམ་འགྲུབ།འཇིགས་མེད་ལྷག་བསམ།ཆོས་བཟང་རྒྱལ་མཚན།སྦྱིན་པ་རྒྱལ་མཚན།འཇིགས་མེད་སྐལ་བཟང་།མཆོག་སྒྲུབ་རྒྱ་མཚོ།གསང་བདག་རྒྱ་མཚོ་སོགས་ཀྱིས་ས་ག་ཟླ་བའི་དམ་བཅའ་ཆེན་མོ་ལ་རྒྱུགས་འབྲས་གཡུར་ཏུ་ཟ་ཞིག་ལེན་ཐུབ་པའི་ཁ་གཡང་སྟོང་གི་སྨོན་ཚིག་བཅས་གོང་གི་གཞས་འདི་སྙན་དབང་གསོ་བའི་བདུད་རྩི་རུ་ཕུལ་བ་ལགས།
བློ་བསྟན གཞོན་མིག    2018-05-08 12:18:04
ཕ་སྐད་ཀྱི་རང་མདངས་སྙན་འཇེབས་ངག་གི་དབྱངས་རྟར་དྲངས་ཏེ། གངས་དཀར་པོའི་ཕྱི་ནང་ཀུན་ན་གསལ་ལྷིང་ལྷིང་གིས་གྲག་བཞིན་པའི་ཨ་མདོའི་བརྙན་འཕྲིན་ཁང་གི་མདོ་འཛིན་པ་ཡོངས་ལ་ཁམས་བདེ་ཞུ། ངའི་ཕ་ཡུལ་ནི་རྩེ་ཁོག་རྫོང་ཆབ་སྐོར་ཤང་དགོ་རྩེ་སྡེ་བའི་ཡིན་ལ། ཆུང་དུས་ནས་བེའུ་ཆུང་གི་ངུར་སྐད་དང་ལུག་ཆུང་གི་འབའ་སྒྲའི་ཁྲོད་ནས་ནོར་སོན་པ་ཡིན། དེ་རིང་ངས༼ བཀྲ་ཤིས་གསེར་ཟམ ༽ ཞེས་པའི་ལེན་ཚན་འདི་རྒྱུད་ནས་དྲིན་ཆེན་ཀྱི་ཕ་མ་གཉིས་གཙོ་བྱས་པའི་ཤ་ཉེ་འབྲེལ་ཡོངས་ཀྱི་ལུས་ལ་ནད་ཚ་མེད་ཅིང་ཅི་བསམ་ལྷུན་གྱིས་འགྲུབ་པའི་བཀྲ་ཤིས་སྨོན་འདུན་ཞུ་བ་དང་ཆབས་ཅིག བགྲང་བྱ་དུ་མའི་རིང་ལ་རང་ཉིད་ཀྱི་དཀའ་ངལ་ལ་མ་འཛེམ་པར་ང་དང་ངའི་ན་ཟླ་ཚོ་ཤེས་རིག་གི་ལམ་བཟང་དུ་ཁྲིད་མཁན་ཏེ། དགེ་བའི་བཤེས་གཉེན་དམ་པ་རྣམས་ཀྱི་སྐུ་ལ་ནད་མེད་ཐུགས་བརྗེ་མཁའ་ལས་ཡངས་བའི་སྨོན་འདུན་དང་། མི་འགྱིང་བར་མཐོ་རྒྱུག་གི་གཡུལ་སར་གདོང་མཆོང་བྱེད་དགོས་པའི་ངའི་སློབ་གྲོགས་ཚོས་རྒྱལ་ཁའི་དར་ཆ་དམར་པོ་ནམ་མཁའི་མཐོངས་སུ་བསྒྲེངས་ཐུབ་པའི་བཀྲ་ཤིས་ཁ་གཡང་ཞིག་གི་ཚབ་ཏུ་གླུ་གཞས་སྙན་མོ་འདི་ཕུལ་བ་ལེགས།
བསྟན་འཛིན་རྒྱ་མཚོ    2018-05-08 09:36:36
དགའ་དགའ
བསྟན་སྲུང་རྒྱ་མཚོ།    2018-05-05 20:54:06
