ད་སྔ་གཟིགས་བཞིན་པ། > གཙོ་ངོས། > སྐད་འཇོག་པ།
སྦྱིན་པ་རྒྱ་མཚོ།    2018-02-11 21:06:05
ཐོག་མར་ཨ་མདོའི་བརྙན་འཕྲིན་ཁང་གི་མདོ་འཛིན་པ་ཡོངས་ཀྱི་བྱ་བ་ལམ་འགྲོ་ཡོང་བའི་བཀྲ་ཤིས་སྨོན་འདུན་ཞུ་བ་དང་ཆབ་གཅིག ངའི་མིང་ལ་སྦྱིན་པ་རྒྱ་མཚོ་ཟེར་ཞིང་། ཕ་ཡུལ་རྨ་ཆུ་རྫོང་དབལ་བན་རྙིང་མ་དགོན་པའི་གྲྭ་རྐྱང་དཀྱིལ་མ་ཞིག་ཡིན། ངས་ཐེངས་འདིའི་བཀྲ་ཤིས་གསེར་ཟམ་གྱི་ལེ་ཚན་བརྒྱུད་དེ། རང་གི་དྲིན་ཆེ་བའི་ཕ་ཚུལ་ཁོ་གཙོའི་ཤ་ཉེ་འབྲེལ་ཡོངས་ལ་ལོ་གསར་བའི་ནང་ནད་མེད་ཚེ་རིང་དང་བྱ་བ་ལམ་འགྲོ་ཡོང་བའི་སྨོན་འདུན་དང་། རང་དགོན་པའི་བླ་གྲྭ་ཡོངས་ལ་ཐུགས་མཐུན་ཁྲིམས་གཙང་ཡོང་བ་དང་བྱ་ལམ་འགྲོ་ཡོང་བའི་སྨོནའདུན་ཞུ་བ་དང་། དེ་མིན་སྟོད་ཉི་མ་ལྷ་སར་སོང་བའི་ནུ་བོ་དབང་ཕྱུག་སྟོབས་བཅུད་དང་ཀུན་བཟང་རྡོ་རྗེ། ཨ་ཅེ་འོད་སྐྱིད་དང་མག་པ་རིན་ཆེན་དཔལ་སོགས་དབུས་འཇལ་བ་ཡོངས་ཀྱི་ལམ་སྐབས་བདེ་འཇགས་ཡོང་བའི་བཀྲ་ཤིས་སྨོན་འདུན་ཡང་ཡང་ཞུ།
ཕ་བརྩོན།    2018-02-11 20:36:18
ལོ་གསར་བའི་ནང་ཨ་མདོ་བོད་སྐད་རྒྱང་སྒྲོག་བརྙན་འཕྲིན་ཁང་གི་ལས་བཟོ་བ་ཡོངས་ལ་ཁམ་བདེ་ཞུ། ངའི་ཕ་ཡུལ་རྒྱལ་མོ་དགོན་དགེ་ལྡན་དར་རྒྱས་གླིང་གི་ཡིན་ངའི་མིང་ལ་ཕ་བརྩོན་ཟེར། ངས་ཐེངས་འདིའི་བཀྲ་ཤེས་གསེར་ཟམ་ལེ་ཚན་བརྒྱུད་ནས་རང་ལ་དྲིན་གྱིས་བསྐྱངས་བའི་བརྩེ་ལྡན་གྱི་ཨ་མ་གཙོ་བྱས་བའི་ཤ་ཉེ་རིང་ཡོངས་གྱི་སྐུ་ལུས་ལ་ནད་ཚ་མེད་པའི་སྨོན་མདུན་ཞུ་བ་དང་ཆབ་ཅིག རང་ཁ་བ་གངས་རིའི་ལྗོངས་གི་རིགས་མཐུན་བོད་པ་ཚང་མའི་ཅི་བསམ་ལྷུན་གྱིས་འགྲུབ་པར་སྨོན་མདུན་ཞུ་ཞུ།
ཡོན་ཏན་    2018-02-11 20:36:03
ངི་སྤུན་ཆོང་དོན་འགྲུབ་ལོ་གསར་བའི་སྐུ་ཟུག་བདེ་དང་ནད་མེད་ཚེ་རང་ལོ་རྒྱ་ཡོང་བའི་བཀྲ་ཤིས་སྨོན་འདུན་ཞུ།
ལྷག་བསམ་ནོར་བུ།    2018-02-11 20:09:16
འུ་ཅག་གི་རུས་རྐང་དུ་ཟུག་པའི་ཕ་སྐད་གཙང་མ་ཡི་དབྱངས་སྙན་གྱི་འགྱུར་ཁུག་ཁྲོད་ན་མི་རིགས་ཀྱི་བླ་སྲོག་དྲོན་མོ་སྟེ་སྐད་དང་ཡི་གེའི་ལས་དོན་ལ་བརྩོན་པའི་ཨ་འདོ་བརྙན་འཕྲིན་ཁང་གི་མདོ་འཛིན་པ་ཡོངས་ཉེ་ལམ་སྐུ་ཁམས་བཟང་།
ང་ནི་ཕ་ཡུལ་མཚོ་ནུབ་ཁུལ་ཐེམ་ཆེན་རྫོང་ཅོང་ཆུ་གྲོང་བརྡལ་ནས་ཡིན་ལ། ངའི་མིང་ལ་ལྷག་བསམ་ནོར་བུ་ཟེར།
ད་ལྟ་གསེར་ཐང་བླ་རུང་ལྔ་རིག་ནང་བསྟན་སློབ་གླིང་ན་སློབ་གཉེར་བྱེད་བཞིན་ཡོད་ལ།
བདག་གིས་ཐེངས་འདིའི་བཀྲ་ཤིས་གསེར་ཟམ་ལེ་ཚན་འདི་བརྒྱུད་ནས།
ལོ་སར་གྱིས་ལེགས་སྐྱེས་ཞིག་གི་དོད་དུ་ཤིས་ཚིག་ཞིག་བརྗོད་པས་དེ་ཕུལ་བ་ལེགས་ན།
བཀའ་དྲིན་གསེར་གྱི་རི་རབ་ལས་དཔངས་མཐོ་ཞིང་། བརྩེ་བ་དངུལ་གྱི་རྒྱ་མཚོ་ལས་གཏིང་ཟབ་པའི་དྲིན་ཆེན་གྱི་ཕ་ལོ་མ་ལོ་གཉིས་གཙོ་བྱོས་ནས་ཤ་ཉེ་འབྲེལ་ཡོངས་ལ་ལུས་སེམས་རླུང་རྟ་དར་ཞིང་ཅི་བསམ་ལྷུན་གྱིས་འགྲུབ་པའི་བཀྲ་ཤིས་སྨོན་འདུན་དང་ཆབས་ཅིག་རང་དང་འབྲེལ་འདྲིས་ཆེ་བས་མཆེད་གྲོགས་ཡོངས་ཀྱིས་ཚེ་ཆོས་མཐར་རུ་འཆོལ་བར་ཤོག་ཅིག །
སླར་ཡང་བཀྲ་ཤིས་པའི་ཤིས་ཚིག་ཞིག་གིས་མཐའ་རྒྱན་ན།
ང་ཚོ་འཇིགས་རྟེན་འདིར་སླེབས་པ་ནས་བཟུང་།
འཇིགས་རྟེན་འདི་ན་ཐོས་པ་འཚོལ་བའི་གྲྭ་རྐྱང་སྐོར་ཞིག་གི་ཤེས་རབ་ཀྱི་དབལ་ཁ་ཡོད།
འདི་ན་ངག་རིག་གི་རྐང་གླིང་འབུད་པའི་ན་གཞོན་སྐོར་ཞིག་གི་ལང་ཚོའི་གླུ་སྐད་ཡོད།
འདི་ནི་འུ་ཚོའི་དཔའ་སྤོབས་ཀྱི་གོམ་སྒྲ་སྙན་མོ་དེ་ཡིན་ལ།
འདི་ནི་འུ་ཚོའི་འགྱུར་མེད་ཀྱི་དཔུང་ལྡང་སྒྲིག་སྟངས་དེ་ཡང་ཅི་ལ་མིན།
མི་ཚེའི་ལམ་གྲོགས་འམ་ཆོས་ཀྱི་མཆེད་པོ་དག་བཀའ་དྲིན་ཆེ།
མཐར་རང་སྡེ་བའི་རྒན་དར་གཞོན་གསུམ་ཡོངས་ལ་ནད་མེད་ཚེ་རིང་ལོ་བརྒྱའི་བཀྲ་ཤིས་སྨོན་འདུན་དུ་ཐེངས་འདིའི་བཀྲ་ཤིས་གསེར་ཟམ་ལེ་ཚན་དེར་བཀོད་སྒྲིག་བྱས་ཡོད་པའི་གླུ་གཞས་སྙན་མོ་འདི།
དྲི་མེད་ཀྱི་ཁ་བཏགས་དཀར་པོ་ཞིག་གི་ཚབ་དུ་ཕུལ་བ་ཡིན།
དེ་མིན་ད་དུང་ང་དང་ལས་རིགས་གཅིག་པའི་དགེ་སློབ་ཡོངས་དང་དུས་རྒྱུན་ངའི་སློབ་སྦྱོངས་ལ་ཐུགས་ཁུར་གནང་བའི་གྲོགས་པོ་ཡོངས་ཀྱི་བསམ་དོན་ཆོས་བཞིན་འགྲུབ་པའི་བཀྲ་ཤིས་ལྷ་དར་ཞིག་གི་ཚབ་དུ་ཡང་ཕུལ་བ་ཡིན།
加洋知华    2018-02-11 19:07:01
ཕ་སྐད་གཙང་མའི་དབྱངས་སྙན་གྱི་འགྱུར་ཁུག་ཁྲོད་ན་གངས་ཅན་པའི་བདེ་སྡུག་ལ་ཐུགས་ཁུར་གནང་བཞིན་པའི་ཨ་མདོ་བརྙན་འཕྲིན་ཁང་གི་ལས་བཟོ་བ་རྣམ་པ་དང་བཀྲ་ཤིས་གསེར་ཟམ་ལེ་ཚན་གྱི་མདོ་འཛིན་པ་ཡོངས་ལ་ཁམས་བདེ་ཞུ། ཕྲན་ནི་ཀན་ལྷོ་ཁུལ་ཀླུ་ཆུ་རྫོང་སྟག་ཚང་ལྷ་མོ་དགོན་པའི་གྲྭ་བ་ཞིག་ཡིན། མིང་ལ་འཇམ་དབྱངས་གྲགས་པ་ཟེར། ངས་ཐེངས་འདིའི་བཀྲ་ཤིས་གསེར་ཟམ་ལེ་ཚན་འདི་བརྒྱུད་དེ་རང་དགོན་པ་ན་མི་ཚེ་ཐོས་བསམ་ལ་གཞོལ་བའི་དགེ་རྒན་བཀའ་དྲིན་ཅན་རྣམས་ཀྱི་སྐུ་ཚེ་བརྟན་ཅིང་ཐུགས་བཞེད་ཆོས་བཞིན་འགྲུབ་པ་དང་། གཞན་རེ་སྨོན་སློབ་གྲྭའི་དགེ་རྒན་རྣམས་དང་དགོན་འདིར་སློབ་གཉེར་གྱི་ལས་ལ་འབད་བཞིན་པའི་ཆོས་གྲོགས་ཡོངས་ཀྱི་སློབ་སྦྱོང་གི་འབྲས་བུ་གཡུར་དུ་ཟ་བ་ཞིག་ལོན་ཐུབ་པའི་སྨོན་འདུན་དང་། དེ་མིན་ཤ་ཉེ་འབྲེལ་ཕུ་ནུ་མིང་སྲིང་ཡོངས་ཀྱི་བསམ་དོན་ཡིད་བཞིན་འགྲུབ་པ་དང་ནད་མེད་ཚེ་རིང་ཡོང་བའི་ཁ་གཡང་ཞིག་གི་ཆེད་དུ་ཁྱེད་མདོ་འཛིན་པས་གླུ་དབྱངས་དང་རྡུང་ལེན་གང་རུང་ཞིག་ལེགས་སྐྱེས་སུ་འབུལ་རོགས་ཞུ།
མར་མེ།    2018-02-09 18:46:26
ཕ་སྐད་གཙང་མའི་འགྱུར་ཁུག་ཁྲོད་ན་མི་རིགས་ཀྱི་ལས་དོན་ལ་འབད་བཞིན་པའི་ཨ་འདོ་བརྙན་འཕྲིན་ཁང་གི་ལས་བཟོ་བ་ཡོངས་ལ་ཁམས་བདེ་ཞུ།
ང་ནི་ཕ་ཡུལ་གཅན་ཚ་རྫོང་གླེ་གཞུག་སྡེ་བའི་ཡིན། མིང་ལ་ཤ་བོ་རྡོ་རྗེ་ཟེར། ཐེངས་འདིའི་བཀྲ་ཤིས་གསེར་ཟམ་གྱི་ལེ་ཚན་འདི་རྒྱུད་ནས་རང་ལ་བྱམས་དང་ཐུགས་ཀྱིས་བསྐྱངས་བའི་དྲིན་ཆེན་ཕ་མ་གཉིས་གཙོ་བྱས་ནས་ཤ་ཉེ་འབྲེལ་ཡོངས་དང་རང་སྡེ་བའི་རྒན་དར་གཞོན་གསུམ་རྣམས་ལ་ནད་མེད་ཚེ་རིང་ཡོངས་བའི་བཀྲ་ཤིས་སྨོན་འདུན་ཞུ། དེ་མིན་རྒྱལ་ཁབས་ཕྱི་ནང་ཀུན་ན་གནས་པའི་བོད་རིགས་སྤུན་ཟླ་ཡོངས་ལ་དྲི་མེད་ཁ་བཏགས་དཀར་པོ་ཞིག་གི་ཚུལ་དུ་མདོ་འཛིན་པས་གླུ་དང་རྡུང་ལེན་གང་རུང་ཞིག་བཀོད་སྒྲིག་བྱེད་པར་ཐུགས་རྗེ་ཆེ་ཞུའོ།
འབྲུག་ཚེ་རིང    2018-02-09 16:16:54
ཕ་སྐད་གཙང་མའི་དབྱངས་ཀྱི་འགྱུར་ཁུགས་ཁྲོད་ན་མི་རིགས་གྱི་ལས་དོན་ལ་འབད་བཞིན་པའི་ཨ་མདོ་བརྙན་འཕྲིན་ཁང་གི་མདོ་འཛིན་པ་ཡོངས་ལ་ཁམས་བདེ་ཞུ།ངའི་མིང་ལ་འབྲུག་ཚེ་རིང་ཟེར། ཕ་ཡུལ་རྩེ་ཁོག་རྫོང་ཉིན་ཤུག་ཞང་རོང་བོ་སྦྲ་དཀར་སྡེ་བའི་རུ་ཆུང་གསུམ་པའི་ཡིན་ལ། ངས་
ཐེངས་འདིའི་བཀྲ་ཤིས་གསེར་ཟམ་ལེ་ཚན་གྱི་གླུ་དབྱངས་སྙན་མོའི་འགྱུར་ཁུགས་དང་བསྡོངས་ནས་ས་གཞི་གསེར་གྱིས་བཀང་ཡང་དྲིན་ལན་འཇལ་ཐབས་མེད་པའི་རང་གི་བྱམས་ལྡན་ཕ་མ་གཉིས་གཙོ་བྱས་ནས་ཤ་ཉེ་འབྲེལ་ཡོངས་ལ་ལོ་གསར་བའི་ནང་ལུས་ལ་ན་ཚ་མེད་ཞིང་ཅི་བསམ་ལྷུན་གྱིས་འགྲུབ་པ།རང་སྡེ་བའི་རྒན་པ་རྣམས་ཚེ་ཐག་རིང་ཞིང་གཞོན་པ་རྣམས་འདབས་ལག་རྒྱས་བའི་སྨོན་འདུན་ཞིག་གི་ཚབ་ཏུ་གླུ་གཞས་སྙན་མོ་འདི་ཕུལ་བ་ཡིན།
དཔའ་བཀུར་ཚེ་རིང་།    2018-02-09 10:37:11
ངའི་མིང་ལ་དཔའ་བཀུར་ཚེ་རིང་ཟེར་ཞིང་། མཚོ་སྔོན་ཞིང་ཆེན་མཚོ་ལྷོ་ཁུལ་ཁྲི་ཀ་རྫོང་འཕྲང་དམར་གྲོང་བརྡལ་རྐང་ཚ་གོང་མའི་ཡིན། ད་ལྟ་མཚོ་ལྷོ་ཁུལ་མི་རིགས་མཐོ་རིམ་སློབ་འབྲིང་གཉིས་པའི་ནང་སློབ་གཉེར་བྱེད་བཞིན་ཡོད། དཀའ་སྡུག་ཆེ་བའི་སློབ་གཉེར་གྱི་འཚོ་བའི་ཁྲོད་བདག་ལ་རྒྱབ་སྐྱོར་དང་སྐུལ་མ་བྱེད་མཁན་གྱི་དྲིན་ཆེན་བཤེས་གཉེན་དང་སློབ་གྲོགས་ཡོངས་ལ་བཀའ་དྲིན་ཞུ་བ་དང་ཆབས་ཅིག