ད་སྔ་གཟིགས་བཞིན་པ། > གཙོ་ངོས། > སྐད་འཇོག་པ།
ཀུན་བཟོད།    2018-02-16 13:26:41
འཇིག་རྟེན་མི་འཇིག་གནས་གྱུར་ཅིག འབྲེལ་བཟང་མི་འཇིག་བརྟན་གྱུར་ཅིག མི་ཚེ་མི་འཇིག་རིང་གྱུར་ཅིག ཚེ་བསོད་མི་འཇིག་དར་གྱུར་ཅིག མེས་པོ་མི་འཇིག་བརྟན་གྱུར་ཅིག སྲོལ་བཟང་མི་འཇིག་དར་གྱུར་ཅིག གྲོགས་མཆོག་བཀྲ་ཤིས་བདེ་ལེགས་ཤོག ལོ་སར་ཁ་དགེ་བཀྲ་ཤིས་ཤོག ནང་མི་ཚེ་རིང་ནད་མེད་ཤོག འཚོ་བ་ཡར་ངོས་ཟླ་ལྟར་འཕེལ། བསམ་པ་ཡ་རབས་སྤྱོད་བཟང་ཤོག ཕན་ཚུན་མཐུན་པ་སྤུན་བཞི་འདྲ། མེ་མོ་ཁྱི་ཡི་ལོ་སར་འདི། རྡོ་རྗེ་རྒྱལ་གྱིས་བརྩེ་བས་བསུ།
འཇིགས་མེད་དོན་འགྲུབ།    2018-02-15 21:25:25
      ཤེས་བྱའི་ཟེགས་མ་མཁའ་རུ་འཕྱོ་བའི་ཨ་མདོའི་བརྙན་འཕྲིན་ཁང་གི་ལས་བཟོ་བ་ཡོངས་ལ་ཁམས་བདེ་ཞུ།
     ངའི་མིང་ལ་འཇིགས་མེད་དོན་འགྲུབ་ཟེར་ཞིང་།ཕ་ཡུལ་མཚོ་བྱང་ཁུལ་རྐང་ཚ་རྫོང་གཡུ་ཤིང་ཇོ་གོང་སྡེ་བའི་ཡིན།  ངས་དེ་རིང་བཀྲ་ཤིས་གསེར་ཟམ་ཞེས་པའི་ལེ་ཚན་འདི་རྒྱུད་ནས་རང་གི་རྩ་བའི་བླ་མ་ཁོ་ཚེ་བློ་བཟང་བཟོད་པ་རྒྱ་མཚོ་མཆོག་ལ་ལོ་གསར་བའི་ནང་མཛད་པའི་འཕྲིན་ལས་ཐམས་ཅད་ངར་ངོས་ཟླ་བཞིན་ཕྱོགས་བཞི་མཚམས་བརྒྱད་ལ་རྒྱས་པའི་བཀྲ་ཤིས་སྨོན་འདུན་དང་ཆབས་ཅིག་བདག་འདྲའི་འཚོ་བྱེད་པ་ཡོངས་ཀྱི་རེ་འདུན་ལྟར་ས་གཞིའི་སྐྱེ་འགྲོ་ཡོངས་ལ་ནད་མེད་ཚེ་བསོད་རྒྱས་པ་དང་མཐར་དམིགས་ཀྱིས་བཀར་ཏེ་རང་གི་མ་དྲིན་མོ་ཆེ་ཏཱ་རེ་སྒྲོལ་མ་ལགས་ལ་ལོ་གསར་བའི་ནང་བྱ་བ་ལམ་འགྲོ་ཡོངས་བའི་སྨོན་འདུན་ཡང་ཡང་ཞུ། བཀྲ་ཤིས་བདེ་ལེགས།
འཇམ་དབྱངས་སྐྱབས།    2018-02-15 15:47:27
ངའི་མིང་ལ་འཇམ་དབྱངས་སྐྱབས་ཟེར།ཕ་ཡུལ་ཀླུ་ཆུ་རྫོང་ཟམ་ཚ་ཡུལ་ཚོ་ཆ་རིས་སྡེ་བ་ནས་ཡིན།ངའི་ཐེངས་འདིའི་བཀྲ་ཤིས་གསེར་ཟམ་ལེ་ཚན་རྒྱུད་ནས་རང་གི་དྲིན་ཆེན་ཕ་མ་གཉིས་གཙོ་བྱས་ནས་ཤ་ཉེ་འབྲས་ཡོངས་དང་རང་སྡེ་བའི་རྒན་དར་གཞོན་གསུམ་རྣམས་ལ་ནད་མེད་ཚེ་རིང་ཡོང་བའི་བཀྲ་ཤིས་སྨོན་འདུན་ཞུ།དེ་དང་ཆབས་གཅིག་དུ་འཛམ་གླིང་གི་ས་ཕྱོགས་སོ་སོར་ན་ཡོད་པའི་བོད་མི་ཡོངས་ལ་ནད་མེད་ཚེ་རིང་བདེ་སྐྱིད་ཕུན་སུམ་ཚོགས་པ་དང་།བསམ་དོན་ཐམས་ཅད་ཡིད་བཞིན་ལྷུན་གྱིས་འགྲུབ་པས་བཀྲ་ཤིས་སྨོན་འདུན་ཞུ་ཞུ།
ཐོག་མེད་རྒྱལ    2018-02-13 21:02:55
