ད་སྔ་གཟིགས་བཞིན་པ། > གཙོ་ངོས། > སྐད་འཇོག་པ།
ཚེ་དབང་རྒྱལ    2018-03-28 20:03:47
བཀྲ་ཤིས་གསེར་ཟམ་ལེ་ཚན་གི་ཨ་མདོའི་བརྙན་འཕྲིན་ཁང་གི་ལས་བཟོ་བ་ཡོངས་ལ་ཁམས་བདེ་ཞུ། ཕ་ཡུལ་རྩེ་ཁོག་རྫོང་ཉིན་ཤུག་ཡུུལ་ཚོ་ནས་ཡིན། ངའི་མིང་ལ་གངས་ཕྲུག་ཚེ་བྷ་ཟེརདེ་རིང་བཀྲ་ཤིས་གསེར་ཟམ་ཞེས་པའི་ལེ་ཚན་འདི་རྒྱུད་ནས་བཀའ་དྲིན་ཅན་གྱི་དྲིན་ཆེན་གྱི་ཕ་མ་གཉིས་གཙོ་བྱས་ནས་ཕུ་ནུ་མིང་སྲིང་རྣམས་ཀྱི་ཁ་ལས་རླུང་རྟ་དར་ཞིང། ཚེ་རིང་ལོ་བརྒྱ་ཡོངས་པ་དང་ཤ་ཉེ་འབྲེལ་ཡོངས་ལ་ལུས་ལ་ནད་ཚ་མེད་ཅིང་།ཕྱུག་ལ་གོད་ཁ་མེད་པའི་བཀྲ་ཤིས་སྨོན་འདུན་ཞུ་བ་དང་རང་སྡེ་བའི་རྒན་དར་གཞོན་གསུམ་ཡོངས་ལ་ནད་མེད་ཚེ་རིང་ལོ་བརྒྱའི་བཀྲ་ཤིས་སྨོན་འདུན་དུ་ཐེངས་འདིའི་བཀྲ་ཤིས་གསེར་ཟམ་ལེ་ཚན་དེར་བཀོད་སྒྲིག་བྱས་ཡོད་པའི་དྲི་མེད་ཀྱི་ཁ་བཏགས་དཀར་པོ་ཞིག་གི་ཚུབ་དུ་ཕུལ་བ་ཡིན།
སངས་ལོ།    2018-03-28 18:37:19
འཆད་ཁྲིད་མུན་སེལ་སྒྲོན་མེའི་ལེ་ཚན་དེ་གཟུགས་ལྡན་ལེ་ཚན་ནང་གཏོང་བར་ཞུ།བཀའ་དྲིན་ཆེ།(ཟུར་ལྟའི་སྐད་འཇོག་ཡིན།བཀྲ་ཤིས་གསེར་ཟམ་ལེ་ཚན་དང་འབྲེལ་བ་མེད།
ཆོས་འབྱོར    2018-03-27 17:54:38
སྐད་བསྐུར་ན་ཆོག་ནི་རེད།
སེང་གེ་སྐྱབས    2018-03-27 13:12:18
ཕ་སྐད་གཙང་མའི་དབྱངས་སྙན་གྱི་ཁྲོད་ན་མི་རིགས་ཀྱི་བླ་སྲོག་སྟེ།སྐད་དང་ཡི་གེའི་ལུས་ལ་བརྩོན་བཞིན་པའི་ཨ་མདོ་བརྙན་འཕྲིན་ཁང་གི་མདོ་འཛིན་པ་ཡོངས་ལ་ཁམས་བདེ་ཞུ།
ངའི་མིང་ལ་སེང་གེ་སྐྱབས་ཟེར།ཕ་ཡུལ་རྨ་ལྷོ་སོག་རྫོང་ཨ་རྨོག་སྡེ་བའི་ཡིན།ངས་ཐེངས་འདིའི་བཀྲ་ཤིས་གསེར་ཟམ་ལེ་ཚན་བརྒྱུད་ནས་བདག་ལ་སྙིང་ནས་བརྩེ་བའི་དྲིན་ཆེན་ཕ་མ་གཉིས་གཙོ་བྱས་པའི་ཕུ་ནུ་མིང་སྲིང་དང་ཁྱིམ་མི་ཡོངས་ཀྱི་ལུས་ལ་ནད་ཚ་མེད་ཀྱང་ཅི་བསམ་ལྷུན་གྱིས་འགྲུབ་པའི་བཀྲ་ཤིས་སྨོན་འདུན་ཞུ་བ་དང་ཆབས་ཅིག་རང་སྡེ་བའི་རྒན་དར་གཞོན་གསུམ་དང་ཤ་ཉེ་འབྲེལ་ཚང་མའི་བྱ་བ་ལམ་འགྲོ་ཡོང་བ་དང་ཚེ་རིང་ནད་མེད་ལོ་བརྒྱའི་སྨོན་འདུན་ཞུ།