ཕ་སྐད་གཙང་མའི་དབྱངས་ཀྱི་འགྱུར་ཁུག་ཁྲོད་ནས་ཉིན་མཚན་དབྱེར་མེད་ཏུ་ཤེས་བྱ་རིག་པའི་ཕྱོགས་ལ་ཕྱག་ལས་གནང་བཞིན་པའི་ཨ་མདོ་བརྙན་འཕྲིན་ལས་ཁུངས་གི་ལས་མི་ཡོངས་ལ་ཁམས་བདེ་ཞུ།
ངའི་མིང་ལ་བསྟན་སྲུང་རྒྱ་མཚོ་ཟེར་ཞིང་།ཕ་ཡུལ་མཚོ་ནུབ་ཁུལ་ཐེམ་ཆེན་རྫོང་ལུང་དམར་ཤིང་མཚོ་མང་སྡེ་བ་ནས་ཡིན། ད་ཐེངས་བཀྲ་ཤིས་གསེར་ཟམ་གྱི་ལེ་ཚན་འདི་རྒྱུད་ནས་བུས་ཕྲུག་སེམས་ཀྱིས་གཉོར་བའི་ཡུམ་ཆེན་མ་དང་གར་འགྲོ་མིག་གིས་འཚོ་བའི་ཡབ་ཆེན་གཉིས་གཙོ་བྱས་ནས་ཁྱིམ་མི་གང་བོའི་ལུས་ལ་ནད་ཚ་མེད་པ་དང་ཅི་བསམ་ལྷུན་གྱིས་འགྲུབ་པའི་བཀྲ་ཤིས་སྨོན་འདུན་ཞུ་བ་དང་ཆབས་ཅིག་རང་སྡེ་བའི་རྒན་དར་གཞོན་གསུམ་དང་ཤ་ཉེ་འབྲེལ་ཚང་མའི་བྱ་བ་ལམ་འགྲོ་ཡོང་བ་དང་ཚེ་རིང་ནད་མེད་ལོ་བརྒྱའི་སྨོན་འདུན་ཞུ།གཞན་བདག་གི་གྲོགས་པོ་ཚུལ་ཁྲིམས་རང་གྲོལ་དང་།བསྟན་འཛིན་རྣམ་རྒྱལ།ཟུར་ཚང་ནོར་བྷ།ནོར་དབྱངས་ལྷ་མོ་བཅས་ཀྱི་ལུས་ལ་ནད་ཚ་མེད་པ་དང་བློ་རིག་གློག་ལས་མྱུར་ཞིང་རིག་པ་མཁའ་ལས་ཡངས་པའི་བཀྲ་ཤིས་སྟོང་གི་ཁ་གཡང་འབོད།
མཐར་བཀྲ་ཤིས་གསེར་ཟམ་ལེ་ཚན་གྱི་མདོ་འཛིན་པ་གཙོ་བྱས་ནས་ཨ་མདོ་བརྙན་འཕྲིན་ཁང་གི་མདོ་འཛིན་པ་ཡོངས་དང་འཛམ་གླིང་གི་ས་ཕྱོགས་སོ་སོར་ན་ཡོད་པའི་བོད་མི་ཡོངས་ལ་ནད་མེད་ཚེ་རིང་བདེ་སྐྱིད་ཕུན་སུམ་ཚོགས་ཤོག
བསོ་ནམ་དོན་འགྲུབ་།    2018-05-05 08:42:53
ང་ཕ་ཡུལ་ཧི་ནན་རྫོང་ཨ་རིགས་གྲུང་རྡལ་ཝོ་ཐུབ་རུ་ཆུང་དང་ཡིན་ངེས་ཐེང་འདིར་བཀྲ་ཤེས་གསེར་ཟམ་ལེན་ཚན་བརྒྱུད་ནས་ཨ་མ་འཕགས་པ་མཚོ་དང་ཨ་ཕ་སྐུ་སྐྱབས་གཉིས་ཀྱི་བསམ་དོན་ཐམས་ཅད་ཡིད་བཞིན་དུ་འགྲུབ་པའི་སྨོན་ལམ་དུས་རྒྱུ་བདག་ལ་སེམས་ཁྲེལ་དང་རྒྱབ་སྐྱོར་གནང་མཁན་ཀྱི་ཕ་ཚེ་རིང་དོན་་འགྲུབ་དང་ཨ་མ་ཚེ་རིང་གཉིས་ཀྱི་སྐུ་ནད་ཚ་མེད་པའི་སྨོན་འདུན་གྱི་ཆེད་དུ་གླུ་དབྱངས་སྙན་མོ་འདི་ལེགས་སྐྱེས་སུ་ཕུལ་བ་ཡིན་།།