མདོ་འཛིན་པ་ལགས། ཁམས་བཟང་། ངའི་མིང་ལ་ཐོག་མེད་རྒྱལ་ཟེར། ཕ་ཡུལ་འབའ་རྫོང་ཐང་མགོ་གྲོང་རྡུལ་ཧྭོ་ཐོག་སྡེ་བའི་ཡིན་ལ།ངས་ཐེངས་འདིའི་བཀྲ་ཤིས་གསེར་ཟམལེ་ཚན་གྱི་གླུ་དབྱངས་སྙན་མོའི་འགྱུར་ཁུགས་དང་བསྟུན་ནས་ས་གཞི་གསེར་གྱིས་བཀང་ཡང་དྲིན་ལན་འཇལ་ཐབས་མེད་པའི་རང་གི་བྱམས་ལྡན་ཕ་མ་གཉིས་དང་ཤེས་རིག་ཐང་ན་བཞད་པའི་མེ་ཏོག་སྟེ། སློབ་སྦྱོང་གི་ལས་ལ་བརྩོན་བཞིན་པའི་སློབ་གྲོགས་ཡོངས་དང་ད་དུང་ཤ་བ་ཉེ་རིང་ཡོངས་ལ་ལུས་ལ་ནད་ཚ་དང་། ཕྱུགས་ལ་གོད་ཁ་མེད་པའི་བཀྲ་ཤིས་སྨོན་འདུན
བྱང་སེམས་ཟླ་བ།    2018-02-13 14:20:16
ང་ནི་ཕ་ཡུལ་མགོ་ལོག་དགའ་བདེ་རྫོང་གོང་སྨད་ཡར་སྐོར་སྡེ་བའི་ཡིན མིང་ལ་བྱང་སེམས་ཟླ་བ་ཟེར དུས་ལྟར་བོད་གངས་ཅན་ལ་རམ་འདེགས་རབ་དང་རིམ་པ་བྱེད་བཞིན་པའི་ཨ་མདོ་གློག་བརྙན་ཁང་གི་མདོ་འཛིན་པ་ཡོངས་ལ་ནད་མེད་ཚེ་རིང་ལོ་བརྒྱའི་ཁ་གཡང་དང་བཅས རང་གི་ཕ་ཡུལ་གཅིག་པའི་ཕུ་ནུ་སྤུན་མཆེད་ཡོངས་དང་དྲིན་ཆེན་མ་ལོའི་སྐུ་ཚེ་རི་རབ་བཞིན་བརྟན་པ་དང་ཨ་ཞང་ཟླ་མགོན་ཚང་དང་དཔལ་མཆོག་ཚང་རིག་འཛིན་ཚང དགོན་ཁག་སོ་སོ་ན་ཡོད་པའི་ཕུ་བོ་བྱང་ཆུབ་འོད་ཟེར བདུད་འཇོམས་རྡོ་རྗེ གནས་བསྟན་རྒྱ་མཚོ དེ་དག་གི་ཅི་བསམ་ལྷུན་གྱིས་འགྲུབ་པའི་བཀྲ་ཤིས་སྨོན་འདུན་ཞིག་གི་ཚུལ་དུ་གླུ་དབྱངས་སྙན་མོ་ཞིག་ཕུལ་བ་ཡིན། ཆབ་གཅིག་ཏུ་བཀྲ་ཤིས་གསེར་ཟམ་ལེ་ཙན་གྱི་མདོ་འཛིན་པ་ཡོངས་ཀྱིས་ལོ་སར་བའི་སྐབས་འདིར་ནད་མེད་ཚེ་རིང་ལོ་བརྒྱའི་བཀྲ་ཤིས་སྨོན་འདུན་ཞུ།།
སྐལ་བཟང་ཚེ་རིང་།    2018-02-13 14:15:50
འུ་ཅག་གི་རུས་རྐང་དུ་ཟུག་པའི་ཕ་སྐད་གཙང་མ་ཡི་དབྱངས་གྱི་འགྱུར་ཁུག་ཁྲོད་ན་མི་རིགས་ཀྱི་བླ་སྲོག་དུ་གྱུར་བའི་སྐད་དང་ཡི་གེའི་ལ་བརྩོན་པའི་ཨ་འདོ་བརྙན་འཕྲིན་ཁང་གི་མདོ་འཛིན་པ་ཡོངས་ཉེ་ལམ་སྐུ་ཁམས་བཟང་། ང་ནི་རྨ་ལྷོ་ཁུལ་རྩེ་ཁོག་རྫོང་རྩེ་ཆུ་གྲོང་རྡལ་བྱ་དར་སྡེ་བ་ཡིན་ལ། ངའི་མིང་ལ་སྐལ་བཟང་ཚེ་རིང་ཟེར།ཐེངས་འདིའི་བཀྲ་ཤིས་གསེར་ཟམ་ལེ་ཚན་འདི་བརྒྱུད་ནས་རྩེ་གཞུང་བརྒྱུད་ལྡན་སྨན་རྩིས་ལག་རྩལ་ལས་རིགས་སློབ་གྲྭའི་སློབ་དཔོན་དམ་པ་གཙོ་བྱས་ནས་གཉིས་སྟོང་བཅུ་དྲུག་འཛིན་གྲྭའི་བོད་སྨན་འཛིན་གྲྭ་ལ་བྱ་བ་ལམ་འགྲོ་ཡོངས་བའི་བཀྲ་ཤིས་སྨོན་འདུན་དུ་ཞུ་བ་དང་ཆབས་ཅིག་དུ་བཀའ་དྲིན་ཅན་གྱི་དྲིན་ཆེན་གྱི་ཕ་མ་གཉིས་གཙོ་བྱས་ནས་ཤ་ཉེ་འབྲེལ་ཡོངས་ལ་ལུས་ལ་ནད་ཚ་མེད་ཅིང་།ཕྱུག་ལ་གོད་ཁ་མེད་པའི་བཀྲ་ཤིས་སྨོན་འདུན་ཞུ་བ་དང་རང་སྡེ་བའི་རྒན་དར་གཞོན་གསུམ་ཡོངས་ལ་ནད་མེད་ཚེ་རིང་ལོ་བརྒྱའི་བཀྲ་ཤིས་སྨོན་འདུན་དུ་ཐེངས་འདིའི་བཀྲ་ཤིས་གསེར་ཟམ་ལེ་ཚན་དེར་བཀོད་སྒྲིག་བྱས་ཡོད་པའི་དྲི་མེད་ཀྱི་ཁ་བཏགས་དཀར་པོ་ཞིག་གི་ཚུབ་དུ་ཕུལ་བ་ཡིན།
སྐལ་བཟང་ཚེ་རིང་།    2018-02-13 14:14:21
འུ་ཅག་གི་རུས་རྐང་དུ་ཟུག་པའི་ཕ་སྐད་གཙང་མ་ཡི་དབྱངས་གྱི་འགྱུར་ཁུག་ཁྲོད་ན་མི་རིགས་ཀྱི་བླ་སྲོག་དུ་གྱུར་བའི་སྐད་དང་ཡི་གེའི་ལ་བརྩོན་པའི་ཨ་འདོ་བརྙན་འཕྲིན་ཁང་གི་མདོ་འཛིན་པ་ཡོངས་ཉེ་ལམ་སྐུ་ཁམས་བཟང་། ང་ནི་རྨ་ལྷོ་ཁུལ་རྩེ་ཁོག་རྫོང་རྩེ་ཆུ་གྲོང་རྡལ་བྱ་དར་སྡེ་བ་ཡིན་ལ། ངའི་མིང་ལ་སྐལ་བཟང་ཚེ་རིང་ཟེར།ཐེངས་འདིའི་བཀྲ་ཤིས་གསེར་ཟམ་ལེ་ཚན་འདི་བརྒྱུད་ནས་རྩེ་གཞུང་བརྒྱུད་ལྡན་སྨན་རྩིས་ལག་རྩལ་ལས་རིགས་སློབ་གྲྭའི་སློབ་དཔོན་དམ་པ་གཙོ་བྱས་ནས་གཉིས་སྟོང་བཅུ་དྲུག་འཛིན་གྲྭའི་བོད་སྨན་འཛིན་གྲྭ་ལ་བྱ་བ་ལམ་འགྲོ་ཡོངས་བའི་བཀྲ་ཤིས་སྨོན་འདུན་དུ་ཞུ་བ་དང་ཆབས་ཅིག་དུ་བཀའ་དྲིན་ཅན་གྱི་དྲིན་ཆེན་གྱི་ཕ་མ་གཉིས་གཙོ་བྱས་ནས་ཤ་ཉེ་འབྲེལ་ཡོངས་ལ་ལུས་ལ་ནད་ཚ་མེད་ཅིང་།ཕྱུག་ལ་གོད་ཁ་མེད་པའི་བཀྲ་ཤིས་སྨོན་འདུན་ཞུ་བ་དང་རང་སྡེ་བའི་རྒན་དར་གཞོན་གསུམ་ཡོངས་ལ་ནད་མེད་ཚེ་རིང་ལོ་བརྒྱའི་བཀྲ་ཤིས་སྨོན་འདུན་དུ་ཐེངས་འདིའི་བཀྲ་ཤིས་གསེར་ཟམ་ལེ་ཚན་དེར་བཀོད་སྒྲིག་བྱས་ཡོད་པའི་དྲི་མེད་ཀྱི་ཁ་བཏགས་དཀར་པོ་ཞིག་གི་ཚུབ་དུ་ཕུལ་བ་ཡིན།
འོད་དཔག་སྐྱབས    2018-02-13 11:25:29
གནམ་ལོ་གསར་བ་བསུ་བའི་སྐབས་
དཔལ་ལྡན་ཚེ་རིང་།    2018-02-13 11:17:06
ངའི་མིང་ལ་དཔལ་ལྡན་ཚེ་རིང་ཟེར་ཞིང་། ཕ་ཡུལ་མགོ་ལོག་ཁུལ་རྨ་ཆེན་རྫོང་སྡོམ་ཁོག་ཡུལ་ཚོ་ཡིན། ངས་ཁྱེད་བརྙན་འཕྲིན་ཁང་གི་བཀྲ་ཤིས་གསེར་ཟམ་གྱི་ལེ་ཚན་བརྒྱུད་ནས། ངའི་དྲིན་ཆེན་ཕ་ལོ་ཤེས་རབ་རྒྱ་མཚོ་དང་། བྱམས་ལྡན་མ་ལོ་འབྲུག་སྐྱིད། ཆུང་མ་ལྷ་མོ་མཚོ། ད་དུང་སྤུན་ཏིང་འཛིན་སྐྱབས། པདྨ་དབང་ཆེན། རྟ་མགྲིན་སྐྱབས། ཕག་མོ་རྡོ་རྗེ། སྲིང་ཆུང་མ་མཁའ་འགྲོ་ཡེ་ཤེས་སྐྱིད་བཅས་གཙོ་བྱས་པའི་ཁྱིམ་མི་ཉེ་འབྲེལ་ཡོངས་ལ་ལོ་གསར་བའི་ནང་དུ་ལུས་བདེ་སེམས་སྐྱིད་དང་། བསམ་དོན་ལྷུན་འགྲུབ། བྱ་བ་ལམ་འགྲོ་ཡོང་བའི་སྨོན་འདུན་ཞིག་གི་ཚབ་ཏུ། གླུ་གཞས་གང་རུང་ཞིག་གི་ལེགས་སྐྱེས་ཤིག་འབུལ་འདོད་པས། བདག་གི་རེ་བ་ཇི་བཞིན་དུ་སྐོང་བར་མཁྱེན་མཁྱེན།
སྦྱིན་པ་རྒྱ་མཚོ།    2018-02-13 07:26:31
བཀྲ་ཤིས་གསེར་ཟམ་གྱི་མདོ་འཛིན་པ་ལགས་ཁམས་བདེ་ཞུ། ངའི་མིང་སྦྱིན་པ་རྒྱ་མཚོ་ཟེར་ཞིང་། ཕ་ཡུལ་ཀན་ལྷོ་ཁུལ་རྨ་ཆུའི་དབང་བན་ཚང་། ཐུབ་བསྟན་ཡོངས་འདུས་གླིང་གི་གྲྭ་རྐྱང་དཀྱིལ་མ་ཞིག་ཡིན། ངས་བཀྲ་ཤིས་གསེར་ཟམ་གྱི་ལེ་ཚན་བརྒྱུད་ནས་རྒྱལ་ཕྱི་ནང་ན་ཡོད་བོད་མི་བྱིངས་ལ་ནད་མེད་ཚེ་རིང་ཡོང་ཕྱིར་དང་། རང་དགོན་པའི་བླ་གྲྭ་ཡོངས་ཀྱི་བསམ་དོན་ཆོས་བཞིན་འགྲུབ་པའི་བཀྲ་ཤིས་སྨོན་འདུན་དང་བཅས། བདག་གི་ཕ་ཚུལ་ཁོ་གཙོའི་ཤ་ཉེ་འབྲེལ་ཡོངས་ལ་ལོ་གསར་བའི་ནང་ནད་མེད་ཚེ་རིང་དང་བྱ་བ་ལམ་འགྲོ་ཡོང་ཕྱིར་གོང་གི་ལེགས་སྐྱེས་དེ་ཕུལ་བ་ཡིན་ལ། གཞན་ཡང་སྟོད་ཉི་མ་ལྷ་སར་མཇལ་སྐོར་ལ་བུད་སོང་བའི་ཨ་ཅེ་འོད་སྐྱིད་དང་མག་པ་རིན་ཆེན་དཔལ་ནུ་བོ་དབང་ཕྱུག་སྟོབས་བཅུད་དང་ཀུན་བཟང་རྡོ་རྗེ་གཙོའི་མཇལ་བ་་ཡོངས་ལ་ལམ་སྐབས་བདེ་འཇགས་ཡོང་བའི་བཀྲ་ཤིས་སྨོན་འདུན་དང་བཅས་གོང་གི་ལེགས་སྐྱེས་དེ་འབུལ་བ་ཡིན།
འཇམ་དབྱངས་མཁར།    2018-02-13 02:57:58
མཚོ་སྔོན་བོད་སྐད་བརྙན་འཕྲིན་ཁང་གི་ལས་བྱེད་པ་ཀུན་ལ་ཁམས་བདེ་ཞུ།ངའི་མིང་ལ་འཇམ་དབྱངས་མཁར་ཟེར་ཞིང་།དཔའ་རིས་ཧུའུ་ཀྲུའུ་རྫོང་སུམ་མདོ་གཡས་ལུང་སྡེ་བའི་ཡིན།གནམ་ལོ་གསར་བའི་ནང་ལ་རང་གི་དྲིན་ཆེན་མ་ལོ་གཙོ་བྱས་ནས་ཤ་ཉེ་འབྲེལ་ཡོངས་ལ་བཀྲ་ཤིས་སྨོན་འདུན་དང་བཅས་བསམ་དོན་འགྲུབ་པར་སྨོན།
ཤ་བོ་རྡོ་རྗེ    2018-02-12 22:04:24
ཕ་སྐད་གཙང་མའི་འགྱུར་ཁུག་ཁྲོད་ན་མི་རིགས་ཀྱི་ལས་དོན་ལ་འབད་བཞིན་པའི་ཨ་འདོ་བརྙན་འཕྲིན་ཁང་གི་ལས་བཟོ་བ་ཡོངས་ལ་ཁམས་བདེ་ཞུ།