གཞན་བདག་གི་གྲོགས་པོ་སྒྲོན་མ་སྐྱབས་ཀྱི་ལུས་ལ་ནད་ཚ་མེད་པ་དང་བློ་རིག་གློག་ལས་མྱུར་ཞིང་རིག་པ་མཁའ་ལས་ཡངས་པའི་བཀྲ་ཤིས་སྟོང་གི་ཁ་གཡང་འབོད་པ་དང་ཆབས་ཅིག་སོགརྫོང་མི་རིགས་སློབ་འབྲིང་དང་པོ་ན་སློབ་གཉེར་བྱེད་བཞིན་པའི་ཕ་སྤུན་ནུ་བོ་སྨན་ལ་སྐྱབསདང་ྱི་སློབ་སྦྱོང་ཡར་ངོའི་ཟླ་ལྟར་འཕེལ་པ་དང་སྦྱངས་འབྲས་ཡར་ནས་ཡར་དུ་འགྲོ་པའི་ཁ་གཡང་གཙང་མའི་སྨོན་འདུན་ཞུ།
དེ་མིན་ད་དུང་རང་དང་ཁ་འདྲེས་ཞེ་འདྲེས།བླུ་ཕུག་གཏོད་སའི་གྲོགས་མོ་ཚེ་རིང་སྐྱིད་དང་པདྨ་སྐྱིད།བྱམས་སྐྱིད་སྒྲོལ་མ་བཅས་སྙིང་གྲོགས་སྐོར་ཞིག་གི་ཁ་ལས་རླུང་རྟ་མེ་ལྟར་འབར་ཞིང་ཅི་འདོད་བསམ་དོན་ཆོས་བཞིན་འགྲུབ་པའི་དྲི་མེད་ཁ་བཏགས་ཞིག་གི་ཚབ་ཏུ་གླུ་གཞས་སྙན་མོ་ཞིག་ཕུལ་བ་ཡིན
ཨོ་རྒྱན    2018-03-27 09:51:10
ང་ནི་མགོ་ལོག་རྨ་སྟོད་རྫོང་གི་ཡིན་། ངའི་མིང་ལ་ཨོ་རྒྱན་ཟེར་། ངའི་ད་ཐེངས་བཀྲ་ཤིས་གསེར་ཟམ་ལེ་ཚན་འདི་བརྒྱུད་ནས་རང་གི་ཕ་མ་གཉིས་སྐུ་ཚེ་རིང་བ་དང་དེ་ཞོར་དུ་མཚོ་སྔོན་པོ་ནས་ཡིན་པའི་གཟའ་ཚང་མཚོ་མོ་བསམ་དོན་ཆོས་བཞིན་དུ་འགྲུབ་པའི་སྨོན་ལམ་འདེབས་། ཁྱར་པར་དུ་ཨ་མདོ་བརྙན་འཕྲིན་ཁང་གི་ལས་བཟོ་བ་རྣམས་གྱིས་བྱ་བ་ལམ་དུ་འགྲོ་བར་ཤོག། མཐར་བཀྲ་ཤིས་བདེ་ལེགས། ཐུགས་རྗེ་ཆེ།
བསོད་བྷ་།    2018-03-26 20:25:32
ཕ་ཡུལ མཚོ་ལྷོ་འབའ་རྫོང་ཞོལ་མ་གཡེར་སྐྱོང་ཟམ་པ་སྡེ་བའི་དངོས་མིང་ལ་བསོད་བྷའམ་དྲྭ་མིང་ལ་འབའ་མུན་གྲོལ་གྱིས།། རང་གི་དྲིན་ཆེན་ཕ་མ་གཉིས་གཙོ་བྱས་ནས་ གནས་ཡུལ་ན་ཡོད་པའི་རང་གི་ཨ་ཅེ་མགོ་སྐྱིད་རྒྱལ་ཚང་གི་གཟའ་མི་ཚང་མའི་བསམ་དོན་ཡིད་བཞིན་འགྲུབ་པ་དང།། མགོ་ལོག་གངས་ལྗོངས་དར་རྒྱས་ཀུན་ཕན་སྨན་རྩིས་སློབ་གླིང་ན་སློབ་གཉེར་གྱི་ལས་ལ་བརྩོན་པའི་ནུ་མོ་ལྕགས་མོ་རྒྱལ་གྱི་བྱ་བཞག་ཡར་ངོས་ཟླ་ལྟར་འཕེལ་བའི་བཀྲ་ཤིས་སྨོན་འདུན་དང་ཁྱབ་ཅིག།། རང་གཡང་ཁྱིམ་ཚང་གི་དབུས་འགྲོ་བ་རྣམས་གྱི་ཁ་ལས་རླུང་རྟ་དར་བའི་བཀྲ་ཤིས་ཁ་གཡང་ཞིག་གི་ཚབ་དུ་ཕུལ་བ་འོ།།