ལྷག་པར་དུ་དཀའ་སྡུག་གི་འཚོ་བ་གང་མང་ཞིག་མཉམ་དུ་རྒྱབ་ལ་དོར་ནས། དུས་ནམ་ཡང་རང་དང་ལྷན་དུ་གནས་པའི་གྲོགས་མོ་ལྕགས་མོ་རྒྱལ་ལ་སྙིང་ཁོང་རུས་པའི་སྟེང་ནས་བཀའ་དྲིན་ཞུ་བ་དང་གནམ་ལོ་གསར་བར་བཀྲ་ཤིས་བདེ་ལེགས་ཞུ། ཁྱེད་ཀྱི་བརྩེ་བ་ལ་བཀའ་དྲིན་ཆེ། ཁྱེད་ཀྱི་རོགས་རམ་ལ་བཀའ་དྲིན་ཆེ། ང་རང་དུས་ནམ་ཡང་ཁྱེད་དང་ལྷན་དུ་གནས། བཀའ་དྲིན་ཆེ། ལྕགས་མོ་རྒྱལ། །
སྙིང་བྱམས་རྒྱ    2018-02-09 00:57:30
ལོ་གསར་བའི་ཨ་མདོ་བོད་སྐད་རྒྱང་སྒྲོག་བརྙན་འཕྲིན་ཁང་གི་ལས་བཟོ་བ་ཡོངས་ལ་ཁམ་བདེ་ཞུ། ང་ནི་ཕ་ཡུལ་མཚོ་ཤར་རྫོང་རྐང་ཚ་ཞང་རི་ཁག་གསུམ་པའི་ཡིན་ངའི་མིང་ལ་སྙིང་བྱམས་རྒྱ་ཟེེར་།ངས་ཐེངས་འདིའི་བཀྲ་ཤེས་གསེར་ཟམ་ལེ་ཚན་བརྒྱུད་ནས་རང་ལ་དྲིན་གྱིས་བསྐྱངས་བའི་བརྩེ་ལྡན་གྱི་ཨ་མ་དང་ཨ་ཁུ་གཙོ་བྱས་བའི་ཤ་ཉེ་རིང་ཡོངས་གྱི་སྐུ་ལུས་ལ་ནད་ཚ་མེད་པའི་སྨོན་མདུན་ཞུ་བ་དང་ཆབ་ཅིག སྒྲ་སྙན་རྡུང་ལེན་ལ་དགའ་བའི་ན་ཡ་ཚང་མ་དང་རང་ཁ་བ་གངས་རིའི་ལྗོངས་གི་རིགས་མཐུན་བོད་པ་ཚང་མའི་ཅི་བསམ་ལྷུན་གྱིས་འགྲུབ་པར་སྨོན་མདུན་ཞུ་ཞུ།


 
དོན་འགྲུབ།    2018-02-08 23:03:30
ཕ་ཡུལ་གྱི་བདེ་སྡུག་སེམས་ལ་ཉར་བཞིན། ཕ་ཆུས་ཀྱི་ལས་འགན་ཕྲག་ཏུ་བསྣམས་ནས། ང་ཚོའི་རུས་རྐང་ལས་མཆེད་པའི་དབྱངས་རྟ་གསོན་པོ་དེ། འབྱིན་འཇུག་གི་དབུགསཀྱི་རླུང་བུ་དང་བསྡོངས་ནས། འདེགས་འཇོག་གི་སྨྲ་ལྕེའི་དར་ཆ་ལ་བསྐྱོན་ཏེ། ཆབ་དཔལ་རིག་གསུམ་གྱི་བརྗོད་བྱ་བརླིང་པོ། འཆམ་མཐུན་མཉམ་གནས་ཀྱི་སློབ་གསོ་ཟབ་མོ། རིགས་རུས་དུང་ཞེན་གྱི་སྙིང་གཏམ་མངར་མོ། སྤང་བླང་འཇུག་ལྡོག་གི་ལམ་སྟོན་མཛུབ་ཁྲིད། གལ་འགང་རྒྱུན་ཤེས་ཀྱི་གནད་འགག་མཁོ་སྤྲོད་སོགས། མདོར་ན་མི་རིགས་འདིའི་མདུན་བསྐྱོད་ལ་སྣེ་ཁྲིད། རྗེས་ལུས་ལ་བསྐུལ་མ་བཅས་གནང་བའི་སྐད་གསང་མཐོན་པོ། མཐོ་གོ་ལའི་རྩེ། དམའ་རྒྱ་མཚོའི་མཐིལ། བར་ཁོར་ཡུག་གི་ཀློང་རུམ་ཀུན་ཏུ་སྒྲོག་པའི་བོད་ཀྱི་གློག་བརྙན་འཕྲིན་རྒྱང་སྒྲོག་ཁང་ཡོད་དོ་ཅོག་གི་ལས་བྱེད་མི་སྣ་ཡོངས་ལ་ཁམས་འདྲི་ཞུ། ཁོ་བོ་ནི་གནས་སྐབས་སི་ཁྲོན་ཞིང་ཆེན་འཛམ་ཐང་རྫོང་གི་ཉེ་འདབས་ཤིག་ཏུ་འཚོ་སྡོད་བྱས་ཡོད་པའི་མི་ཞིག་ཏེ། མིང་ལ་དོན་འགྲུབ་ཟེར། ད་སྔོན་ལེ་ཚན་འདིར་ཞུགས་མ་མྱོང་བས། ད་ལན་ངས་ཁ་གཡང་སྨོན་ཚིག་གི་ཐོག་མར། གཞིས་བྱེས་བོད་མི་ཡོངས་ཀྱི་རེ་ལྟོས་སུ་གྱུར་བའི་ལམ་སྟོན་གྱི་སྒྲོན་མེ་དམ་པ་མཁན་སློབ་དགེ་རྒན་དང་བཅས་པའི་ཐུགས་བཞེད་གེགས་མེད་དུ་འགྲུབ་པ་དང་། དེ་དག་གི་རྐང་འཛིན་དུ་གྱུར་བའི་གྲྭ་བཙུན་ཐོས་བསམ་པ་རྣམས་དང་། ན་གཞོན་སློབ་མ་ཡོངས་ཀྱི་ལོ་གསར་བའི་ནང་དུ་སྦྱངས་འབྲས་གཡུར་དུ་ཟ་བའི་སྨོན་འདུན་ཞུ་བ་དང་ཆབ་གཅིག གཞན་མཆོག་དམན་བར་མའི་སྐྱེ་འགྲོ་མཐའ་དག་ནད་མེད་བདེ་དགས་འཚོ། འཚེ་མེད་ཞི་ཞི་བདེར་སྤྱོད་པའི་སྨོན་འདུན་ཞུ་རྒྱུ་དང་། མདོ་འཛིན་པ་རྣམ་པས་ཁ་ལས་ཀླུང་རྟ་དར་ཞིང་། འོས་བབས་ཀྱི་འགན་འཁྲི་མཐའ་རུ་འཁྱོལ་བའི་སྨོན་ཚིག་གཙང་མས་ཁ་གཡང་སྒྲོག་གིན་ཡོད།
དོན་འགྲུབ།    2018-02-08 21:52:57
ཕ་སྐད་ཀྱི་དབྱངས་རྟ་ངག་ལ་གྱེར་བཞིན། ཕ་ཆུས་ཀྱི་ལས་དོན་ཕྲག་ཏུ་བསྣམས་ནས། ང་ཚོའི་རུས་རྐང་ལས་མཆེད་པའི་དབྱངས་རྟ་གསོན་པོ་དེ། འབྱིན་འཇུག་གི་དབུགས་ཀྱི་རླུང་བུ་དང་བསྡོངས་ནས། འདེགས་འཇོག་གི་སྨྲ་ལྕེའི་དར་ཆ་ལ་བཀྱོན་ཏེ། སྲིད་འབྱོར་རིག་གསུམ་གྱི་བརྗོད་བྱ་བརླིང་པོ། མི་རིགས་མཐུན་སྒྲིལ་གྱི་བརྩེ་དབྱངས་སྙན་མོ། རིགས་རུས་དུང་ཞེན་གྱི་སྙིང་གཏམ་མངར་མོ། སྤངས་བླང