ད་སྔ་གཟིགས་བཞིན་པ། > གཙོ་ངོས། > སྐད་འཇོག་པ།
་མགོན་པོ་ལྷུན་འགྲུབ་.    2018-03-04 14:44:33
ཕ་སྐད་གསེར་གྱི་རྒྱུན་ཐག་ལ་བརྒྱུས་ནས་བོད་ཁམས་ལ་དབྱངས་ཀྱི་འགྲོས་དང་བསྟུན་ནས་བསྒྲོགས་བཞིན་པའི་ཨ་མདོ་བརྙན་འཕྲིན་ཁང་གི་མདོ་འཛིན་པ་ཡོངས་ལ་ཁམས་བདེ་ཞུ། ངའི་ཕ་ཡུལ་ནི་ཀླུ་ཆུ་བརྫོང་ཡིན་མིང་ལ་མགོན་པོ་ལྷུན་་འགྲུབ་
་ཟེར།ཐེངས་འདིའི་བཀྲ་ཤིས་གསེར་སམ་གྱི་ལེ་ཚན་བརྒྱུད་ནས་ངའི་ཨ་ཁུ་པདྨ་དབང་ཆེན་གཙོ་བྱས་པའི་ང་རང་གི་གྲོགས་པོ་ཡང་གྱི་སྐུ་བསོད་རླུང་རྟ་དར་བའི་སྨོན་འདུན་སྙིང་ནས་ཞུ། མཐར་ངའི་ཤ་ཉེ་འབྲེལ་ཡོངས་ལ་ནད་མེད་ཚེ་རིང་ཡོང་བའི་བཀྲ་ཤིས་སྨོན་འདུན་ཞིག་གི་ཚུལ་དུ་དབྱངས་སྙན་པའི་གླུ་འདི་ཕུལ་བ་ཡིན། འབྲེལ་གཏུགས་ཨང་གྲངས།13893955594
ཕག་མོ་ཚེ་རང་།    2018-03-04 01:17:54
ངའི་མིང་ལ་ཕག་མོ་ཚེ་རང་ཟེར།ཕ་ཡུལ་མཚོ་ཤར་ས་ཁུལ་དཔའ་ལུང་རྫོང་སྟག་ཚང་ཤང་ལ་ཁ་སྡེ་བ་ནས་ཡིན།ངའི་ཐེངས་འདིའི་བཀྲ་ཤིས་གསེར་ཟམ་ལེ་ཚན་རྒྱུད་ནས་རང་གི་དྲིན་ཆེན་ཕ་མ་གཉིས་གཙོ་བྱས་ནས་ཤ་ཉེ་འབྲས་ཡོངས་དང་རང་སྡེ་བའི་རྒན་དར་གཞོན་གསུམ་རྣམས་ལ་ནད་མེད་ཚེ་རིང་ཡོང་བའི་བཀྲ་ཤིས་སྨོན་འདུན་ཞུ།དེ་དང་ཆབས་གཅིག་དུ་འཛམ་གླིང་གི་ས་ཕྱོགས་སོ་སོར་ན་ཡོད་པའི་བོད་མི་ཡོངས་ལ་ནད་མེད་ཚེ་རིང་བདེ་སྐྱིད་ཕུན་སུམ་ཚོགས་པ་དང་།བསམ་དོན་ཐམས་ཅད་ཡིད་བཞིན་ལྷུན་གྱིས་འགྲུབ་པས་བཀྲ་ཤིས་སྨོན་འདུན་ཞུ་ཞུ།
བློ་བཟང་དོན་འགྲུབ།    2018-03-02 15:48:50
ང་ནི་ཕ་ཡུལ་བསང་ཆུ་རྫོང་དམེ་ཤུལ་དམེ་རྒྱ་དགོན་པའི་གྲྭ་བ་ཞིག་ཡིན མིང་ལ་བློ་བཟང་དོན་འགྲུབ་ཟེར་ དུས་ལྟར་བོད་གངས་ཅན་ལ་རམ་འདེགས་རབ་དང་རིམ་པ་བྱེད་བཞིན་པའི་ཨ་མདོ་གློག་བརྙན་ཁང་གི་མདོ་འཛིན་པ་ཡོངས་ལ་ནད་མེད་ཚེ་རིང་ལོ་བརྒྱའི་ཁ་གཡང་དང་བཅས རང་གི་ཕ་ཡུལ་གཅིག་པའི་ཕུ་ནུ་སྤུན་མཆེད་ཡོངས་དང་དྲིན་ཆེན་མ་ལོའི་སྐུ་ཚེ་རི་རབ་བཞིན་བརྟན་པའི་བཀྲ་ཤིས་སྨོན་འདུན་ཞུ།
བློ་བཟང་དོན་འགྲུབ།    2018-03-02 15:44:59
ཨ་མདོ་བརྙན་འཕྲིན་ཁང་གི་ལས་བཟོ་བ་ཡོངས་ལ་ཁམས་བདེ་ཞུ། ང་ནི་ཕ་ཡུལ་བསང་ཆུ་རྫོང་དམེ་ཤུལ་ཡུལ་ཚོ་དམེ་རྒྱ་དགོན་པའི་གྲྭ་བ་ཞིག་ཡིན་ངས་འདི་ནས་རང་གི་ཕ་མ་གཉིས་དང་དེ་མིན་ཆོས་གྲོགས་ཡོངས་ཀྱི་ལུས་ལ་ནད་ཚ་མེད་ཅིང་བསམ་དོན་ལྷུན་གྱི་འགྲུབ་པའི་བཀྲ་ཤིས་སྨོན་འདུན་ཞུས་པ་ཡིན།
གཅོད་པ་རྒྱལ།    2018-02-28 20:37:52
ཕ་སྐད་གཙང་མའི་དབྱངས་ཀྱི་འགྱུར་ཁུག་ཁྲོད་ན་མི་རིགས་གྱི་ལས་དོན་ལ་འབད་བཞིན་པའི་ཨ་མདོ་བརྙན་འཕྲིན་ཁང་གི་ལས་བཟོ་བ་ཡོངས་ལ་ཁམས་བདེ་ཞུ།
ངའི་མིང་ལ་གཅོད་པ་རྒྱལ་ཟེར་ཞིང་།ཕ་ཡུལ་གཅན་ཚ་རྫོང་གཅན་ཚྭ་ཐང་ཀ་རྒྱ་སྡེ་བ་ཡིན་ལ།ངའི་ཐེངས་འདིའི་བཀྲ་ཤིས་གསེར་ཟམ་ལེ་ཚན་རྒྱུད་ནས་རང་གི་དྲིན་ཆེན་ཕ་མ་གཉིས་གཙོ་བྱས་ནས་ཤ་ཉེ་འབྲེལ་ཡོངས་དང་རང་སྡེ་བའི་རྒན་དར་གཞོན་གསུམ་རྣམས་ལ་ནད་མེད་ཚེ་རིང་ཡོང་བའི་བཀྲ་ཤིས་སྨོན་འདུན་ཞུ།དེ་མིན་ཡང་རུང་སྡེ་བ་ན་ཡོད་པའི་ཨ་ཅེ་དང་ནུ་མོ་གཉིས་ཀྱི་སྐུ་ལ་ནད་ཚ་དང་ལས་ལ་བར་ཆད་མེད་པའི་བཀྲ་ཤིས་སྨོན་འདུན་ཞུ་ཞུ།
སྒྲོལ་མ་དོན་འགྲུབ།    2018-02-26 22:47:18
བཀྲ་ཤིས་གསེར་ཟམ་ལེ་ཚན་གི་ཨ་མདོའི་བརྙན་འཕྲིན་ཁང་གི་ལས་བཟོ་བ་ཡོངས་ལ་ཁམས་བདེ་ཞུ།
ངའི་མིང་ལ་སྒྲོལ་མ་དོན་འགྲུབ་ཟེར་ཞིང་།ཕ་ཡུལ་གཅན་ཚ་རྫོང་ཚོ་དྲུག་སྔོ་སྐྱ་སྡེ་བའི་ཡིན། ངས་དེ་རིང་བཀྲ་ཤིས་གསེར་ཟམ་ཞེས་པའི་ལེ་ཚན་འདི་རྒྱུད་ནས་བཀའ་དྲིན་ཅན་གྱི་དྲིན་ཆེན་གྱི་ཕ་མ་གཉིས་གཙོ་བྱས་ནས་ཕུ་བོ་རིན་ཆེན་བཟའ་མི་གཉིས་ཁ་ལས་རླུང་རྟ་དར་བ། ཚེ་རིང་ལོ་བརྒྱ་ཡོངས་པ་དང་ཤ་ཉེ་འབྲེལ་ཡོངས་ལ་ལུས་ལ་ནད་ཚ་མེད་ཅིང་།ཕྱུག་ལ་གོད་ཁ་མེད་པའི་བཀྲ་ཤིས་སྨོན་འདུན་ུཞུ་བ་དང་རང་སྡེ་བའི་རྒན་དར་གཞོན་གསུམ་ཡོངས་ལ་ནད་མེད་ཚེ་རིང་ལོ་བརྒྱའི་བཀྲ་ཤིས་སྨོན་འདུན་དུ་ཐེངས་འདིའི་བཀྲ་ཤིས་གསེར་ཟམ་ལེ་ཚན་དེར་བཀོད་སྒྲིག་བྱས་ཡོད་པའི་དྲི་མེད་ཀྱི་ཁ་བཏགས་དཀར་པོ་ཞིག་གི་ཚུབ་དུ་ཕུལ་བ་ཡིན།