རྣམ་ཤེས་གཅེར་བུ།    2018-03-26 00:43:18
བཀྲ་ཤིས་གསེར་ཟམ་གྱི་མདོ་འཛིན་པ་ཁྱེད་རྣམས་བདེ་མོ། ངའི་མིང་ལ་བློ་བཟང་རྒྱ་མཚོ་ཟེར་ཞིང་། རྣམ་ཤེས་གཅེར་བུ་ཞེས་ཀྱང་འབོད། བདག་ནི་ཕ་ཡུལ་མང་རྫོང་གསེར་གཞུང་རིང་མོ་ནས་འཚར་ལོངས་བྱུང་བའི་གྲྭ་རྐྱང་སྐྱེས་མ་ཞིག་སྟེ། ཕྲན་གྱིས་བཀྲ་ཤིས་གསེར་ཟམ་གྱི་ལེ་ཚན་འདི་བརྒྱུད་ནས་ཨ་མདོའི་བརྙན་འཕྲིན་ཁང་གི་ལས་བྱེད་མི་སྣ་ཡོངས་ལ་ཁམས་བདེ་དང་འཚམ་འདྲི་ཞུ། བདག་གིས་བཀའ་དྲིན་གཞལ་ཐབས་བྲལ་བའི་དྲིན་ཆེན་གྱིས་ཕ་མ་གཉིས་དང་རྩེ་གཞུང་བརྒྱུད་ལྡན་སྨན་རྩིས་སློབ་གླིང་གི་སློབ་དཔོན་ཆེན་མོ་༧འཇིགས་མེད་བརྩོན་འགྲུས་འམ་འཚོ་བྱེད་གཞན་ཕན་མཆོག་གཙོ་བྱས་པའི་ལས་་བཟོ་བ་རྣམས་ཀྱི་བྱ་གཞག་ཐམས་ཅད་ཅི་བསམ་བཞིན་འགྲུབ་པའི་བཀྲ་་ཤིས་སྨོན་འདུན་ཞུ། དེ་མིན་ད་ལོའི་མཐར་ཕྱིན་སྟེ༡༥ལོའི་བཻདཱུརྱ་བོད་སྨན་འཛིིན་གྲྭའི་་སློབ་གྲོགས་སེར་སྐྱ་ཡོངས་ཀྱི་རྒྱུགས་འབྲས་ཡག་པོ་ཞིག་ལོན་པའི་སྨོན་འདུན་དུཁྱེད་བཀྲ་ཤིས་གསེར་ཟམ་ལེན་ཚན་གྱིས་གླུ་གཞས་གང་རུང་ཞིག་བཀོད་སྒྲིག་གནང་བར་བཀའ་དྲིན་སྙིང་ནས་ཞུ།
སངས་ལོ།    2018-03-25 22:05:52
ང་ནི་ཕ་ཡུལ་ཀན་ལྷོ་ཁུལ་བསང་ཆུ་རྫོང་འབོ་ར་མདོ་ནས་ཡིན་ཞིང་།མིང་ལ་སངས་ལོ་ཟེར།ཐོག་མར་ངས་བཟའ་མི་ཡོངས་ཀྱི་ལུས་ལ་ན་ཚ་མེད་ཅིང་བསམ་དོན་ལྷུན་གྱིས་འགྲུབ་པའི་བཀྲ་ཤིས་སྨོན་འདུན་ཞུ་བ་དང་ཆབས་ཅིག ད་ལོའི་མཐོ་རྒྱུགས་ལ་ཞུགས་བཞིན་པའི་ཕ་ཡུལ་རྒན་གྱའི་སྒྲོལ་མ་སྐྱིད།མཁའ་འགྲོ་འཚོ།ཕ་ཡུལ་བླ་བྲང་གི་འཇིགས་བྱེད་འཚོ།རིག་འཛིན་སྐྱིད།བད་མ་འཚོ་སོགས་ཀྱི་རྒྱུགས་འབྲས་གཡུར་དུ་ཟ་བ་ཞིག་ཡོང་ཆེད་གླུ་གཞས་སྙན་མོའི་ལེགས་སྐྱེས་སུ་ཕུལ་བ་ཡིན།
འབྲུག་ལྷ་འབུམ།    2018-03-25 21:54:47