ཚེ་བརྟན་རྡོ་རྗེ།    2018-05-01 16:31:36
༡ མཚོ་སྔོན་བོད་སྐད་བརྙན་འཕྲིན་ཁང་གི་ལས་བཟོ་བ་རྣམས་པ་༼ འཆད་ཁྲིད་མུན་སེལ་སྒྲོན་མེ ༽ ཞེས་པའི་ལེན་ཚན་ལ་ཅི་ལྟར་བལྟ་དགོས།
༢ མཚོ་སྔོན་བོད་སྐད་རླུང་འཕྲིན་ཁང་གི་ལས་བཟོ་བ་རྣམས་པ༼ འཆད་ཁྲིད་ལེན་ཚན་དང་ཟློ་གར་ལེན་ཚན ༽ ཞེས་པར་ཅི་ལྟར་ཉན་དགོས།
ཁྱེད་རྣམས་པས་སློབ་སྟོན་ཞིག་གནང་རྒྱུ་མཁྱེན།
ཚེ་བརྟན་རྡོ་རྗེ།    2018-05-01 16:18:31
ཕ་སྐད་ཀྱི་རང་མདངས་སྙན་འཇེབས་ངག་གི་དབྱངས་རྟར་དྲངས་ཏེ། གངས་དཀར་པོའི་ཕྱི་ནང་ཀུན་ན་གསལ་ལྷིང་ལྷིང་གིས་གྲག་བཞིན་པའི་ཨ་མདོའི་བརྙན་འཕྲིན་ཁང་གི་མདོ་འཛིན་པ་ཡོངས་ལ་ཁམས་བདེ་ཞུ། ངའི་ཕ་ཡུལ་ནི་རྩེ་ཁོག་རྫོང་ཆབ་སྐོར་ཤང་དགོ་རྩེ་སྡེ་བའི་ཡིན་ལ། ཆུང་དུས་ནས་བེའུ་ཆུང་གི་ངུར་སྐད་དང་ལུག་ཆུང་གི་འབའ་སྒྲའི་ཁྲོད་ནས་ནོར་སོན་པ་ཡིན། དེ་རིང་ངས༼ བཀྲ་ཤིས་གསེར་ཟམ ༽ ཞེས་པའི་ལེན་ཚན་འདི་རྒྱུད་ནས་དྲིན་ཆེན་ཀྱི་ཕ་མ་གཉིས་གཙོ་བྱས་པའི་ཤ་ཉེ་འབྲེལ་ཡོངས་ཀྱི་ལུས་ལ་ནད་ཚ་མེད་ཅིང་ཅི་བསམ་ལྷུན་གྱིས་འགྲུབ་པའི་བཀྲ་ཤིས་སྨོན་འདུན་ཞུ་བ་དང་ཆབས་ཅིག བགྲང་བྱ་དུ་མའི་རིང་ལ་རང་ཉིད་ཀྱི་དཀའ་ངལ་ལ་མ་འཛེམ་པར་ང་དང་ངའི་ན་ཟླ་ཚོ་ཤེས་རིག་གི་ལམ་བཟང་དུ་ཁྲིད་མཁན་ཏེ། དགེ་བའི་བཤེས་གཉེན་དམ་པ་རྣམས་ཀྱི་སྐུ་ལ་ནད་མེད་ཐུགས་བརྗེ་མཁའ་ལས་ཡངས་བའི་སྨོན་འདུན་དང་། མི་འགྱིང་བར་མཐོ་རྒྱུག་གི་གཡུལ་སར་གདོང་མཆོང་བྱེད་དགོས་པའི་ངའི་སློབ་གྲོགས་ཚོས་རྒྱལ་ཁའི་དར་ཆ་དམར་པོ་ནམ་མཁའི་མཐོངས་སུ་བསྒྲེངས་ཐུབ་པའི་བཀྲ་ཤིས་ཁ་གཡང་ཞིག་གི་ཚབ་ཏུ་གླུ་གཞས་སྙན་མོ་འདི་ཕུལ་བ་ལེགས།
བཤད་སྒྲུབ་ཟླ་བ།    2018-04-30 23:49:01
བཀྲ་ཤིས་གསེར་ཟམ་ལེ་ཚན་གྱི་མདོ་འཛིན་པ་ཡོངས་ལ་ཁམས་བདེ་མཚམས་འདྲི་ཞུ།
