ད་སྔ་གཟིགས་བཞིན་པ། > གཙོ་ངོས། > སྐད་འཇོག་པ།
བཀྲ་ཤིས།    2014-01-19 20:08:42
སློབ་རའི་འགྱུར་ཁུགས་ཀྱི་ལས་བྱེད་མི་སྣ་ཡོངས་སྐུ་བདེའམ། ཐོག་མར་དྲ་ངོས་གསར་བཟོ་བྱས་པར་བཀའ་དྲིན་ཞུ་བ་དང་ལྷད་མར་རྟེན་འབྲེལ་ཡང་བྱས་པ་ཡིན། དེ་རིང་བདག་གིསདྲྭ་ལམ་འདི་བརྒྱུད་ནས་རེབ་གོང་རིག་པ་འབྱུང་པའི་གྲོང་ཁྱེར་ན་སློབ་གཉེར་གྱི་ལས་ལ་བརྩོན་བཞིན་པའི་བདག་གི་གྲོགས་མཆོག་དམ་པ་བློ་ལྡན་བཀྲ་ཤིས་ལགས་ཀྱིས་སློབ་སྦྱོང་གི་འབྲས་བུ་གོང་ནས་གོང་དུ་འཕེལ་བ་དང་། ནད་མེད་ཚེ་རིང་ལོ་བརྒྱ་དང་ལོ་གསར་ལ་བཀྲ་ཤེས་བདེ་ལེགས་ཡོངས་པའི་ཆེད་དུ་གླུ་བ་སྒྲོལ་མ་སྐྱབས་ཀྱིས་གླུ་དབྱངས་ཁ་བའི་མེ་ཏོག་ཞེས་པ་དེ་མགོ་འཛིན་པའི་བཀོད་བསྒྲིགས་བྱེད་རྒྱུ་མཁྱེན།
རྒྱ་ནག་གི་རྒྱལ་ས་པེ་ཅིན་ནས་གྲོགས་པོ་བཀྲ་ཤིས་ནས་ཕུལ།
ཨ་ཉི་ལྷ་དགའ།    2014-01-18 20:35:42
དྲྭ་གནས་གསར་བར་དགའ་བསུ་ཞུ།།
སྟག་རྩེ་འབུམ།    2014-01-16 20:38:16
མཚོ་སྔོན་རླུང་བརྙན་འཕྲིན་ཁང་གི་ལས་བྱེད་མི་སྣ་ཡོངས་སྐུ་བདེའམ། ཕྲན་ནི་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་རྐང་ཚ་རྫོང་གི་ཉན་མཁན་དཀྱིས་མ་ཞིག་ཡིན་ཞིང་། མིང་ལ་སྟག་རྩེ་འབུམ་ཟེར། སྒྲུང་པ་སྐལ་བཟང་གྲགས་པའི་བཤད་པའི་གླིང་སྒྲུང་གང་རུང་ཞིག་རླུང་འཕྲིན་བརྒྱུད་དེ་གཏོང་རྒྱུ་ནི་ཕྲན་གྱི་རེ་བ་ཡིན།
ཀླུ་བྷེ    2014-01-14 14:18:30
བདག་ལ་སྙིང་ནས་བརྩེ་བའི་ཕ་སྟོ་ཁོ་དང་སྒྲོལ་མ་གཙོ་བྱས་ཏེ ཨ་ཅེ་ལྷ་མོ་མཚོ་གཟའ་མི་ཡོངས། ཕུ་བོ་གནམ་ལ་རྒྱལ་གཟའ་མི་ཡོངས་དང་ཨ་ཁུ་བསོ་བྷ་གཟའ་མི་ཡོངས། ཨ་ཁུ་མཐུན་འཛི་སྐྱབས་གཟའ་མི་ཡོངས། ཨ་ཁུ་སྟག་བྷེ་གཟའ་མི་ཡོངས། ཨ་ཞང་པདྨ་དབང་ཆེན་གཟའ་མི་ཡོངས། ཨ་ཞང་དབང་དྲག་ཐར་གཟའ་མི་ཡོངས། ཨ་ཞང་དབང་ཆེན་འབུམ་གཟའ་མི་ཡོངས་སོགས་གཙོ་བྱས་བའི་ཤ་ཉེ་འབྲེལ་ཡོངས་དང་། དེ་མིན་ད་རུང་གྲོགས་ཀླུ་དབང་སྐྱབས། ཕགས་མོ་རྡོ་རྗེ། དྲང་སྲོང་བཙན། ཆོས་བཟང་རྒྱལ། ཟླ་བ་རྒྱལ་མཚན་སོགས་ལ་ནད་མེད་ཚེ་རིང་ལོ་བརྒྱ་དང་ལོ་གསར་ལ་བཀྲ་ཤེས་བདེ་ལེགས་ཞུ་བ་ཡིན།
སྐྱ་རེངས།    2014-01-13 14:54:06
ཐོག་མར་དྲ་ངོས་གསར་བཟོ་བྱས་པར་བཀའ་དྲིན་ཞུ་བ་དང་ལྷད་མར་རྟེན་འབྲེལ་ཡང་བྱས་པ་ཡིན། འདིར་འདྲི་རྒྱུ་ཞིག་ཡོད་པ་ནི་སྡེ་ཆེན་རྩེད་རའི་ལེ་ཚན་དྲ་ཐོག་ཏུ་མི་འགོད་པ་ལ་རྒྱུ་མཚན་ཡོད་དམ། ལན་ཞིག་ཡོད་པར་མཁྱེན།
བསོ་སྐྱ །    2014-01-11 17:26:13
མཚོ་སྔོན་བོད་སྐད་རྒྱང་སྒྲོག་བརྙན་འཕྲིན་ནི་བོད་པའི་འཚོ་བའི་ཁྲོད་ནམ་ཡང་འོད་དུ་འཚེར་བའི་སྐར་མ་འོད་ཆེན་དེ་ཡིན་ལ། ཁྱེད་ཀྱི་གསོན་ཉམས་ལྡན་པའི་ལེ་ཚན་དག་ནམ་ཡང་ཁོ་བོའི་སེམས་ཀྱི་མཐོ་སར་ཉར་ཡོད་དེ། མུ་མཐུད་དུ་ལེ་ཚན་རེ་རེའི་སྒྲུབ་སྟངས་དང་སྤུས་ཀའི་ཐད་ནས་གོང་མཐོར་གཏོང་རྒྱུར་རེ་བ་ཆེ། འདིར་བསམ་འཆར་རམ་རེ་བ་ཆུང་ངུ་ཞིག་ཞུ་རྒྱུ་ཡོད་པ་ནི། སློབ་རའི་འགྱུར་ཁུགས་ཀྱི་ལེ་ཚན་དེ་སྔོན་མ་ལས་སྤུས་ཀ་ཇེ་ཞན་དུ་སོང་དང་འགྲོ་བཞིན་པ་ང་རང་གཅིག་པུའི་འདོད་ཚུལ་ཙམ་མ་ཡིན་པར་ཉེ་འཁོར་གྲོགས་པོ་མང་པོ་ཞིག་གིས་ཀྱང་གླེང་བཞིན་གདའ། སྤྱིར་རླུང་འཕྲིན་གྱི་ལེ་ཚན་ནམ་ཡང་ན་ལེ་ཚན་གང་ཞིག་ཡིན་རུང་མདོ་འཛིན་པ་ནི་གཙོ་ཁྲིད་ཀྱི་ནུས་པ་འདོན་མཁན་ཡིན་པས། དེར་རླུང་འཕྲིན་རྒྱང་སྒྲོག་གི་ལམ་ནས་ལེ་ཚན་གང་རུང་ལ་མདོ་འཛིན་བྱེད་ཐུབ་པའི་རང་རྐྱ་འཕེར་བའི་ནུས་པ་ཡོད་དགོས་པ་ཚང་མས་མཁྱེན་གསལ་ལྟར་རེད། ཉེ་ལམ་ལེ་ཚན་མང་པོ་ཞིག་ཐད་གཏོང་བྱེད་བཞིན་མཆིས་པས། སློབ་རའི་འགྱུར་ཁུགས་ཀྱི་ལེ་ཚན་ལྟ་བུ་ལ་མཚོན་ན་ཉན་མཁན་དག་ལ་ཉན་འདོད་ཀྱི་སྤྲོ་བ་འཕེལ་རྒྱུ་ཕར་ཞོག