ཨ་མདོ་བརྙན་འཕྲིན་ཁང་གི་མདོ་འཛིན་པ་ལྷན་རྒྱས་གཙོར་མཛད་ནས་བོད་མདོ་དབུས་ཁམས་གསུམ་གྱི་བོད་མི་ཡོངས་ལ་འཚམ་འདྲིའི་བཀྲ་ཤིས་བདེ་ལེགས་ཞུས་པ་ཡིན། ང་ནི་ཕ་ཡུལ་མཚོ་ལྷོ་རོང་བོ་བློན་ཆོས་ནས་ཡིན་ཞིང་།ཐེངས་འདིར་བཀྲ་ཤིས་གསེར་ཟམ་གྱི་ལེ་ཚན་འདི་བརྒྱུད་ནས་ཕ་ཡུལ་སྨུག་པོ་ན་བཞུགས་པའི་དྲིན་ཆེན་ཕ་མ་གཉིས་དང་། གནས་ལ་འགྲིམ་པའི་ཨ་ཅེ་སྙིང་མོ་རྒྱལ། ད་དུང་ཁྲི་ཀ་གསེར་མོ་ལྗོགས་ན་སློབ་གཉེར་བྱེད་བཞིན་པའི་སྲིང་མོ་མཚོ་མོ་ཡག་སོགས་གཙོས་ཕུ་ནུ་ཉེ་འབྲེལ་ཡོངས་ཀྱི་སྐུ་བསོད་རླུང་རྟ་དར་ཞིང་ཁ་རྗེ་དབང་ཐང་དར་བར་སྨོན་མདུན་ཞུ་བ་དང་ཆབས་གཅིག་ཏུ། ཕ་ཡུལ་ཀན་ལྷོ་ཧོར་གཙང་ནས་ཡིན་ཞིང་།ད་ལྟ་ཨུ་རུ་སུ་ན་སློབ་གཉེར་མཛད་ཀྱིན་པའི་གྲོགས་མོ་ཚེ་རིང་སྒྲོལ་མའི་ཕུགས་བསམ་གྱི་ལམ་ཁ་ཡངས་བའི་སྨོན་མདུན་བླ་ལྷག་གིས་ཞུའོ།།
ཟབ་གསང་།    2018-03-25 21:01:43
ང་ནི་མགོ་ལོག་ཁུལ་དགའ་བདེ་རྫོང་ཁྱི་འབྲི་ཡུལ་ཚོ་གི་ཡིན། ངའི་མིང་ལ་གྲྭ་ཟབ་གསང་ཟེར། ངའི་ད་ཐེངས་བཀྲ་ཤིས་གསེར་ཟམ་ལེ་ཚན་བརྒྱུད་ནས་རང་གི་ཕ་མ་གཉིས་གཙོ་བྱས་ནས་ཁྱིམ་མི་ཡོང་ལ་འཚམས་འབྲི་བྱེད་བཞིན་ཡོད།
རྒྱང་རང་ན་སློབ་གྲྭ་འགྲུམ་པའི་ཕུ་བོ་མགར་ཡོན་ཏན་སྙིང་པོ་འམ་་་་མགར་སྤྲུལ་བརྟན་འགྲུབ་སྐྱབས་ལ་སློབ་སྤྱོང་གི་ལམ་བུ་སྔརལས་ཡང་བར་སྨོན།
ཏེ་མུན་ད་དུང་རང་གི་ཉེ་རང་ཡོང་ལ་འཚམས་འདྲི་བྱེད་གིན་ཡོད། ནད་མེད་ཚེ་རིང་ལོ་བརྒྱ་ཐོབ་པར་སྨོན།།
བསྟན་འཛིན་དགེ་ལེགས།    2018-03-25 20:42:52
ཚང་མ་བདེ་མོ་ཡིན་པའི་སྨོན་འདུན་མཆོད།
ཡིད་ལྷུང་རྣོ་མདའ།    2018-03-25 20:30:44
ཕ་སྐད་དང་ཕ་ཡིག་ཆ་ལུགས་སོགས་གཞན་དུ་འགྱུར་བཞིན་པའི་དུས་སྐབས་འདི་ནས་རང་མི་རིགས་ཀྱི་སྐད་དང་ཡིག་གེ་ལ་ཕྱོགས་གང་ཐད་ནས་ཧུར་བཙོན་བྱེད་མཁན་གྱི་ཨ་མདོ་བརྙན་འཕྲིན་ཁང་གི་ལས་བཟོ་བ་ཡོངས་ལ་འཚམ་འདྲི་བཀྲ་ཤིས་བདེ་ལེགས་ཞུ། ང་ནི་ཕ་ཡུལ་སྡེ་དགེ་ཡིད་ལྷུང་ཁྲོ་ཐུང་སྡེ་བ་ནས་ཡིན་ཞིང་མིང་ལ་ཡིད་ལྷུང་རྣོ་མདའ་ཟེར། ངས་ཐེངས་འདིས་བཀྲ་ཤིས་གསེར་ཟམ་གྱི་ལེ་ཚན་འདི་བརྒྱུད་ནས་བདག་གི་སྙིང་ལ་ཟབ་པའི་ཕ་མ་གཉིས་དང་ཕུ་ནུ་མིང་སྲིང་ཤར་ཉེ་འབྲེལ་ཡོངས་ལ་ལུས་ལ་ན་ཚ་མེད་ཅིང་ཅི་བསམ་ལྷུན་གྱིས་འགྲུབ་པའི་བཀྲ་ཤིས་སྨོན་འདུན་ཞུ་བ་དང་སྦྲགས། གླིང་རྗེ་གེ་སར་རྒྱལ་བོའི་ཁུ་བོ་ཨ་ཁུ་ཁྲོ་ཐུང་གི་ཕ་ས་ཁྲོ་ཐུང་སྡེ་བའི་འབངས་མི་ཡོངས་ཀྱིས་ལོ་རེ་རེ་བཞིན་ཕ་སྐད་དང་ཕ་ཡིག་གི་བྱེད་སྒོ་ལ་འཇུག་བཞིན་ཡོད་པས་ཁོང་ཚོས་བསམ་དོན་མཐའ་རུ་ཕྱིན་པ་དང་ཕ་སྐད་གཙང་མས་བྱེད་སྒོ་ལོ་རེ་བཞིན་ཡར་རྗེས་ཡ་དར་ཡོང་བའི་སྨོན་འདུན་གྲངས་མེད་ཞུ་། མ་ཟད་བོད་མི་རིགས་ཡོངས་ཀྱིས་ཕ་སྐད་དང་ཕ་ཡིག་སྔར་ལས་ཡར་རྗེས་ཡར་དར་ཡོང་བའི་སྨོན་འདུན་གྲངས་མེད་ཞུ།
རྡོ་རྗེ།    2018-03-25 14:20:58
བཀྲ་ཤིས་གསེར་ཟམ་ལེ་ཚན་གྱི་མདོ་འཛིན་པ་བདེ་མོ། ང་ནི་ཕ་ཡུལ་གཅན་ཚ་རྫོང་ཚོ་དྲུག་སྔོ་སྐྱ་སྡེ་བའི་ཡིན་ལ། ལེ་ཚན་འདི་བརྒྱུད་ནས་དྲིན་ཆེན་ཕ་མ་གཙོ་བྱས་ནས་ཤ་ཉེ་འབྲེལ་དང་། རང་སྡེ་བའི་རྒན་པ་རྣམས་ཚེ་ཐག་རིང་ཞིང་གཞོན་པ་རྣམས་འདབ་ལག་རྒྱས་པའི་སྨོན་འདུན་གྱི་ཆེད་དུ་གསང་སྐལ་བྷེ་ཡིས་རང་སྡེ་ཕུ་ནུ་ཞེས་པའི་རྡུང་ལེན་འདི་ཕུལ་བ་ཡིན།
དྲྭ་ཚིགས་བདག་པོ    2018-03-25 13:12:15
ཕ་སྐད་གཙང་མའི་དབྱངས་སྙན་གྱི་ཁྲོད་ན་མི་རིགས་ཀྱི་བླ་སྲོག་སྟེ།སྐད་དང་ཡི་གེའི་ལུས་ལ་བརྩོན་བཞིན་པའི་ཨ་མདོ་བརྙན་འཕྲིན་ཁང་གི་མདོ་འཛིན་པ་ཡོངས་ལ་ཁམས་བདེ་ཞུ།
ངའི་མིང་ལ་དྲྭ་ཚིགས་བདག་པོ་ཟེར་ཞིང་།ཕ་ཡུལ་རྩེ་ཁོག་རྫོང་དམེ་ཤུལ་གྲོང་རྡལ་ནས་ཡིན་ལ།ངའི་ཐེངས་འདིའི་བཀྲ་ཤིས་གསེར་ཟམ་ལེ་ཚན་རྒྱུད་ནས་རང་གི་དྲིན་ཆེན་ཕ་མ་གཉིས་གཙོ་བྱས་ནས་ཤ་ཉེ་འབྲེལ་ཡོངས་དང་རང་སྡེ་བའི་རྒན་དར་གཞོན་གསུམ་རྣམས་ལ་ནད་མེད་ཚེ་རིང་ཡོང་བའི་བཀྲ་ཤིས་སྨོན་འདུན་ཞུ།དེ་དང་ཆབས་གཅིག་དུ་འཛམ་གླིང་གི་ས་ཕྱོགས་སོ་སོར་ན་ཡོད་པའི་བོད་མི་ཡོངས་ལ་ནད་མེད་ཚེ་རིང་བདེ་སྐྱིད་ཕུན་སུམ་ཚོགས་པ་དང་།ད་མིན་ངེད་མི་རབས་གསར་བ་ཚང་གི་གྲོག་དཀོན་མཆོག་དང་།ཐང་བྷེ། ས་འཛིན་སྲུང་བཅས་ཀྱི་བསམ་དོན་ཐམས་ཅད་ཡིད་བཞིན་ལྷུན་གྱིས་འགྲུབ་པས་བཀྲ་ཤིས་སྨོན་འདུན་ཞུ་ཞུ།