ཤེས་རབ་ཉི་མ།    2018-02-26 17:36:30
མདོ་འཛིན་པ་བདེ་མོ།ང་ནི་མཚོ་སྔོན་དགེ་ཐོན་སློབ་ཆེན་མི་གཞུང་སློབ་གླིང་ན་སློབ་གཉེརབྱེད་བཞིན་པའི་ཤེས་རབ་ཉི་མ་ཡིན།ཐེངས་འདིར་ངས་བཀྲ་ཤིས་གསེར་ཟམ་ལེ་ཚན་བརྒྱུད་ནས་ཕ་ཡུལ་རེབ་གོང་ཆུ་ཁོག་ཡུལ་ཚོ་བོན་བརྒྱ་སྡེ་བ་ན་ཡོད་པའི་དྲིན་ཆེན་ཕ་མ་གཉིས་ལ་ལོ་འདིར་ལུས་ལ་ནད་མེད་ཚེ་རིང་དང་བྱ་བ་ལམ་འགྲོ་ཡོངས་པའི་བཀྲ་ཤིས་སྨོན་འདུན་ཞུ། དེ་དང་ཆབས་གཅིག་དུ་ངེས་པ་དོན་གྱི་ལོ་རྒྱུས་སྨྲ་བ་དྲིན་ཆེན་དགེ་རྒན་གུར་མགོན་སྐྱབས་ལགས་ལ་གཟུགས་གཞི་བདེ་ཐང་དང་བྱ་བ་ལམ་འགྲོ་ཡོངས་པའི་སྨོ་འདུན་ཞུ་པ་་མ་ཟད་༡༦ལོ་རྒྱུས་འཛིན་གྲྭའི་སློབ་གྲོགས་ཡོངས་ཀྱི་སློབ་སྦྱོང་ཡར་ངོས་ཟླ་ལྟར་འཕེལ་བའི་བཀྲ་ཤིས་སྨོན་འདུན་ཞུ།མཇུག་མཐར་མི་རིགས་འདིའི་བླ་དང་སྲོག་མ་ཡལ་བའི་ཨ་མདོ་བརྙན་འཕྲིན་ཁང་གི་ལས་སྣ་བ་ཡོངས་ལ་བཀྲ་ཤིས་སྨོན་འདུན་ཞུ།
བདེ་ཆེན་    2018-02-23 12:30:14
ཕ་སྐད་གསེར་གྱི་རྒྱུན་ཐག་ལ་བརྒྱུས་ནས་བོད་ཁམས་ལ་དབྱངས་ཀྱི་འགྲོས་དང་བསྟུན་ནས་བསྒྲོགས་བཞིན་པའི་ཨ་མདོ་བརྙན་འཕྲིན་ཁང་གི་མདོ་འཛིན་པ་ཡོངས་ལ་ཁམས་བདེ་ཞུ། ངའི་ཕ་ཡུལ་ནི་འཛམ་ཐང་རྫོང་རྐ་མདའ་ཡུལ་རྩོ་ནས་ཡིན་ལ་ངས་མིང་ལ་བདེ་ཆེན་ཟེར།ཐེངས་འདིའི་བཀྲ་ཤིས་གསེར་སམ་གྱི་ལེ་ཚན་བརྒྱུད་ནས་ངའི་ཨ་ཁུ་པདྨ་དབང་ཆེན་གཙོ་བྱས་པའི་ང་རང་གི་གྲོགས་པོ་ཡང་གྱི་སྐུ་བསོད་རླུང་རྟ་དར་བའི་སྨོན་འདུན་སྙིང་ནས་ཞུ། མཐར་ངའི་ཤ་ཉེ་འབྲེལ་ཡོངས་ལ་ནད་མེད་ཚེ་རིང་ཡོང་བའི་བཀྲ་ཤིས་སྨོན་འདུན་ཞིག་གི་ཚུལ་དུ་དབྱངས་སྙན་པའི་གླུ་འདི་ཕུལ་བ་ཡིན། འབྲེལ་གཏུགས་ཨང་གྲངས། 18227701043
མགོན་པོ་དོན་འགྲུབ    2018-02-22 21:18:25
བཀྲ་ཤིས་བདེ་ལེགས
སྐལ་བཟང་ཚེ་རིང་།    2018-02-21 23:31:48