ལ་ལ་ཞིག་རྣ་བར་གཟན་པའི་རྒྱུ་རུའང་འགྱུར་སྲིད་པས། ཐུན་མོང་གི་ལེ་ཚན་ཡག་པོ་ཞིག་གི་ཆེད་དུ་བྲིས་པ་ཡིན་པས། གང་ཉིད་དགོངས་འགལ་མེད་པ་ཞུ་ཞུ།
བཀྲ་ཤིས་ཚེ་རིང་།    2014-01-11 11:50:38
ད་ཐེངས་ཀྱི་དྲ་ངོས་གསར་བསྒྱུར་བྱས་པ་ཧ་ལས་པའི་ཡག་པོ་འདུག བོད་ཡིག་གི་དྲ་ངོས་དག་ལས་རྩེ་མོ་སོན་འདུག དྲ་བ་ལས་མཁན་དག་ལ་བཀའ་དྲིན་ཞུ།
ཚེ་རིང་རྡོ་རྗེ།    2014-01-10 02:47:47
བདག་ལ་སྙིང་ནས་བརྩེ་བའི་དྲིན་ཆེན་ཨ་མ་དང་སྐྱིད་སྡུག་གི་འཚོ་བ་ལོ་ཟླའི་འཕྲེང་ལ་རྒྱུན་མྱོང་བའི་མིང་སྲིང་གསུམ། དེ་བཞིན་དུ་བདག་གི་ཤ་ཉེ་འབྲེལ་ཡོང་ཉེ་ལམ་ས་བདེ་ཡུལ་སྐྱིད་ཡིན་ནམ། བདག་ད་ལྟ་སློབ་གླིང་ན་སྐྱིད་པོ་བདེ་མོ་ཡིན། ཡིན་ཡང་། བདག་ལ་ཆེས་སེམས་ཁུར་ཆེ་བ་ནི་ཨ་ཞིང་གི་ནད་རྙིང་དེ་རེད། བདག་གིས་དཀོན་མཆོག་ལ་གསོལ་བ་བཏབས་ནས་ཨ་ཞིང་གི་ལུས་པོ་བདེ་ཐང་ཡོང་བར་སྨོན་ལམ་འདེབས་བཞིན་ཡོད། མི་འགྱང་བར་སློབ་གྲྭར་དགུན་གནང་གཏེར་རྒྱུ་རེད། ངའི་རང་ཡུལ་མཐོང་ལ་ཉེ། དེ་དུས་ངའི་ཕ་ཡུལ་དང་ཁྱིམ་མི་ལ་སྔར་བཞིན་བདེ་སྐྱིད་ལྡན་ཡོད་པར་སྨོན།
རྒྱ་ནག་ཐེན་ཅེན་ནས། སློབ་བུ་ཚེ་རིང་རྡོ་རྗེས།
༢༠༡༤་༡་ཚེས་༩ཉིན། མཐར།མཚོ་སྔོན་བོད་སྐད་རྒྱང་སྒྲོག་བརྙན་འཕྲིན་ཁང་གིས་མདོ་འཛིན་པ་ཡོང་ལ་བཀའ་དྲིན་སྙིང་ནས་ཞུ།
ཆོས་ལྡན    2014-01-09 14:31:49