ལྷ་མོ    2018-03-24 20:14:53
བྱམས་བརྩེ་ཡི་ཁེངས་བའི་དྲིན་ཕ་་མ་གཉིས་ལ་ཕུལ།
གདུགས་དཀར་ཚེ་རིང    2018-03-24 20:11:51
བཀྲ་ཤིས་གསེར་ཟམ་ལེ་ཚན་་གི་ཨ་མདོའི་བརྙན་འཕྲིན་ཁང་གི་ལས་བཟོ་བ་ཡོངས་ལ་ཁམས་བདེ་ཞུ། ངའི་མིང་ལ་གདུགས་དཀར་ཚེ་རིང་ཟེར་ཞིང་།ཕ་ཡུལ་ཀན་ལྷོ་ཁུལ་ཀླུ་ཆུ་རྫོང་ཟམ་ཚ་ཡུལ་ཚོ་་་རྡོ་གཟུགས་མདོའི་ཡིན་ལ་།ངས་དེ་རིང་བཀྲ་ཤིས་གསེར་ཟམ་ཞེས་བའི་ལེ་ཚན་འདི་རྒྱུད་ནས་་བཀའ་དྲིན་ཅན་གྱི་དྲིན་ཆེན་གྱིས་ཕ་མ་གཉིས་གཙོ་བྱེད་ནས་་་ངའི་ཕུ་ནུ་བདུན་ཀྱི་ཁ་ལས་རླུང་རྟ་དར་བ། ཚེ་རིང་ལོ་བརྒྱ་ཡོངས་བ་དང་་་ཤ་ཉེ་འབྲེལ་ཡོངས་ལ་ལུས་ལ་ནེད་ཚ་མེད་ཅིང་།ཕྱུག་ལ་གོད་ཁ་མེད་པའི་བཀྲ་ཤིས་སྨོན་འདུན་ཞུ་བདང་རང་བདེ་བའི་རྒན་དར་གཞོན་གསུམ་ཡོངས་ལ་ནད་མེད་ཚེ་རིང་ལོ་བརྒྱའི་བཀྲ་ཤིས་སྨོན་འདུན་དུ་ཐེངས་འདིའི་བཀྲ་ཤིས་གསེར་ཟམ་ལེ་ཚན་དེར་བཀོད་སྒྲིག་བྱད་ཡོད་པའི་དྲི་མེད་ཀྱི་ཁ་བཏགས་དཀར་པོ་ཞིག་གི་ཚུབ་དུ་ཕུལ་བ་ཡིན །།
ཀླུ་ཐར་རྒྱལ    2018-03-24 11:08:34
ཕ་སྐད་གཙང་མའི་དབྱངས་སྙན་གྱི་ཁྲོད་ན་མི་རིགས་ཀྱི་བླ་སྲོག་སྟེ།སྐད་དང་ཡི་གེའི་ལུས་ལ་བརྩོན་བཞིན་པའི་ཨ་མདོ་བརྙན་འཕྲིན་ཁང་གི་མདོ་འཛིན་པ་ཡོངས་ལ་ཁམས་བདེ་ཞུ།
ངའི་མིང་ལ་ཀླུ་ཐར་རྒྱལ་ཟེར།ཕ་ཡུལ་རྩེ་ཁོག་རྫོང་དམེ་ཤུལ་གྲོང་རྡལ་ནས་ཡིན་ལ།ངས་ཐེངས་འདིའི་བཀྲ་ཤིས་གསེར་ཟམ་ལེ་ཚན་བརྒྱུད་ནས་བདག་ལ་སྙིང་ནས་བརྩེ་བའི་དྲིན་ཆེན་ཕ་མ་གཉིས་གཙོ་བྱས་པའི་རང་སྡེ་བའི་རྒན་དར་གཞོན་གསུམ་དང་ཤ་ཉེ་འབྲེལ་ཚང་མའི་བྱ་བ་ལམ་འགྲོ་ཡོང་བ་དང་ཚེ་རིང་ནད་མེད་ལོ་བརྒྱའི་སྨོན་འདུན་ཞུ་བ་དང་།