འུ་ཅག་གི་རུས་རྐང་དུ་ཟུག་པའི་ཕ་སྐད་གཙང་མ་ཡི་དབྱངས་གྱི་འགྱུར་ཁུག་ཁྲོད་ན་མི་རིགས་ཀྱི་བླ་སྲོག་དུ་གྱུར་བའི་སྐད་དང་ཡི་གེའི་ལ་བརྩོན་པའི་ཨ་འདོ་བརྙན་འཕྲིན་ཁང་གི་མདོ་འཛིན་པ་ཡོངས་ཉེ་ལམ་སྐུ་ཁམས་བཟང་། ང་ནི་རྨ་ལྷོ་ཁུལ་རྩེ་ཁོག་རྫོང་རྩེ་ཆུ་གྲོང་རྡལ་བྱ་དར་སྡེ་བ་ཡིན་ལ། ངའི་མིང་ལ་སྐལ་བཟང་ཚེ་རིང་ཟེར།ཐེངས་འདིའི་བཀྲ་ཤིས་གསེར་ཟམ་ལེ་ཚན་འདི་བརྒྱུད་ནས་རྩེ་གཞུང་བརྒྱུད་ལྡན་སྨན་རྩིས་ལག་རྩལ་ལས་རིགས་སློབ་གྲྭའི་སློབ་དཔོན་དམ་པ་གཙོ་བྱས་ནས་གཉིས་སྟོང་བཅུ་དྲུག་འཛིན་གྲྭའི་བོད་སྨན་འཛིན་གྲྭ་ལ་བྱ་བ་ལམ་འགྲོ་ཡོངས་བའི་བཀྲ་ཤིས་སྨོན་འདུན་དུ་ཞུ་བ་དང་ཆབས་ཅིག་དུ་བཀའ་དྲིན་ཅན་གྱི་དྲིན་ཆེན་གྱི་ཕ་མ་གཉིས་གཙོ་བྱས་ནས་ཤ་ཉེ་འབྲེལ་ཡོངས་ལ་ལུས་ལ་ནད་ཚ་མེད་ཅིང་།ཕྱུག་ལ་གོད་ཁ་མེད་པའི་བཀྲ་ཤིས་སྨོན་འདུན་ཞུ་བ་དང་རང་སྡེ་བའི་རྒན་དར་གཞོན་གསུམ་ཡོངས་ལ་ནད་མེད་ཚེ་རིང་ལོ་བརྒྱའི་བཀྲ་ཤིས་སྨོན་འདུན་དུ་ཐེངས་འདིའི་བཀྲ་ཤིས་གསེར་ཟམ་ལེ་ཚན་དེར་བཀོད་སྒྲིག་བྱས་ཡོད་པའི་དྲི་མེད་ཀྱི་ཁ་བཏགས་དཀར་པོ་ཞིག་གི་ཚུབ་དུ་ཕུལ་བ་ཡིན།
གཡུང་དྲུང་རྡོ་རྗེ།    2018-02-21 17:15:19
ང་ནི་རྩེ་ཁོག་རྫོང་ཉིན་ཤུག་ཞང་བྲག་དཀར་སྡེ་བའི་ཡིན་ལ། མིང་ལ་གཡུང་དྲུང་རྡོ་རྗེ་ཟེར། ངས་ཐོག་མར་
མཚོ་སྔོན་བརྙན་འཕྲིན་ཁང་གི་ལས་བྱེད་མི་སྣ་ཡོངས་ལ་ལོ་སར་གྱི་བཀྲ་ཤིས་བདེ་ལེགས་ཀྱི་སྨོན་འདུན་ཞུ་བ་
དང་ཆབས་ཅིག འདས་པའི་ལོ་ངོ་འདི་དག་གི་རིང་རང་ཉིད་ལ་སྐུ་དྲིན་ཧ་ཅང་ཆེ་བའི་སྤྲུལ་སྐུ་ལྷུན་འགྲུབ་རྡོ་
རྗེ་ཚང་དང་མཁན་རིན་པོ་ཆེ་འཇིགས་མེད་འགྲོ་ཕན་རྣམ་པ་གཉིས་ཀྱི་སྐུ་ཚེ་རྒྱལ་མཚན་བཞིན་བསྟན་པ་དང་། མཁན་རིན་པོ་ཆེ་དམ་ཆོས་ལགས་ཀྱི་སྐུ་ལུས་བདེ་ཐང་ཡོང་བའི་སྨོན་འདུན་གཙང་མ་སྙིང་ནས་ཞུ། ཞོར་དུ་བགྲང་བྱ་ཁ་ཤས་ཀྱི་རིང་ལ་སྐྱིད་སྡུག་མཉམ་མྱོང་་དང་ཁ་འདྲེས་ཞེ་འདྲེས་ཡིན་པའི་བློ་ཕུག་གཏོད་སའི་གྲོགས་
དམ་པ་དཔལ་ཆེན་རྡོ་རྗེ་དང་། པདྨ་དོན་གྲུབ་སོགས་གཙོ་བྱས་པའི་སྙིང་གྲོགས་སྐོར་ཞིག་གི་འབྱུང་འགྱུར་ལ་
མེ་ཏོག་བཞིན་བཞད་པའི་ཁ་གཡང་གཙང་མའི་སྨོན་འདུན་ཞུ།
降多吉    2018-02-21 16:40:07