གངས་ལྗོངས་གསེར་ཟམ་ལེ་ཚན་གྱི་འགོ་འཛིན་པ་ལགས། དེ་རིང་དྲྭ་ལམ་འདི་བརྒྱུད་ནས་རང་གི་དྲིན་ཆེན་ཨ་ཕ་གཙོ་བྱས་པའི་ནུ་བོ་ལྷ་སྐྱབས་དང་། དཔའ་རིས་སུམ་མདོ་ལྷས་ཆུ་སྡེ་བ་ན་ཡོད་པའི་ཡུལ་མི་སྤུན་ཟླ་ཡོངས་ལ་ལོ་སར་གྱི་བཀྲ་ཤིས་བདེ་ལེགས་ཞུ། ཞེས་དཔའ་རིས་ཆོས་ལྡན་ནས་གུས་ཕུལ།
ཁ་བའི་ཕུག་རོན།    2014-01-09 12:20:54
དྲ་ཚིགས་གསར་བཟོ་བྱས་པ་ལ་རྟེན་འབྲེལ་ཞུ་བ་དང་་མགོ་འཛིན་པ་དག་ལ་བཀའ་དྲིན་ཞུ།
ཐེངས་སྔོན་མར་བདག་གིས་འཆད་ཁྲིད་མུན་སེལ་སྒྲོལ་མེ་དྲ་ཚིགས་སུ་འགོད་རོགས་ཞེས་རེ་བ་ཡང་ཡང་ཞུས་མོད། འོན་ཀྱང་་རེ་
འབྲས་སྤུ་ཙམ་ཡང་ཡོད་མ་བྱིན། ད་ཐེངས་ཡང་བསྐྱར་དུ་རེ་བ་རེ་ཞུས་ན་ངས་རེ་འབྲས་དོན་ཐོག་དུ་ཡོངས་བར་མཁྱེན།
བཀྲ་ཤིས་ནད་མེད་ཚེ་རིང་ལོ་བརྒྱ།
ཀྱེ་ཕུར་པད་མ་ལྷུན་གྲུབ།    2014-01-04 09:34:07
དྲ་ངོས་སྒྲིག་གཞི་གྲལ་དག་ཆགས་ཡོད་ནའང་ཡིག་གེ་འཆར་ལུགས་དེ་སྔོན་ལས་ཡར་ཐོན་བྱུང་མི་འདུག འདི་ལ་དོ་སྣང་རེ་བྱེད་རྒྱུ་མཁྱེན།
ཀྱེ་ཕུར་པད་མ་ལྷུན་གྲུབ།    2014-01-04 09:17:52
དངོས་ནས་ཡག་པོ་རེད།
མིང་མེད།    2014-01-02 14:09:32
ངོ་མ་བཟང་གི་ཡ།
སྐད་འཇོག་པ།
མིང་། *
ཡིག་ཟམ། *
ཁ་པར།
ནང་དོན།(*):
 
མཛའ་འབྲེལ་ཨ་ལུང་།
བོད་ཀྱི་སྐད་ཡིགཐེམ་ཆེན་གསར་འགྱུར་དྲ་བ།ཀྲུང་གོ་བོད་ཀྱི་དྲ་བ།གུང་ཁྲན་ཏང་གི་དྲ་བ།མཆོད་མེ་དྲ་བ།རེབ་གོང་རིག་གནས།
བོད་ཀྱི་རིག་མཛོད།བོད་ཀྱི་སློབ་འབྲིང་།སྣོད་བཅུད་སྲུང་སྐྱོབ།གཅན་ཚ་མི་རིགས་སློབ་འབྲིང་།བོད་ཀྱི་སློབ་གསོ།དགེ་ཆོས་དྲ་བ།
མཚོ་སྔོན་བོད་རིགས་དྲ་བ།ཁམས་པའི་དྲ་བ།རེབ་གོང་བོན་མང་དྲ་བ།ཧི་མ་ལ་ཡའི་བོན།བོད་ཡིག་མཉེན་ཆས་གླིང་། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་།
ཀྲུང་གོའི་བོད་སྐད་རླུང་འཕྲིན་དྲ་བ།བཙན་པོའི་མགར་གྱི་དྲ་བ།གཞོན་གསར་དྲ་བ།