ད་དུང་རྩེ་ཁོག་རྫོང་མི་རིགས་སློབ་འབྲིང་དང་པོ་ན་སློབ་གཉེར་བྱེད་བཞིན་པའི་སྤུན་རྡོ་རྗེ་འབུམ་དང་ནུ་མོ་རྡོ་རྗེ་འཚོ།དེ་མིན་ད་ལོ་མཐོ་འབྲིང་མཐར་ཕྱིན་པའི་ནུ་བོ་རྡོ་རྗེ་དབང་ཕྱུག་དང་རང་ས་གནས་ན་སློབ་གཉེར་བྱེད་བཞིན་པའི་ནུ་བོ་ཆུང་བ་རྡོ་རྗེ་ཚེ་བརྟན་སོགས་ཀྱི་སློབ་སྦྱོང་གི་བྱ་བ་ཡར་ངོའི་ཟླ་ལྟར་འཕེལ་བའི་བཀྲ་ཤིས་སྨོན་འདུན་ཞིག་གི་ཚབ་དུ་གླུ་གཞས་སྙན་མོ་འདི་ཕུལ་བ་ཡིན།
འོད་ཟེར།    2018-03-23 15:56:24
བཀྲ་ཤིས་གསེར་ཟམ་ལེ་ཚན་གྱི་ལས་བཟོ་བ་ཡོངས་ལ་ཁམས་བདེ་ཞུ།
ངའི་མིང་ལ་འོད་ཟེར་ཟེར།ཕ་ཡུལ་མགོ་ལོག་དགའ་བདེ་ནས་ཡིན། ངས་དེ་རིང་བཀྲ་ཤིས་གསེར་ཟམ་ཞེས་པའི་ལེ་ཚན་འདི་རྒྱུད་ནས་བདག་གི་དྲིན་ཆེན་གྱི་ཕ་ཕྱི་དང་ཨ་ཞང་གཉིས་གྱི་ཁ་ལས་རླུང་རྟ་དར་བ་དང་ ཚེ་རིང་ལོ་བརྒྱ་ཡོངས་པ་གཙོ་བྱས་ནས་ནམ་རྒྱུན་ང་ལ་ཐུགས་ཁུར་གནང་དང་གནང་བཞིན་པའི་གཉེན་ཉེ་རྣམས་ཀྱི་ལུས་ལ་ནད་ཚ་མེད་ཅིང་།ཕྱུག་ལ་གོད་ཁ་མེད་པའི་བཀྲ་ཤིས་སྨོན་འདུན་ཞུ་བ་དང་ཁ་བ་ལྗོངས་གྱི་རྒན་དར་གཞོན་གསུམ་ཡོངས་ལ་ནད་མེད་ཚེ་རིང་ལོ་བརྒྱའི་བཀྲ་ཤིས་སྨོན་འདུན་དུ་ཐེངས་འདིའི་བཀྲ་ཤིས་གསེར་ཟམ་གྱི་ལེ་ཚན་དའདིར་བཀོད་སྒྲིག་བྱས་ཡོད་པའི་དྲི་མེད་ཀྱི་ཁ་བཏགས་དཀར་པོ་ཞིག་གི་ཚུབ་དུ་ཕུལ་བ་ཡིན།
གནང་དབང་ལྷ་མོ།    2018-03-23 14:57:28
ངའི་མིང་ལ་གནང་དབང་ལྷ་མོ་ཟེར་ཞིང་ཕ་ཡུལ་མགོ་ལོག་ཁུལ་རྨ་སྟོན་རྫོང་ནག་ཆུ་ཡུལ་ཚོ་ཡིན།ད་ལྟ་ཧྲན་ཤིས་ཞིང་ཆེན་ཧན་གྲོང་གྲོང་ཁྱེར་ན་སློབ་གཉེར་བྱེད་བཞིན་ཡོད།
ངའི་ཕ་ཡུལ་ན་ཡོད་པའི་དྲིན་ཆེན་ཕ་མ་གཙོ་བྱས་ཏེ་ཨ་ཕྱི་དང་ཤ་ཉེ་འབྲེལ་ཡོངས་ལ་ནད་མེད་ཚེ་རིང་བྱ་བ་ཐམས་ཅད་ཡིད་བཞིན་འགྲུབ་པར་བཀྲ་ཤིས་སྨོན་འདུན་ཞུ།དེ་དང་ཆབས་ཅིག་དུ་མགོ་ལོག་ཁུལ་རྨ་སྟོད་རྫོང་མི་རིག་བཅའ་སྡོད་སློབ་འབྲིང་ན་སློབ་གཉེར་བྱེད་བཞིན་པའི་ནུ་བོ་ཟླ་བ་ཚེ་རིང་དང་ལོ་ཡང་གྲོང་ཁྱེར་ན་སློབ་གཉེར་བྱེད་བཞིན་པའི་ཕུ་བོ་བསམ་པའི་དོན་འགྲུབ་གཉིས་སློབ་སྦྱོང་ཡར་ངོས་ཟླ་ལྟར་འཕེལ་ཞིང་རིག་གནས་མཚོ་མོ་རྒྱས་པའི་བཀྲ་ཤིས་སྨོན་འདུན་ཞུ།