ཕ་སྐད་གཙང་མའི་དབྱངས་ཀྱི་འགྱུར་ཁུག་ཁྲོད་ནས་ཉིན་མཚན་དབྱེར་མེད་ཏུ་ཤེས་བྱ་རིག་པའི་ཕྱོགས་ལ་ཕྱག་ལས་གནང་བཞིན་པའི་ཨ་མདོ་བརྙན་འཕྲིན་ལས་ཁུངས་གི་ལས་མི་ཡོངས་ལ་ཁམས་བདེ་ཞུ། ངའི་མིང་ལ་འཇམ་རྡོ་རྗེ་ཟེར་ཞིང་ཕ་ཡུལ་སྡེ་དགེ་རྫོང་ཨ་ཕྱུག་ཀྲེན་ཟོག་བ་ཡུལ་ཚོ་ནས་ཡིན་ད་ཐེངས་བཀྲ་ཤིས་གསེར་ཟམ་ལེ་ཚན་འདི་རྒྱུད་ནས་རང་གི་དྲིན་ཆེན་གྱི་མ་ཡུམ་དང་ལྷག་པར་ཨ་ཡུ་ཨ་མྱེ་གཉིས་གནམ་ལོ་གསར་པ་འདིས་ནང་ནད་མེད་ཚེ་རིང་ཡོང་བར་དང་་གསར་རྟ་བླ་རུང་ལྔ་རིགས་ནང་བསྟན་སློབས་གྲྭ་ནས་སློབ་གཉེར་བྱེད་བཞིན་པའི་ཨ་ཞང་ཀུན་བཟང་དབང་ལྡན་དང་ཕུ་བོ་ཕུར་པ་ཕྲིན་ལས་་དརུང་ཁམས་ཞེ་ཆེན་བྱམས་བརྩེ་དྭ་ཕྲུག་སློབ་གྲྭལ་ནས་སློབ་སྦྱོང་བྱེད་བཞིན་པའི་ནུ་བོ་སད་མི་ཁོང་གསུམ་གྱི་སློབ་སྦྱོང་ལ་བར་ཆད་མེད་ཞིང་གྲུབ་འབྲས་གཡུར་དུ་ཟ་བ་ཞིག་ལོན་པའི་བཀྲ་ཤིས་སྨོནའདུན་ཞུ།
གཟི་བརྗིད་མཚོ།    2018-02-20 12:42:51
ཨ་མདོ་བརྙན་འཕྲིན་ཁང་གི་མདོ་འཛིན་པ་ཡོངས་ཀྱི་ནད་མེད་ཚེ་བསོད་རྒྱས་པའི་སྨོན་འདུན་དང་ལྷན་དུ་ལོ་གསར་བའི་ནང་ནང་མི་སྤུན་ཟླ་ཚང་མ་བཀྲ་ཤིས་སྨོན་འདུན་ཞིག་གི་ཚུལ་དུ་གླུ་འདི་ཕུལ་བ་ལགས།
གཟི་བརྗིད་མཚོ།    2018-02-20 12:41:39
ཨ་མདོ་བརྙན་འཕྲིན་ཁང་གི་མདོ་འཛིན་པ་ཡོངས་ཀྱི་ནད་མེད་ཚེ་བསོད་རྒྱས་པའི་སྨོན་འདུན་དང་ལྷན་དུ་ལོ་གསར་བའི་ནང་ནང་མི་སྤུན་ཟླ་ཚང་མ་བཀྲ་ཤིས་སྨོན་འདུན་ཞིག་གི་ཚུལ་དུ་གླུ་འདི་ཕུལ་བ་ལགས།
སྐལ་བཟང་རྒྱ་མཚོ།    2018-02-20 01:08:53
བུད་མེད་སྤུན་གསུམ་ཟེར་བའི་གློག་བརྙན་དེ་དྲྭ་ཚིགས་སྟེང་འགོད་པར་ཞུ།
སྟག་སེང་ཁ་སྤྲོད།    2018-02-19 22:02:04
ང་ནི་ཀན་ལྷོ་གཡང་ལྡན་ཕྱུག་མོའི་ཁོངས་གཏོགས་ཀྱི་ཅོ་ནེ་རྫོང་གི་དགེ་རྒན་དཀྱུས་མ་ཞིག་ཡིན་ལ་དངོས་མིང་ལ་ཚེ་རིང་དོན་གྲུབ་ཟེར།ལེ་བར་ཁྲི་ཡི་སྒྱུ་རྩལ་ལམ་ཆེན་དང་།སེར་པོ་གསེར་གྱི་གར་སྟེགས་ཞེས་པའི་ཆེད་སྒྲིག་ལེ་ཚན།དེ་རིང་ནས་ཨམ་མདོ་བརྙན་འཕྲིན་གྱི་འཁོར་སྐར་རྒྱུད་ནས་གཏོང་འགོ་བརྩམ།བརྙན་ཡོལ་ནས་བོད་ཁམས་ཀྱི་མཛེས་ལྗོངས་དང་།གདོང་ལ་ལྷད་མེད་ཀྱི་འཛུམ་མདངས་རྒྱས་ཤིང་།ལུས་ལ་མི་རིགས་ཀྱི་གཟབ་ཆས་སྤྲས་པ།ད་དུང་སྔ་མོ་ནས་ངོ་ཟིན་པ་འདྲ་བའི་སྒྱུ་རྩལ་པ་དག་མིག་ལམ་དུ་མཐོང་ཚེ་བདག་ལ་སྨྲ་མི་ཤེས་པའི་སྤྲོ་གནང་གསར་བ་ཞིག་ངང་གིས་བསྣན།ལྷག་པར་དུ་འདི་འདྲའི་ཕུལ་དུ་བྱུང་བས་ཆེད་སྒྲིག་ཞིག་བསྡུ་ཆེད།བརྙན་ཕབ་ཚན་ཆུང་གི་ལས་བྱེད་མི་སྣ་དག་གིས་ལམ་ཐག་རིང་མོའི་ངལ་བ་མ་འཛེམ་པར།ང་དང་ང་ལྟ་བུའི་ཨམ་མདོའི་བརྙན་འཕྲིན་གྱི་དད་ལྡན་དག་ལ་ལོ་སར་སྐབས་སུ་ལྟད་མོ་གྱ་ནོམ་པ་ཞིག་ཕུལ་ཆེད།ལམ་ཐག་རིང་མོ་རྡོག་པས་མནན་པ་འདི་ལ་ངེད་བཟའ་མི་གང་བོས་སྙིང་ཐག་པ་ནས་བཀའ་དྲིན་ཆེ་ཞུ་བ་ཡིན།སླད་ཁྱེད་ཨམ་མདོ་བརྙན་འཕྲིན་ཁང་གིས་རང་མི་རིགས་ཀྱི་ཕུལ་དུ་བྱུང་བའི་སྲོལ་རྒྱུན་རིག་གནས་སྔོགས་འདོན་དང་དར་སྤེལ་གཏོང་བར་རེ་འདུན་ཡང་ཞུ་བ་ལགས།
ཀརྨ་བདེ་དགའ    2018-02-19 08:45:03
ཕ་སྐད་གཙང་མའི་དབྱངས་ཀྱི་འགྱུར་ཁུག་ཁྲོད་ན་མི་རིགས་གྱི་ལས་དོན་ལ་འབད་བཞིན་པའི་ཨ་མདོ་བརྙན་འཕྲིན་ཁང་གི་ལས་བཟོ་བ་ཡོངས་ལ་ཁམས་བདེ་ཞུ།
ངའི་མིང་ལ་ཀླུ་འབུམ་རྒྱལ་ཟེར་ཞང་།ི་ཕ་ཡུལ་བསང་ཆུ་རྫོང་དམེ་ཤུལ་ཡུལ་ཚོ་ནས་ཡིན།ངེད་ཐེངས་འདིའི་བཀྲ་ཤིས་གསེར་ཟམ་ལེ་ཚན་རྒྱུད་ནས་རང་གི་དྲིན་ཆེན་ཕ་མ་གཉིས་གཙོ་བྱས་ནས་ཤ་ཉེ་འབྲས་ཡོངས་དང་རང་སྡེ་བའི་རྒན་དར་གཞོན་གསུམ་རྣམས་ལ་ནད་མེད་ཚེ་རིང་ཡོང་བའི་བཀྲ་ཤིས་སྨོན་འདུན་ཞུ།དེ་མིན་དམེ་ཤུལ་ཐང་སེར་དགོན་དགའ་ལྡན་བཀྲ་ཤིས་ཆོས་འཕེལ་གླིང་ན་ཡོད་པའི་ཨ་ཁུ་སངས་རྒྱས་རྒྱ་མཚོ་དགོན་པའི་དོ་དམ་ཨུ་ཡོན་ལྷན་ཚོགས་གི་མགོ་གཙོ་གཞོན་པར་བཞག་པར་སྙིང་ཐག་པ་ནས་བཀྲ་ཤིས་སྨོན་འདུན་ཞུ།ད་རུང་ཕ་ཡུལ་རྨ་ཆུ་ན་ཚོང་གཉེར་བྱེད་བཞིན་པའི་ཨ་ཅེ་པད་མ་མཚོ་དང་ཨ་དགའ་སྐལ་བཟང་གཉིས་ཀྱི་ཚོང་ལམ་ཆུ་བཞིན་རང་བའི་སྨོན་འདུན་ཞུ།རྨ་ཆུ་རྫོང་བོད་རིག་སློབ་འབྲིང་ན་སློབ་གཉེར་བྱེད་བཞིན་པའི་ནུ་བོ་བན་འདེ་ཚེ་རིང་གི་སློབ་སྦྱོང་ལ་བར་ཆད་མེད་ཞིང་གྲུབ་འབྲས་གཡུར་དུ་ཟ་བ་ཞིག་ལོན་པའི་བཀྲ་ཤིས་སྨོན་འདུན་ཞུ་ཞུ།