་འཇུག་ལྡོག་གི་འདུན་ལམ་ཡངས་མོ་རྣམས། མཐོ་གོ་་ལའི་རྩེ། དམའ་རྒྱ་མཚོའི་མཐིལ། བར་ཁོར་ཡུག་ཀློང་རུམ་ཀུན་ཏུ། གསང་མཐོར་ནས་གསང་མཐོར་དུ་སྒྲོག་པའི་མདོ་འཛིན་པ་རྣམ་པ་སྐུ་ཁམས་བཟང། ང་ནི་ཟི་ཁྲོན་ཞིང་ཆེན་འཛམ་ཐང་རྫོང་གི་ཉེ་འདབས་སུ་གནས་སྐབས་འཚོ་སྡོད་བྱས་ཡོད་པའི་མི་ཞིག་སྟེ། མིང་ལ་དོན་འགྲུབ་ཟེར། ང་ད་སྔོན་ལེ་ཚན་འདིར་ཞུགས་མ་མྱོང་བས། ད་ལན་ངའི་ཁ་གཡང་སྨོན་ཚིག་གི་ཐོག་མ་རུ་ལོ་གསར་བ་འདིའི་ནང་དུ་གཞིས་བྱེས་བོད་མི་ཡོངས་ཀྱི་བྱ་བ་ལམ་འགྲོ་ཡོང་བ་དང་། བསམ་དོན་ལྷུན་གྱིས་འགྲུབ་པའི་སྨོན་འདུན་ཞུ་བ་དང་ཆབ་གཅིག ཆོལ་གསུམ་བོད་མི་ཡོངས་ཀྱི་འབྱུང་འགྱུར་རེ་ལྟོས་སུ་གྱུར་བའི་གྲྭ་བཙུན་ཐོས་བསམ་པ་རྣམས་དང་། ན་གཞོན་ཤེས་ཡོན་པ་རྣམས་ཀྱིས་སྦྱངས་འབྲས་གཡུར་དུ་ཟ་བའི་སྨོན་འདུན་དང། དེ་དག་གི་རྒྱབ་རྟེན་དུ་གྱུར་བའི་མཁན་སློབ་དགེ་རྒན་རྣམས་ཀྱི་སྐུ་ཚེ་ལ་བར་ཆད་མེད་པ་དང་། བྱ་བ་ལམ་འགྲོ་ཡོང་བའི་སྨོན་འདུན་ཞུ་རྒྱུ་དང་། ཁྱེད་མདོ་འཛིན་པ་རྣམ་པས་ཁ་ལས་ཀླུང་རྟ་དར་ཞིང་འོས་བབས་ཀྱི་འགན་འཁྲི་མཐའ་རུ་འཁྱོལ་བ་དང་། འདུན་ལམ་དང་རྒྱབ་ལྗོངས་མཁའ་ལྟར་ཡངས་བའི་སྨོན་འདུན་བཅས་ཞུ་རྒྱུ་ཡིན་།
ཁམས་སྐྱིད་དབང་མོ    2018-02-08 15:29:33
མཚོ་སྔོན་བོད་སྐད་བརྙན་འཕྲིན་བཀྲ་ཤིས་གསེར་ཟམ་ལེ་ཚན་གྱི་ལས་བྱེད་པ་ཡོངས་ལ་ཁམས་བདེ་ཞུ།
ང་ནི་ཕ་ཡུལ་ཨེར་སྟི་ཞིང་ཆུ་རྔ་སྡེ་བའི་ཡིན་ཞིང་།མིང་ལ་ཁམས་སྐྱིད་དབང་མོ་ཟེར།གནམ་ལོ་གསར་ཚེས་ལ་ཉེ་བའི་དུས་འདིར།ངས་ཐེངས་འདིས་བཀྲ་ཤིས་གསེར་ཟམ་ལེ་ཚན་བརྒྱུད་ནས་རང་ལ་བྱམས་དང་ཐུགས་ཀྱིས་བསྐྱངས་བའི་དྲིན་ཆེན་ཕ་མ་གཉིས་གཙོ་བྱས་ཏེ་ཁྱིམ་མི་ཤ་ཉེ་འབྲེལ་ཡོངས་ལ་ལུས་ལ་ན་ཚ་མེད་ཞིང་ཅི་བསམ་ལྷུན་གྱིས་འགྲུབ་པའི་འཚམ་འདྲི་ཞུ་བ་དང་ཆབས་