ངའི་མིང་ལ་བཤད་སྒྲུབ་ཟླ་བ་ཟེར། ད་ཐེང་ལེ་ཚན་འདི་རྒྱུད་ནས་གཞི་བྱས་སྤུན་ཟླ་ཡོངས་ཀྱི་བྱ་བ་ལམ་འགྲོ། ནད་མེད་ཚེ་རིང་། བསམ་དོན་ལྷུན་གྱི་འགྲུབ་པའི་སྨོན་འདུན་དང་། གནས་མཆོག་ལྷ་སར་བཞུགས་པའི་ཕ་མ་གཉིས་ཀྱི་གཙོས་གཟའ་མི་ཉེ་འབྲེལ་ཡོངས་ནད་མེད་ཚེ་རིང་ཡོང་བའི་བཀྲ་ཤིས་སྨོན་འདུན་ཞུ།
མ་ཡོང་ཀྲིན་གྱི་བར྄ེན་ཁ་ཚང་ཞིག་    2018-04-30 00:16:09
མ་ཡོང་ཀྲིན་གྱི་གློག་བརྙན་ཁ་ཚང་ཞིག་བསྐུར་རྒྱུ་མཁྱེན
རྟ་མགྲིན་རྡོ་རྗེ།    2018-04-29 21:55:32
བཀྲ་ཤིས་གསེར་ཟམ་ལེ་ཚན་གི་ཨ་མདོའི་བརྙན་འཕྲིན་ཁང་གི་ལས་བཟོ་བ་ཡོངས་ལ་ཁམས་བདེ་ཞུ། ཕ་ཡུལ་མང་རྫོང་མང་ར་ཞང་ཁང་གཞུང་སྡེ་བའི་ཡིན། རང་གིས་ཁྱིམ་མི་ཡོངས་ལ་ནད་མེད་ཚེ་རིང ་དང་བྱ་བ་ཐམས་ཅད་ཡིད་བཞིན་འགྲུབ་པའི་སྨོན་འདུན། དེ་དུང་རང་གི་གཉེན་ཉེ་ཡོངས་དང་། རང་སྡེ་བའི་རྒན་པ་རྣམས་ཚེ་ཐག་རིང་ཤིང་། བཞོན་པ་རྣམས་འདབ་ལག་རྒྱས་བའི་སྨོན་འདུན།
བསོད་ནམས་ཚེ་རིང་།    2018-04-29 15:25:21
ཐོག་མར་དྲ་ཚིགས་འདི་འཛུགས་མཁན་གྱི་ཚན་པ་ཁག་དང་འབྲེལ་ཡོད་ཀྱི་མི་སྣ་ཡོངས་ལ་སྙིམ་པའི་སོར་མོ་མཁའ་ལ་བསྟན་ནས་འཀའ་དྲིན་ལན་བརྒྱར་ཞུ་བ་ཡིན། དེ་ནས་བདག་དང་འདྲ་བའི་ནམ་ཡང་དྲ་ངོས་འདི་ལ་ཞུགས་པར་མོས་པའི་དྲ་གྲོགས་ཚོ་ལ་ཡང་བཀའ་དྲིན་ཞུ་བ་ཡིན། གུས་པ་ང་རང་ནི་ཕ་ཡུལ་མཚོ་ལྷོ་མང་རྫོང་ཞེས་པའི་ས་ཆ་ཞིག་ནས་ཡིན།
བསྟན་སྲུང་རྒྱ་མཚོ།    2018-04-28 08:59:38
ཕ་སྐད་གཙང་མའི་དབྱངས་ཀྱི་འགྱུར་ཁུག་ཁྲོད་ནས་ཉིན་མཚན་དབྱེར་མེད་ཏུ་ཤེས་བྱ་རིག་པའི་ཕྱོགས་ལ་ཕྱག་ལས་གནང་བཞིན་པའི་ཨ་མདོ་བརྙན་འཕྲིན་ལས་ཁུངས་གི་ལས་མི་ཡོངས་ལ་ཁམས་བདེ་ཞུ།