ང་ནི་ཕ་ཡུལ་གཅན་ཚ་རྫོང་གླེ་གཞུག་སྡེ་བའི་ཡིན། མིང་ལ་ཤ་བོ་རྡོ་རྗེ་ཟེར། ཐེངས་འདིའི་བཀྲ་ཤིས་གསེར་ཟམ་གྱི་ལེ་ཚན་འདི་རྒྱུད་ནས་རང་ལ་བྱམས་དང་ཐུགས་ཀྱིས་བསྐྱངས་བའི་དྲིན་ཆེན་ཕ་མ་གཉིས་གཙོ་བྱས་ནས་ཤ་ཉེ་འབྲེལ་ཡོངས་དང་རང་སྡེ་བའི་རྒན་དར་གཞོན་གསུམ་རྣམས་ལ་ནད་མེད་ཚེ་རིང་ཡོངས་བའི་བཀྲ་ཤིས་སྨོན་འདུན་ཞུ། དེ་མིན་རྒྱལ་ཁབས་ཕྱི་ནང་ཀུན་ན་གནས་པའི་བོད་རིགས་སྤུན་ཟླ་ཡོངས་ལ་དྲི་མེད་ཁ་བཏགས་དཀར་པོ་ཞིག་གི་ཚུལ་དུ་མདོ་འཛིན་པས་གླུ་དང་རྡུང་ལེན་གང་རུང་ཞིག་བཀོད་སྒྲིག་བྱེད་པར་ཐུགས་རྗེ་ཆེ་ཞུའོ།
སྐལ་བཟང་སངས་རྒྱས།    2018-02-12 21:38:12

བཀྲ་ཤིས་སྤྲིན་པ་དཀར་བོ་མཁའ་ལ་རྒྱུ།།
བཀྲ་ཤིས་ཁ་བ་དཀར་བོ་ས་ལ་འཐོར།།
བཀྲ་ཤིས་གངས་ཀྱི་རི་བོས་བསྐོར་བ་ན།།
བཀྲ་ཤིས་རླུང་རྟ་དཀར་བོ་བོད་ནས་རྒྱས།།

ཐེངས་འདིར་བཀྲ་ཤིས་གཟེར་ཟམ་གྱི་ལེ་ཚན་བརྒྱུད་ནས་མདོ་འཛིན་པ་རྣམས་ལ་སྐུ་འཚམ་འདྲིའི་བཀྲ་ཤིས་བདེ་ལེགས་ཞུ།
ང་ནི་ཀན་ལྷོ་ཁུལ་ཅོ་ནེ་རྫོང་བཀྲ་ཤིས་ཆོས་འཁོར་གླིང་གི་གྲྭ་མཐར་བརྟེན་པ་སྐལ་བཟང་སངས་རྒྱས་ཡིན།

ང་རང་གི་ཨ་ཕ་བརྩོན་འགྲུས་རྒྱ་མཚོ་དང་།ཨ་མ་གུ་རུ་འཚོ་གཉིས་གཙོ་བྱས་པའི་ཕུ་ནུ་མིང་སྲིང་ཡོངས་ཀྱི་ལུས་ལ་ན་ཚ་མེད་ཅིང་ཕྱུགས་གོད་ཁ་མེད་པའི་སྨོན་འདུན་དང་།
ནམ་ལོ་གསར་བ་ས་ཕོ་ཁྱུ་ཡི་ལོ་འདིར་ཁོང་རྣམས་ཀྱི་ཁ་ལས་རླུང་རྟ་དར་ཞིང་ཅི་བསམ་ལྷུན་འགྲུབ་ཡོངས་པའི་སྨོན་འདུན་ཞུ་བ་དང་ཆབས་གཅིག
བཀྲ་ཤིས་ཆོས་འཁོར་གླིང་གི་དགེ་འདུན་པ་རྣམས་ཀྱི་གཞུང་ཆེན་བཀའ་པོད་ལྔ་དང་།གསང་ཆེན་རྒྱུད་སྡེ་བཞིའི་འཆད་ཉན་བཤད་སྒྲུབ་ཀྱི་བྱ་བས་ཉིན་མཚན་འདའ་བ་ལ་མི་མཐུན་ཕྱོགས་ཀྱི་བར་ཆད་མེད་པར་སོར་བཅུའི་འདབ་མ་སྙིང་ག་ལན་བརྒྱར་གཟུམ་པ་དང་།
མཇུག་མཐར་རི་བོ་རྩེ་ལྔའི་གྲོགས་དམ་ཆོས་དང་།བླ་བྲང་ན་ཡོད་པའི་གྲོགས་དཀོན་མཆོག་རྒྱ་མཚོ་གཉིས་གཙོས་རྒྱལ་ཁབ་ཕྱི་ནང་གི་ནང་མི་ཡོངས་ལ་གླུ་བ་དགའ་ལྡན་གྱི་སྙན་མོའི་དབྱངས་དེ་ཕུལ་བ་ལགས།
སོག་པོའི་མེ་ལྕེ།    2018-02-12 21:10:29
ཕ་སྐད་གཙང་མའི་དབྱངས་ཀྱི་འགྱུར་ཁུགས་
ཁྲོད་ན་མི་རིགས་ལས་དོན་ལ་འབད་བཞིན་
པའི་ཨ་མདོ་བརྙན་འཕྲིན་ཁང་གི་མདོ་འཛིན་པ་ཡོངས་ལ་སྐུ་ཁམས་བཟང་།ངའི་མིང་ལ་སོག་པོ་མེ་ལྕེ་ཟེར། ཕ་ཡུལ་རྨ་ལྷོ་སོག་རྫོང་གསེར་ལུང་ཡུལ་ཚོ་ལམ་ལུང་རུ་ཆེན་རུ་ཆུང་གཉིས་བའི་ཡིན་ལ། ངས་ཐེངས་འདིའི་བཀྲ་ཤིས་
གསེར་ཟམ་ལེ་ཚན་གྱི་གླུ་དབྱངས་སྙན་མོའི་
འགྱུར་ཁུགས་དང་བསྟུན་ནས་ས་གཞི་གསེར་
གྱི་བཀང་ཡང་བཀའ་དྲིན་འཇལ་ཐབས་མེད་