དེ་མིན་ད་རུང་མགོ་ལོག་ཁུལ་མི་རིག་མཐོ་རིམ་སློབ་འབྲིང་ན་ཤེས་རིག་གི་གནས་ལ་བརྩོན་ནས་གཤོག་ཟུང་བསྐྱངས་ནས་འཕུར་རན་པའི་ནུ་བོ་རྒྱལ་མཚན་ཉི་མ་གཙོ་བྱས་ཏེ་མཐོ་རྒྱུགས་སྤྲད་མཁན་ཡོངས་ལ་རྒྱུགས་འབྲས་གཡུར་དུ་ཟ་བ་ལོན་པར་བཀྲ་ཤིས་སྨོན་འདུན་ཞུ།མཐར་བཀྲ་ཤིས་གཟེར་ཟམ་ལེ་མཚན་མདོ་འཛིན་པ་དང་རྩོམ་སྒྲིག་པ་ཡོངས་ལ་ནད་མེད་ཚེ་རིང་བཀྲ་ཤིས་ཏག་དུ་བདེ་བའི་སྨོན་འདུན་ཞུ།
སྐལ་བཟང་བཀྲ་ཤིས།    2018-03-23 10:12:27
ཕ་སྐད་གཙང་མའི་དབྱངས་ཀྱི་འགྱུར་ཁུག་ཁྲོད་ན་མི་རིགས་ཀྱི་ཤ་དང་རུས་པ་་འབད་བཞིན་པའི་ཨ་མདོ་བརྙན་འཕྲིན་ཁང་གི་ལས་བཟོ་བ་ཡོངས་ལ་ཁམས་བདེ་ཞུ།
ངའི་མིང་ལ་སྐལ་བཟང་བཀྲ་ཤིས་སམ་སྐལ་དགའ་ཟེར་ཞིང་ཕ་ཡུལ་བསང་ཆུ་རྫོང་ཨ་མཆོག་གྲོང་བརྡལ་ཡ་རུ་ཞང་དཔའ་སྣང་རུ་ཁག་ལྔ་བ་ནས་ཡིན་ལ།ངེད་ཐེངས་འདིའི་བཀྲ་ཤིས་གསེར་ཟམ་ལེ་ཚན་རྒྱུད་ནས་དྲིན་ཆེན་ཕ་མའི་སྐུ་ཚེ་བརྟན་ཞིང་ཤ་ཚ་གཉེན་ཉེའི་ཚེ་ཐག་རིང་བའི་བཀྲ་ཤིས་སྨོན་འདུན་ཞུ་བ་དང་ཆབས་ཅིག་སྟོད་ཉི་མ་ལྷ་ས་ན་ཚོང་གཉེར་བྱས་བཞིན་པའི་ཨ་ཁུ་འཇིགས་མེད་དང་གདུགས་དཀར་ཚེ་རིང་གཉིས་ཀྱིས་ཚོང་ལས་དར་ཞིང་བསམ་དོན་འགྲུབ་པའི་བཀྲ་ཤིས་ཤོག
སྐད་འཇོག་པ།
མིང་། *
ཡིག་ཟམ། *
ཁ་པར།
ནང་དོན།(*):
 
མཛའ་འབྲེལ་ཨ་ལུང་།
བོད་ཀྱི་སྐད་ཡིགཐེམ་ཆེན་གསར་འགྱུར་དྲ་བ།ཀྲུང་གོ་བོད་ཀྱི་དྲ་བ།གུང་ཁྲན་ཏང་གི་དྲ་བ།མཆོད་མེ་དྲ་བ།རེབ་གོང་རིག་གནས།
བོད་ཀྱི་རིག་མཛོད།བོད་ཀྱི་སློབ་འབྲིང་།སྣོད་བཅུད་སྲུང་སྐྱོབ།གཅན་ཚ་མི་རིགས་སློབ་འབྲིང་།བོད་ཀྱི་སློབ་གསོ།དགེ་ཆོས་དྲ་བ།
མཚོ་སྔོན་བོད་རིགས་དྲ་བ།ཁམས་པའི་དྲ་བ།རེབ་གོང་བོན་མང་དྲ་བ།ཧི་མ་ལ་ཡའི་བོན།བོད་ཡིག་མཉེན་ཆས་གླིང་། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་།
ཀྲུང་གོའི་བོད་སྐད་རླུང་འཕྲིན་དྲ་བ།བཙན་པོའི་མགར་གྱི་དྲ་བ།གཞོན་གསར་དྲ་བ།