ངའི་མིང་ལ་བསྟན་སྲུང་རྒྱ་མཚོ་ཟེར་ཞིང་།ཕ་ཡུལ་མཚོ་ནུབ་ཁུལ་ཐེམ་ཆེན་རྫོང་ལུང་དམར་ཤིང་མཚོ་མང་སྡེ་བ་ནས་ཡིན། ད་ཐེངས་བཀྲ་ཤིས་གསེར་ཟམ་གྱི་ལེ་ཚན་འདི་རྒྱུད་ནས་བུས་ཕྲུག་སེམས་ཀྱིས་གཉོར་བའི་ཡུམ་ཆེན་མ་དང་གར་འགྲོ་མིག་གིས་འཚོ་བའི་ཡབ་ཆེན་གཉིས་གཙོ་བྱས་ནས་ཁྱིམ་མི་གང་བོའི་ལུས་ལ་ནད་ཚ་མེད་པ་དང་ཅི་བསམ་ལྷུན་གྱིས་འགྲུབ་པའི་བཀྲ་ཤིས་སྨོན་འདུན་ཞུ་བ་དང་ཆབས་ཅིག་རང་སྡེ་བའི་རྒན་དར་གཞོན་གསུམ་དང་ཤ་ཉེ་འབྲེལ་ཚང་མའི་བྱ་བ་ལམ་འགྲོ་ཡོང་བ་དང་ཚེ་རིང་ནད་མེད་ལོ་བརྒྱའི་སྨོན་འདུན་ཞུ།གཞན་བདག་གི་གྲོགས་པོ་ཚུལ་ཁྲིམས་རང་གྲོལ་དང་།བསྟན་འཛིན་རྣམ་རྒྱལ།ཟུར་ཚང་ནོར་བྷ།ནོར་དབྱངས་ལྷ་མོ་བཅས་ཀྱི་ལུས་ལ་ནད་ཚ་མེད་པ་དང་བློ་རིག་གློག་ལས་མྱུར་ཞིང་རིག་པ་མཁའ་ལས་ཡངས་པའི་བཀྲ་ཤིས་སྟོང་གི་ཁ་གཡང་འབོད།
མཐར་བཀྲ་ཤིས་གསེར་ཟམ་ལེ་ཚན་གྱི་མདོ་འཛིན་པ་གཙོ་བྱས་ནས་ཨ་མདོ་བརྙན་འཕྲིན་ཁང་གི་མདོ་འཛིན་པ་ཡོངས་དང་འཛམ་གླིང་གི་ས་ཕྱོགས་སོ་སོར་ན་ཡོད་པའི་བོད་མི་ཡོངས་ལ་ནད་མེད་ཚེ་རིང་བདེ་སྐྱིད་ཕུན་སུམ་ཚོགས་ཤོག
གྲུབ་ཆེན་ཧ་ལོ་ཚང་།    2018-04-25 16:52:38
ཕ་སྐད་གཙང་མའི་དབྱངས་ཀྱི་འགྱུར་ཁུག་ཁྲོད་ནས་ཉིན་མཚན་དབྱེར་མེད་ཏུ་ཤེས་བྱ་རིག་པའི་ཕྱོགས་ལ་ཕྱག་ལས་གནང་བཞིན་པའི་ཨ་མདོ་བརྙན་འཕྲིན་ལས་ཁུངས་གི་ལས་མི་ཡོངས་ལ་ཁམས་བདེ་ཞུ།
ངའི་མིང་ལ་གྲུབ་ཆེན་ཧ་ལོ་ཚང་ཟེར་ཞིང་ཕ་ཡུལ་རྩེ་ཁོག་རྫོང་རྩེ་ཆུ་གྲོང་རྡལ་གྱི་ཡིན། ད་ཐེངས་བཀྲ་ཤིས་གསེར་ཟམ་གྱི་ལེ་ཚན་འདི་རྒྱུད་ནས་མཚོ་བྱང་ཁུལ་ཐོག་ན་ཡོད་པའི་དྲིན་ཆེན་གྱི་ཕ་མ་གཉིས་དང་ལྷག་ཏུ་སློབ་ཆུང་སྐབས་ཀྱི་ངའི་བཀའ་དྲིན་ཅན་གྱི་དགེ་རྒན་སྟག་ལྷ་དང་། སློབ་འབྲིང་སྐབས་ཀྱི་དགེ་རྒན་རྣམ་རྒྱལ། མཐོ་འབྲིང་སྐབས་ཀྱི་དགེ་རྒན་ལིས་ཕིན་བཅས་ལ་ནད་མེད་ཚེ་རིང་ཡོང་བ། གཞན་ད་དུང་དཔྱི་ས་ཞང་དཀྱིལ་སྙིང་བཅའ་སྡོད་སློབ་གྲྭའི་ལས་གྲོགས་ཚོའི་ཅི་བསམ་ལྷུན་གྲུབ་དང་སློབ་མ་ཡོངས་ཀྱི་སློབ་སྦྱོང་མྱུར་ཏུ་ཡར་ཐོན་བྱུང་ནས་གྲུབ་འབྲས་གཡུར་དུ་ཟ་བ་ཞིག་ལོན་པའི་བཀྲ་ཤིས་སྨོན་འདུན་ཞུ།