ལྷག་བསམ་ནོར་བུ།    2018-02-17 14:19:43
འུ་ཅག་གི་རུས་རྐང་དུ་ཟུག་པའི་ཕ་སྐད་གཙང་མ་ཡི་དབྱངས་སྙན་གྱི་འགྱུར་ཁུག་ཁྲོད་ན་མི་རིགས་ཀྱི་བླ་སྲོག་དྲོན་མོ་སྟེ་སྐད་དང་ཡི་གེའི་ལས་དོན་ལ་བརྩོན་པའི་ཨ་འདོ་བརྙན་འཕྲིན་ཁང་གི་མདོ་འཛིན་པ་ཡོངས་ཉེ་ལམ་སྐུ་ཁམས་བཟང་། ང་ནི་ཕ་ཡུལ་མཚོ་ནུབ་ཁུལ་ཐེམ་ཆེན་རྫོང་ཅོང་ཆུ་གྲོང་བརྡལ་ནས་ཡིན་ལ། ངའི་མིང་ལ་ལྷག་བསམ་ནོར་བུ་ཟེར། ད་ལྟ་གསེར་ཐང་བླ་རུང་ལྔ་རིག་ནང་བསྟན་སློབ་གླིང་ན་སློབ་གཉེར་བྱེད་བཞིན་ཡོད་ལ། བདག་གིས་ཐེངས་འདིའི་བཀྲ་ཤིས་གསེར་ཟམ་ལེ་ཚན་འདི་བརྒྱུད་ནས།
ལོ་སར་གྱིས་ལེགས་སྐྱེས་ཞིག་གི་དོད་དུ་ཤིས་ཚིག་ཞིག་བརྗོད་པས་དེ་ཕུལ་བ་ལེགས་ན། བཀའ་དྲིན་གསེར་གྱི་རི་རབ་ལས་དཔངས་མཐོ་ཞིང་། བརྩེ་བ་དངུལ་གྱི་རྒྱ་མཚོ་ལས་གཏིང་ཟབ་པའི་དྲིན་ཆེན་གྱི་ཕ་ལོ་མ་ལོ་གཉིས་གཙོ་བྱོས་ནས་ཤ་ཉེ་འབྲེལ་ཡོངས་ལ་ལུས་སེམས་རླུང་རྟ་དར་ཞིང་ཅི་བསམ་ལྷུན་གྱིས་འགྲུབ་པའི་བཀྲ་ཤིས་སྨོན་འདུན་དང་ཆབས་ཅིག་རང་དང་འབྲེལ་འདྲིས་ཆེ་བས་མཆེད་གྲོགས་ཡོངས་ཀྱིས་ཚེ་ཆོས་མཐར་རུ་འཆོལ་བར་ཤོག་ཅིག ། སླར་ཡང་བཀྲ་ཤིས་པའི་ཤིས་ཚིག་ཞིག་གིས་མཐའ་རྒྱན་ན།
ང་ཚོ་འཇིགས་རྟེན་འདིར་སླེབས་པ་ནས་བཟུང་། འཇིགས་རྟེན་འདི་ན་ཐོས་པ་འཚོལ་བའི་གྲྭ་རྐྱང་སྐོར་ཞིག་གི་ཤེས་རབ་ཀྱི་དབལ་ཁ་ཡོད།
འདི་ན་ངག་རིག་གི་རྐང་གླིང་འབུད་པའི་ན་གཞོན་སྐོར་ཞིག་གི་ལང་ཚོའི་གླུ་སྐད་ཡོད།
འདི་ནི་འུ་ཚོའི་དཔའ་སྤོབས་ཀྱི་གོམ་སྒྲ་སྙན་མོ་དེ་ཡིན་ལ།
འདི་ནི་འུ་ཚོའི་འགྱུར་མེད་ཀྱི་དཔུང་ལྡང་སྒྲིག་སྟངས་དེ་ཡང་ཅི་ལ་མིན།
མི་ཚེའི་ལམ་གྲོགས་འམ་ཆོས་ཀྱི་མཆེད་པོ་དག་བཀའ་དྲིན་ཆེ།
མཐར་རང་སྡེ་བའི་རྒན་དར་གཞོན་གསུམ་ཡོངས་ལ་ནད་མེད་ཚེ་རིང་ལོ་བརྒྱའི་བཀྲ་ཤིས་སྨོན་འདུན་དུ་ཐེངས་འདིའི་བཀྲ་ཤིས་གསེར་ཟམ་ལེ་ཚན་དེར་བཀོད་སྒྲིག་བྱས་ཡོད་པའི་གླུ་གཞས་སྙན་མོ་འདི། དྲི་མེད་ཀྱི་ཁ་བཏགས་དཀར་པོ་ཞིག་གི་ཚབ་དུ་ཕུལ་བ་ཡིན།