པའི་ཨ་ལགས་ཨ་དབུས་དང་ཨ་ལགས་
སེར་ལུ་ཚང་གཉིས་གཙོ་བྱས་ནས་བཀའ་དྲིན་གསེར་གྱི་རི་རབ་ལས་དཔངས་མཐོ་ཞིང་།
བརྩེ་བ་དངུལ་གྱི་རྒྱ་མཚོ་ལས་གཏིང་
ཟབ་པའི་དྲིན་ཆེན་གྱི་དགེ་རྒན་ཨ་ཁུ་ཡེ་ཤེས་དང་ཕ་ལོ་མ་ལོ་གཙོ་བྱས་ནས་ཤ་ཉེ་འབྲེལ་ཡོངས་ཀྱི་ལོ་གསར་བའི་ནང་ཁ་ལས་རླུང་རྟ་
དར་ཞིང་བསམ་དོན་ལྷུན་གྱིས་འགྲུབ་པའི་སྨོན་འདུན་ཞུ་བ་དང་ཆབས་ཅིག་རང་ལམ་ལུང་སྡེ་བའི་རྒན་དར་གཞོན་གསུམ་ཡོངས་
ལ་ནད་མེད་ཚེ་རིང་ལོ་བརྒྱའི་བཀྲ་ཤིས་སྨོན་
འདུན་དུ་ཐེངས་འདིའི་བཀྲ་ཤིས་གསེར་ཟམ་
ལེ་ཚན་དེར་བཀོད་སྒྲིག་བྱས་ཡོད་པའི་གླུ་
དབྱངས་སྙན་མོ་འདི་དག་གནམ་ལོ་གསར་
བའི་ནང་དྲི་མེད་ཀྱི་ཁ་བཏགས་དཀར་པོ་ཞིག་གི་ཚབ་དུ་ཕུལ་བ་ཡིན། དེ་མིན་གནམ་ལོ་གསར་བའི་ནང་ཨ་མདོ་བརྙན་འཕྲིན་
ཁང་གི་མདོ་འཛིན་པ་ཡོངས་ལ་སྐུ་ལས་ནད་ཚ་
མེད་པའི་སྨོན་འདུན་ཞུ་ཞུ།
སྐལ་བཟང་རྒྱ་མཚོ།།    2018-02-12 20:27:00
གངས་ལྗོངས་གསེར་ཟམ་ལེ་ཚན་གྱི་འགོ་འཛིན་པ་ལགས། དེ་རིང་དྲྭ་ལམ་འདི་བརྒྱུད་ནས་རང་ལ་དྲིན་ཆེ་བའི་དགེ་རྒན་གཙོ་བྱས་པའི་ཨ་ཁུ་དང་། ཆས་བུ་གཤིས་བཀྲ་ཤིས་ཆོས་འཁོར་གླིང་ན་ཡོད་པའི་རྒན་དར་གཞོན་གསུམ་ཡོངས་ལ་ལོ་སར་གྱི་བཀྲ་ཤིས་བདེ་ལེགས་ཞུ། ཞེས་ཆས་གཤིས་སྐལ་རྒྱམ་ནས་གུས་པས་ཕུལ།།
སྐལ་བཟང་རྒྱ་མཚོ།།    2018-02-12 20:00:23
རྒྱལ་ཁབ་ཕྱི་ནང་ཀུན་ན་བཞུགས་པའི་བོད་རིགས་སྤུན་ཟླ་ཡོངས་ལ་ཁམས་བདེ་ཞུ། ང་ནི་མདོ་སྨད་ལྷོ་རྒྱུད་ཀན་ལྷོ་ཁུལ་ཅོ་ནེ་རྫོང་ཆས་བུ་གཤིས་བཀྲ་ཤིས་ཆོས་འཁོར་གླིང་གི་དགོན་པ་ནས་ཡིན་ལ། ངའི་མིང་ལ་སྐལ་བཟང་རྒྱ་མཚོ་ཟེར། ཐེངས་འདིའི་བཀྲ་ཤིས་གསེར་ཟམ་གྱི་ལེ་ཚན་འདི་བརྒྱུད་ནས་ཆོས་དཔལ་ཞིང་གི་དགོན་པའི་སྐྱབས་རྗེ་རིན་པོ་ཆེ་གཙོར་མཛད་པའི་རྒན་དར་གཞོན་གསུམ་དང་བདག་གི་ལྟེ་ཁྲག་འཕོ་སའི་ཕ་ཡུལ་ཐང་ཀ་སྡེ་བ་ན་འཚོ་ཞིང་བཞེས་པའི་ཨ་མྱེ་ཆོས་རྒྱལ་ཚེ་རིང་དང་ཨ་མ་ཏིང་འཛིན་འཚོ རླབས་ཆེ་པའི་ཕ་པདྨ་རིག་འཛིན་དང་དྲིན་ཆེ་བའི་མ་འབྲུག་མོ་ཡག ད་དུང་ཕུ་བོ་རིག་འཛིན་རྡོ་རྗེ་དང་ནུ་བོ་རྟ་མགྲིན་རྡོ་རྗེ།དགེ་ཚུལ་མ་དཀོན་མཆོག་སྒྲོལ་མ་དང་ཨ་ཅེ་སྒྲོལ་མ་འཚོ།གཅེས་འོས་པའི་ཚ་བོ་རྟ་མགྲིན་ཚེ་རིང་དང་ཚ་མོ་རྡོ་རྗེ་འཚོ་གཙོ་བྱས་ནས་ནང་མི་གཉེན་ཉེ་ཡོངས་ལ་ནད་མེད་ཚེ་རིང་དང་བྱ་བ་ལམ་འགྲོ་ཡོང་བའི་བཀྲ་ཤིས་སྨོན་འདུན་ཞུ་བ་དང་ཆབས་ཅིག་ཕ་སྐད་གཙང་མའི་དབྱངས་ཀྱི་འགྱུར་ཁུགས་ཁྲོད་ན་མི་རིགས་ཀྱི་ལས་དོན་ལ་འབད་བཞིན་པའི་ཨ་མདོ་བརྙན་འཕྲིན་ཁང་གི་མདོ་འཛིན་པ་ཡོངས་ཀྱི་ཁ་ལས་རླུང་རྟ་དར་ཞིང་ཅི་བསམ་ལྷུན་གྱིས་འགྲུབ་པའི་བཀྲ་ཤིས་སྨོན་འདུན་དུ་གླུ་གཞས་སྙན་མོ་འདི་ཕུལ་བ་ཡིན།
སྐལ་བཟང་ཚེ་རིང་།    2018-02-12 10:04:09
འུ་ཅག་གི་རུས་རྐང་དུ་ཟུག་པའི་ཕ་སྐད་གཙང་མ་ཡི་དབྱངས་གྱི་འགྱུར་ཁུག་ཁྲོད་ན་མི་རིགས་ཀྱི་བླ་སྲོག་དུ་གྱུར་བའི་སྐད་དང་ཡི་གེའི་ལ་བརྩོན་པའི་ཨ་འདོ་བརྙན་འཕྲིན་ཁང་གི་མདོ་འཛིན་པ་ཡོངས་ཉེ་ལམ་སྐུ་ཁམས་བཟང་། ང་ནི་རྨ་ལྷོ་ཁུལ་རྩེ་ཁོག་རྫོང་རྩེ་ཆུ་གྲོང་རྡལ་བྱ་དར་སྡེ་བ་ཡིན་ལ། ངའི་མིང་ལ་སྐལ་བཟང་ཚེ་རིང་ཟེར།ཐེངས་འདིའི་བཀྲ་ཤིས་གསེར་ཟམ་ལེ་ཚན་འདི་བརྒྱུད་ནས་རྩེ་གཞུང་བརྒྱུད་ལྡན་སྨན་རྩིས་ལག་རྩལ་ལས་རིགས་སློབ་གྲྭའི་སློབ་དཔོན་དམ་པ་གཙོ་བྱས་ནས་གཉིས་སྟོང་བཅུ་དྲུག་འཛིན་གྲྭའི་བོད་སྨན་འཛིན་གྲྭ་ལ་བྱ་བ་ལམ་འགྲོ་ཡོངས་བའི་བཀྲ་ཤིས་སྨོན་འདུན་དུ་ཞུ་བ་དང་ཆབས་ཅིག་དུ་བཀའ་དྲིན་ཅན་གྱི་དྲིན་ཆེན་གྱི་ཕ་མ་གཉིས་གཙོ་བྱས་ནས་ཤ་ཉེ་འབྲེལ་ཡོངས་ལ་ལུས་ལ་ནད་ཚ་མེད་ཅིང་།ཕྱུག་ལ་གོད་ཁ་མེད་པའི་བཀྲ་ཤིས་སྨོན་འདུན་ཞུ་བ་དང་རང་སྡེ་བའི་རྒན་དར་གཞོན་གསུམ་ཡོངས་ལ་ནད་མེད་ཚེ་རིང་ལོ་བརྒྱའི་བཀྲ་ཤིས་སྨོན་འདུན་དུ་ཐེངས་འདིའི་བཀྲ་ཤིས་གསེར་ཟམ་ལེ་ཚན་དེར་བཀོད་སྒྲིག་བྱས་ཡོད་པའི་དྲི་མེད་ཀྱི་ཁ་བཏགས་དཀར་པོ་ཞིག་གི་ཚུབ་དུ་ཕུལ་བ་ཡིན།
མིང་ལ་འཕྲིན་ལས་ཉི་མ    2018-02-11 21:38:44
ཨ་མ་ཤེར་བར་མཚོ་དང་ཕ་ཡར་རྣམས་ཚེ་གཉིས་ཀྱིས་སྐུ་ཚེ་རུང
རྟ་རྐུན    2018-02-11 21:30:53
མིང་ལ་བཀྲ་ཤིས་ཕུན་ཚོགས་ཟེར།ཐོག་མར་ཡ་གླིང་གི་ཆེས་མཛེས་སྡུག་ལྡན་པའི་རྩྭ་ཐང་ངམ་རྨ་ཀླུང་ཁུག་པ་དགུ་་བདུན་གྱིས་ཁུག་པ་དང་པོ་སྟེ་རྨ་ལྷོ་སོག་རྫོང་ན་གནས་པའི་ཡུལ་མི་སྤུན་ཟླ་་རྣམ་པ་དང་བྱམས་བརྩེ་དྲིན་གྱིས་བསྐྱང་བའི་ཕ་བདེ་ལེགས་དང་མ་བདྨ་མཚོ་གཙོ་བྱས་ནས་ཨ་ཅེ་ཕགས་པ་སྐྱིད་ཕུ་བོ་མགོན་པོ་དབང་འདུལ་་ནུ་བོ་རབ་བརྟན་རྡོ་རྫེ་རྣམ་དང་ཨ་ཞང་ནོར་བུ་་བསོད་ནམས་རྡོ་རྫེ་་གཞན་ཡང་གཡུ་སྒང་ཉིན་གྲོང་བརྡལ་ན་གནས་པའི་ཨ་ཞང་མགོན་པོ་བཀྲ་ཤིས་་གཡུ་ཤེས་བརྒྱ་མཚོ་་་རྡོ་རྫེ་ཚེ་བརྟན་བཅས་ཀྱི་གནམ་ལོ་གསར་བའི་ནང་དུ་་་ན་མོ་དབུ་ལ་བཀྲ་ཤིས་གདུགས་ལྟར་སྐྱོབ།སྐུ་ལ་བཀྲ་ཤིས་མི་ནུབ་རྒྱལ་མཚན་མཆོག།གསུང་ལ་བཀྲ་ཤིས་ཆོས་དུང་གཡས་སུ་འཁྱིལ།ཐུགས་ལ་བཀྲ་ཤིས་དཔལ་གྱི་བེའུ་གསལ།སྤྱན་ལ་བཀྲ་ཤིས་རིན་ཆེན་གསེར་གྱི་ཉ།ལྗགས་ལ་བཀྲ་ཤིས་པདྨོ་ལོ་འདབ་རྒྱས།མགུལ་ལ་བཀྲ་ཤིས་རིན་ཆེན་བུམ་པ་འཁྱིལ།ཕྱག་ལ་བཀྲ་ཤིས་ཡོན་ཏན་ནོར་བུ་མཆོག།ཞབས་ལ་བཀྲ་ཤིས་འཕྲིན་ལས་འཁོར་ལོ་ལྔ།བཀྲ་ཤིས་རྫས་བརྒྱད་དངོས་གྲུབ་དམ་པའི་མཆོག རྫས་མཆོག་བརྒྱད་ཀྱི་བཀྲ་ཤིས་གང་ཡིན་པ།དེང་འདིར་བདག་ཅག་རྣམས་བཀྲ་ཤིས་ཕོབ།བཀྲ་ཤིས་དེས་ཀྱང་རྟག་ཏུ་བདེ་ལེགས་ཤོག
བརྩོན་འགྲུས།    2018-02-11 21:23:14
ཨ་མདོའི་བོད་སྐད་བརྙན་འཕྲིན་ཁང་གི་ལས་བྱེད་པ་ཡོངས་ལ་གནམ་ལོ་གསར་བའི་ནང་བཀྲ་ཤིས་བདེ་ལེགས་ཞུས་པ་ཡིན། ངའི་མིང་ལ་བརྩོན་འགྲུས་ཟེར། བོད་རབ་བྱུང་བཅུ་བདུན་པའི་ས་ཕོ་ཁྱི་ཡི་གནམ་ལོ་གསར་བའི་ནང་རང་གི་དྲིན་ཅན་ཕ་མ་གཉིས་གཙོ་བྱས་པའི་ཕུ་ནུ་མིང་སྲིང་དང་། རང་གི་བཟའ་ཟླ་བུ་ཕྲུག ཚ་བོ་ཚ་མོ། ཨ་ཞང་དང་ཨ་ཁུ་ཨ་ནེ་ཁྱིམ་མི་ཡོངས། ད་རུང་རྒྱལ་ཁབ་ཕྱི་ནང་གི་ཤ་ཉེ་འབྲེལ། ལྷ་ས་དང་རྨ་ལྷོ། མགོ་ལོག རྔ་བ། རྨ་ཆུ་དང་ཀླུ་ཆུ། བླ་བྲང་སོགས་ཀྱི་ཤ་ཉེ་འབྲེལ་དང་གྲོགས་པོ་གྲོགས་མོ། དགེ་སློབ་ཡོངས་ཀྱི་བསམ་དོན་ཡིད་བཞིན་དུ་འགྲུབ་པ་དང་ཚེ་རིང་ནད་མེད་ཡོངས་པའི་བཀྲ་ཤིས་སྨོན་འདུན་དུ་གླུ་དབྱངས་ཤིག་གིས་ལག་སྐྱེས་འདི་ཕུལ་བ་ཡིན།
སྐད་འཇོག་པ།
མིང་། *
ཡིག་ཟམ། *
ཁ་པར།
ནང་དོན།(*):
 
མཛའ་འབྲེལ་ཨ་ལུང་།
བོད་ཀྱི་སྐད་ཡིགཐེམ་ཆེན་གསར་འགྱུར་དྲ་བ།ཀྲུང་གོ་བོད་ཀྱི་དྲ་བ།གུང་ཁྲན་ཏང་གི་དྲ་བ།མཆོད་མེ་དྲ་བ།རེབ་གོང་རིག་གནས།
བོད་ཀྱི་རིག་མཛོད།བོད་ཀྱི་སློབ་འབྲིང་།སྣོད་བཅུད་སྲུང་སྐྱོབ།གཅན་ཚ་མི་རིགས་སློབ་འབྲིང་།བོད་ཀྱི་སློབ་གསོ།དགེ་ཆོས་དྲ་བ།
མཚོ་སྔོན་བོད་རིགས་དྲ་བ།ཁམས་པའི་དྲ་བ།རེབ་གོང་བོན་མང་དྲ་བ།ཧི་མ་ལ་ཡའི་བོན།བོད་ཡིག་མཉེན་ཆས་གླིང་། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་།
ཀྲུང་གོའི་བོད་སྐད་རླུང་འཕྲིན་དྲ་བ།བཙན་པོའི་མགར་གྱི་དྲ་བ།གཞོན་གསར་དྲ་བ།