ལྷ་མོ་ཚེ་བརྟན།    2018-04-25 06:57:51
བཀྲ་ཤིས་གསེར་ཟམ་ལེ་ཚན་གི་ཨ་མདོའི་བརྙན་འཕྲིན་ཁང་གི་ལས་བཟོ་བ་ཡོངས་ལ་ཁམས་བདེ་ཞུ།ཕ་ཡུལ་བསང་ཆུ་རྫོང་ཨ་མཆོག་གྲོང་བརྡལ་ཁོའུ་སེའུ་ནས་ཡིན། ངའི་མིང་ལྷ་མོ་ཚེ་བརྟན་ཟེར། དེ་རིང་བཀྲ་ཤིས་གསེར་ཟམ་ཞེས་པའི་ལེ་ཚན་འདི་རྒྱུད་ནས་བཀའ་དྲིན་ཅན་གྱི་དྲིན་ཆེན་གྱི་ཕ་མ་གཉིས་གཙོ་བྱས་ནས་ཕུ་ནུ་མིང་སྲིང་རྣམས་ཀྱི་ཁ་ལས་རླུང་རྟ་དར་ཞིང། ཚེ་རིང་ལོ་བརྒྱ་ཡོངས་པ་དང་ཤ་ཉེ་འབྲེལ་ཡོངས་ལ་ལུས་ལ་ནད་ཚ་མེད་ཅིང་། ཕྱུག་ལ་གོད་ཁ་མེད་པའི་བཀྲ་ཤིས་སྨོན་འདུན་ཞུ་བ་དེ་མིན་.... ན་གོར་མོ་ན... ་བྱ་བ་གཉེར་བཞིན་པའི་གྲོགས་པོ་མགོ་པོ་བཀྲ་ཤིས་དང་.... ཧྲང་ཧེན.. ་གི་གྲོགས་པོ་གདུགས་དཀར་སྐྱབས་དང་ཨ་ཚེ་བརྟན་ལུས་ལ་ནད་ཚ་མེད་པའི་སྨོན་འདུན་དང་རང་སྡེ་བའི་རྒན་དར་གཞོན་གསུམ་ཡོངས་ལ་ནད་མེད་ཚེ་རིང་ལོ་བརྒྱའི་བཀྲ་ཤིས་སྨོན་འདུན་དུ་ཐེངས་འདིའི་བཀྲ་ཤིས་གསེར་ཟམ་ལེ་ཚན་དེར་བཀོད་སྒྲིག་བྱས་ཡོད་པའི་དྲི་མེད་ཀྱི་ཁ་བཏགས་དཀར་པོ་ཞིག་གི་ཚུབ་དུ་ཕུལ་བ་ཡིན།
གསེར་གཞོང་ཏིང་འཛིན།    2018-04-24 12:17:23
བཀྲ་ཤིས་གསེར་ཟམ་ལེ་ཚན་གི་ཨ་མདོའི་བརྙན་འཕྲིན་ཁང་གི་ལས་བཟོ་བ་ཡོངས་ལ་ཁམས་བདེ་ཞུ། ཕ་ཡུལ་རྩེ་ཁོག་རྫོང་ཉིན་ཤུག་ཡུུལ་ཚོ་ནས་ཡིན། ངའི་མིང་ལ་གངས་ཕྲུག་ཚེ་བྷ་ཟེརདེ་རིང་བཀྲ་ཤིས་གསེར་ཟམ་ཞེས་པའི་ལེ་ཚན་འདི་རྒྱུད་ནས་བཀའ་དྲིན་ཅན་གྱི་དྲིན་ཆེན་གྱི་ཕ་མ་གཉིས་གཙོ་བྱས་ནས་ཕུ་ནུ་མིང་སྲིང་རྣམས་ཀྱི་ཁ་ལས་རླུང་རྟ་དར་ཞིང། ཚེ་རིང་ལོ་བརྒྱ་ཡོངས་པ་དང་ཤ་ཉེ་འབྲེལ་ཡོངས་ལ་ལུས་ལ་ནད་ཚ་མེད་ཅིང་།ཕྱུག་ལ་གོད་ཁ་མེད་པའི་བཀྲ་ཤིས་སྨོན་འདུན་ཞུ་བ་དང་རང་སྡེ་བའི་རྒན་དར་གཞོན་གསུམ་ཡོངས་ལ་ནད་མེད་ཚེ་རིང་ལོ་བརྒྱའི་བཀྲ་ཤིས་སྨོན་འདུན་དུ་ཐེངས་འདིའི་བཀྲ་ཤིས་གསེར་ཟམ་ལེ་ཚན་དེར་བཀོད་སྒྲིག་བྱས་ཡོད་པའི་དྲི་མེད་ཀྱི་ཁ་བཏགས་དཀར་པོ་ཞིག་གི་ཚུབ་དུ་ཕུལ་བ་ཡིན།
རྟ་མགྲིན་ཚེ་རིང་།    2018-04-24 10:30:54
ངེད་ཕ་ཡུལ་ལུང་ལེགས་གཡང་བསྡེ་ཚང་གི་རྒན་པ་རྣམ་ཚེ་ཐག་རིང་ཞིང་གཞོན་པ་རྣམ་འདབ་ལག་རྒྱས་བའི་བཀྲ་ཤིས་སྨོན་འདུན་ཞུ།
དཀོན་མཆོག་སྐྱབས།    2018-04-22 01:14:34
བཀྲ་ཤིས་གསེར་ཟམ་ལེ་ཚན་བརྒྱུད་ནས་ཨ་མདོ་བརྙན་འཕྲིན་ཁང་གི་བཟོ་བ་ཡོངས་ལ་ཁམས་བདེ་ཞུ།།
ངའི་མིང་ལ་དཀོན་མཆོག་སྐྱབས་ཟེར་ལ་ཕ་ཡུལ་སི་ཁྲོན་ཞིང་ཆེན་རྔ་བ་ཁུལ་རྔ་བ་རྫོང་གིས་ཡིན།དྲིན་ཕ་མ་གཉིས་གཙོ་བྱས་པའི་གདུ་ཚང་གི་ཉེ་འབྲེལ་ཡོངས་དང་ཕུ་ནུ་མིང་སྲིང་རྣམས་ལ་ཁ་བསོད་རླུང་རྟ་དར་ཞིང་ཅི་བྱས་དོན་དུ་འགྲུབ་པ་ཚེ་རིང་ནད་མེད་ཡོང་བའི་བཀྲ་ཤིས་སྨོན་འདུན་ཞུ་བ་ཆབས་ཅིག་སློབ་གཉེར་ལ་འབད་བཞིན་པའི་བདག་གི་ཕུ་ནུ་མིང་སྲིང་རྣམས་པ་དང་སློབ་གྲོགས་ཡོངས་ལ་དཔྱིད་ཀྱི་དཔལ་མོའི་འཛུམ་ཞལ་དང་མཉམ་དུ་སློབ་སྤྱོང་གི་འབྲས་བུ་གཡུར་དུ་ཟ་བ་ཞིག་སྨིན་པའི་བཀྲ་ཤིས་སྨོན་ལམ་སྙིང་ནས་ཞུཞུ།
ཡིག་རྒྱམ།    2018-04-21 10:31:31
ཕ་སྐད་གཙང་མའི་དབྱངས་སྙན་གྱི་ཁྲོད་ན་མི་རིགས་ཀྱི་བླ་སྲོག་སྟེ།སྐད་དང་ཡི་གེའི་ལུས་ལ་བརྩོན་བཞིན་པའི་ཨ་མདོ་བརྙན་འཕྲིན་ཁང་གི་མདོ་འཛིན་པ་ཡོངས་ལ་ཁམས་བདེ་ཞུ།ངའི་མིང་ལ་ཡིག་རྒྱམ་ཟེར།ཕ་ཡུལ་མགོ་ལོག་དགའ་བདེ་ཡིན།།ངས་ཐེངས་འདིའི་བཀྲ་ཤིས་གསེར་ཟམ་ལེ་ཚན་བརྒྱུད་ནས་་ཕུ་ནུ་མིང་སྲིང་དང་ཁྱིམ་མི་ཡོངས་ཀྱི་ལུས་ལ་ནད་ཚ་མེད་ཀྱང་ཅི་བསམ་ལྷུན་གྱིས་འགྲུབ་པའི་བཀྲ་ཤིས་སྨོན་འདུན་ཞུ་བ་དང་ཆབས་ཅིགཨ་མདོ་བརྙན་འཕྲིན་ཁང་གི་ལས་བཟོ་བ་ཡོངས་ལ་བྱ་བ་ལམ་འགྲོ་དང་ བསམ་དོན་ཐམས་ཅད་ཡིད་བཞིན་ལྷུན་གྱིས་འགྲུབ་པས་བཀྲ་ཤིས་སྨོན་འདུན་ཞུས་བ་ཡིན།