དེ་མིན་ད་དུང་ང་དང་ལས་རིགས་གཅིག་པའི་དགེ་སློབ་ཡོངས་དང་དུས་རྒྱུན་ངའི་སློབ་སྦྱོངས་ལ་ཐུགས་ཁུར་གནང་བའི་གྲོགས་པོ་ཡོངས་ཀྱི་བསམ་དོན་ཆོས་བཞིན་འགྲུབ་པའི་བཀྲ་ཤིས་ལྷ་དར་ཞིག་གི་ཚབ་དུ་ཡང་ཕུལ་བ་ཡིན།
ཆོས་ཀྱི་ཉི་མ་ཟེར།    2018-02-17 00:04:05
གནམ་ལོ་གསར་པའི་ནང་།
ཁྱོད་དང་ང་ཡིས།
གཡོ་རྒྱུ་དང་རྫུན་གཏམ་སོགས་རྒྱང་རིང་ཞིག་ལ་དོར་ནས།
དགའ་སྤྲོ་དག་དགོད་སྒྲའི་འོག་ནས་མི་ཚེ་རྫོགས་པར་སྨོན།
ཅོས་སྐྱོང་བཀྲ་ཤིས།    2018-02-16 16:33:49
ངའི་མིང་ལ་ཆོས་སྐྱོང་བཀྲ་ཤིས་ཟེར་ཞིང་ཕ་ཡུལ་ཀླུ་ཆུ་རྫོང་ཟམ་ཚ་ཡུལ་ཚོ་ནས་ཡིན།ངས་ད་ཐེངས་བཀྲ་ཤིས་གསེར་ཟམ་གྱི་ལེ་ཚན་འདི་བརྒྱུད་ནས་མདོ་འཛིན་པ་རྣམས་གཙོ་བྱས་ནས་རི་ཁ་བ་ཅན་གྱི་རིགས་མཐུན་སྤུན་ཟླ་ཡོངས་ལ་བཀྲ་ཤིས་བདེ་ལེགས་ཞུ།དེ་དང་ཆབས་གཅིག་ཏུ་བཀའ་དྲིན་རི་ལས་ལྕི་ཕ་བླ་མ་སྐྱབས་དང་མ་མ་རིག་འཛིན་སྐྱིད་གཉིས་ཀྱི་སྐུ་ལུས་ལ་ན་ཚ་མེད་ཅིང་ཅི་བསམ་ཆོས་བཞིན་འགྲུབ་པའི་བཀྲ་ཤིས ཁ་གཡང་འབོད།གཞན་ཡང་ཕ་ཡུལ་རྒྱ་རབས་གཡང་སྡེ་ཕྱུགས་མོའི་རྒན་པ་རྣམས་ཚེ་ཐག་རིང་ཞིང་གཞོན་པ་རྣམས་འདབ་ལག་རྒྱས་པའི་བཀྲ་ཤིས་སྨོན་འདུན་ཞུ།
སྐད་འཇོག་པ།
མིང་། *
ཡིག་ཟམ། *
ཁ་པར།
ནང་དོན།(*):
 
མཛའ་འབྲེལ་ཨ་ལུང་།
བོད་ཀྱི་སྐད་ཡིགཐེམ་ཆེན་གསར་འགྱུར་དྲ་བ།ཀྲུང་གོ་བོད་ཀྱི་དྲ་བ།གུང་ཁྲན་ཏང་གི་དྲ་བ།མཆོད་མེ་དྲ་བ།རེབ་གོང་རིག་གནས།
བོད་ཀྱི་རིག་མཛོད།བོད་ཀྱི་སློབ་འབྲིང་།སྣོད་བཅུད་སྲུང་སྐྱོབ།གཅན་ཚ་མི་རིགས་སློབ་འབྲིང་།བོད་ཀྱི་སློབ་གསོ།དགེ་ཆོས་དྲ་བ།
མཚོ་སྔོན་བོད་རིགས་དྲ་བ།ཁམས་པའི་དྲ་བ།རེབ་གོང་བོན་མང་དྲ་བ།ཧི་མ་ལ་ཡའི་བོན།བོད་ཡིག་མཉེན་ཆས་གླིང་། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་།
ཀྲུང་གོའི་བོད་སྐད་རླུང་འཕྲིན་དྲ་བ།བཙན་པོའི་མགར་གྱི་དྲ་བ།གཞོན་གསར་དྲ་བ།