རྡོ་རྗེ་རྒྱལ་མཚན    2018-04-21 10:02:37
བོད་སྐད་ཀྱི་ཀླུ་མོ་དཀར་པོའི་སྒྲུང་མུ་འབྲེལ་བརྙན་འཕྲིན་ཟློས་གར་དྲ་ལམ་དུ་གཏོང་རོགས
འཇམ་དབྱངས་མགོན་པོ།    2018-04-20 23:50:04
ཨ་མདོ་སྙན་འཕྲིན་ཁང་གི་ལས་མི་ཡོངས་ལ་བཀྲ་ཤིས་བདེ་ལེགས་ཞུ་ང་ནི་སི་ཁྲོན་ཞིང་ཆེན་དཀར་མཛེས་ཁུལ་སྡེ་དདགེ་རྫོང་ནས་ཡིན། ལེ་ཚན་འདི་རྒྱུད་ནས་ཁ་ཐག་རིང་བའི་དྲིན་ཆེན་ཕ་མ་གཉིས་དང་ཕུ་ནུ་མིང་སྲིང་གྲོང་རོགས་ཁྱིམ་ཚེས་སོགས་ནད་མེད་ཚེ་རིང་དང་ཅི་བསམ་ལྷུན་གྱིས་འགྲུབ་པའི་སྨོན་ལམ་ཁ་དགེ་འབོད་པ་དང་མ་ཚད་མདོ་དབུས་ཁམས་གསུམ་གྱི་བོད་མི་ཡོངས་ལ་འདས་མ་ད་གསུམ་གྱི་བྱ་བཞག་ཡོད་ཚད་ལས་དགུ་དགྱེས་པའི་ཁ་གཡང་ཞུ་བ་དང་ཆབས་གཅིག་གྲུབ་མཐའི་རྒྱལ་པོ་སངས་རྒྱས་གཡུང་དྲུང་བོན་གྱི་བསྟན་པ་རིན་པོ་ཆེ་འདི་ཉིད་དར་ཞིང་རྒྱས་ལ་ཡུན་རིང་དུ་གནས་པར་གཉཡུར་ཅིག།
སྐད་འཇོག་པ།
མིང་། *
ཡིག་ཟམ། *
ཁ་པར།
ནང་དོན།(*):
 
མཛའ་འབྲེལ་ཨ་ལུང་།
བོད་ཀྱི་སྐད་ཡིགཐེམ་ཆེན་གསར་འགྱུར་དྲ་བ།ཀྲུང་གོ་བོད་ཀྱི་དྲ་བ།གུང་ཁྲན་ཏང་གི་དྲ་བ།མཆོད་མེ་དྲ་བ།རེབ་གོང་རིག་གནས།
བོད་ཀྱི་རིག་མཛོད།བོད་ཀྱི་སློབ་འབྲིང་།སྣོད་བཅུད་སྲུང་སྐྱོབ།གཅན་ཚ་མི་རིགས་སློབ་འབྲིང་།བོད་ཀྱི་སློབ་གསོ།དགེ་ཆོས་དྲ་བ།
མཚོ་སྔོན་བོད་རིགས་དྲ་བ།ཁམས་པའི་དྲ་བ།རེབ་གོང་བོན་མང་དྲ་བ།ཧི་མ་ལ་ཡའི་བོན།བོད་ཡིག་མཉེན་ཆས་གླིང་། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་།
ཀྲུང་གོའི་བོད་སྐད་རླུང་འཕྲིན་དྲ་བ།བཙན་པོའི་མགར་གྱི་དྲ་བ།གཞོན་གསར་དྲ་བ།