ཅིག་ཏུ་རང་སྡེ་བའི་རྒན་པ་རྣམས་ཚེ་ཐག་རིང་ཞིང་གཞོན་པ་རྣམས་འདབས་ལག་རྒྱས་བའི་སྨོན་འདུན་ཞུ།དེ་མིན་གངས་རིའི་ཕྱི་ནང་གཉིས་ན་གནས་པའི་བོད་རིགས་སྤུན་ཟླ་ཡོངས་ལ་ཅི་བསམ་ལྷུན་གྱིས་འགྲུབ་པའི་སྨོན་འདུན་ཞིག་གི་ཚབ་ཏུ་གླུ་གཞས་སྙན་མོ་འདི་ཕུལ་བ་ཡིན།
ཀུན་བཟང་ཚེ་རིང་།    2018-02-07 23:19:44
ཕ་སྐད་གཙང་མའི་དབྱངས་ཀྱི་འགྱུར་ཁུགས་ཁྲོད་ན་མི་རིགས་ལས་དོན་ལ་འབད་བཞིན་པའི་ཨ་མདོ་བརྙན་འཕྲིན་ཁང་གི་མདོ་འཛིན་པ་ཡོངས་ལ་ཁམས་བདེ་ཞུ།ངའི་མིང་ལ་ཀུན་བཟང་ཚེ་རིང་ཟེར། ཕ་ཡུལ་རྩེ་ཁོག་རྫོང་བོན་རྒྱ་ཡུལ་ཚོ་ནས་ཡིན།
ཐེངས་འདིའི་བཀྲ་ཤིས་གསེར་ཟམ་ལེ་ཚན་གྱི་གླུ་དབྱངས་སྙན་མོའི་འགྱུར་ཁུགས་དང་བསྡོངས་ནས་ས་གཞི་གསེར་གྱིས་བཀང་ཡང་དྲིན་ལན་འཇལ་ཐབས་མེད་པའི་རང་གི་བྱམས་ལྡན་ཕ་མ་གཉིས་གཙོ་བྱས་ཏེ། ཤ་ཉེ་འབྲེལ་ཡོངས་དང་དུས་རྒྱུན་རང་ཉིད་ཀྱི་འཚོ་བའི་གྲུ་ཟུར་རེ་རེ་ན་ཐུགས་ཁུར་དང་རྒྱབ་སྐྱོར་བླ་མེད་གནང་བའི་གྲོགས་དང་གྲོགས་མོ།ད་དུང་རང་སྡེ་བའི་རྒན་པ་རྣམས་ཚེ་ཐག་རིང་ཞིང་གཞོན་པ་རྣམས་འདབས་ལག་རྒྱས་བའི་སྨོན་འདུན་ཞིག་གི་ཚབ་ཏུ་གླུ་གཞས་སྙན་མོ་འདི་ཕུལ་བ་ཡིན།
དཔལ་བཟང་།    2018-02-07 15:14:46
ཨ་མདོ་བོད་སྐད་རྒྱང་སྒྲོག་བརྙན་འཕྲིན་ཁང་གི་མདོ་འཛིན་པ་ཡོངས་ལ་གནམ་ལོ་གསར་ཚེས་ནང་ཅི་བསམ་ལྷུན་གྱིས་འགྲུབ་པའི་སྨོན་འདུན་ཞུ། ང་རང་ཕ་ཡུལ་ཧྭ་ལུང་རྫོང་གསེར་གཞུང་ཞང་བྱུང་བ་སྡེ་བའི་ཡིན་མིང་ལ་དཔལ་བཟང་ཟེར། ངས་ཐེངས་འདི་བཀྲ་ཤིས་གསེར་ཟམ་ལས་ཚན་བརྒྱུད་ནས་གནམ་ལོ་གསར་ཚེས་ནང་ང་རང་དྲིན་གྱིས་བསྐྱངས་བའི་དྲིན་ཆེན་གྱི་ཕ་མ་གཉིས་ཀྱི་སྐུ་ལུས་རི་རྒྱབ་ལྷུན་པོ་བཞིན་བརྟན་ཞིང་ཤ་ཉེ་འབྲེལ་ཡོངས་ཀྱི་ཅི་བསམ་ལྷུན་གྱིས་འགྲུབ་པའི་བཀྲ་ཤིས་སྨོན་འདུན་ཞུ་བ་དང་ཆབས་ཅིག་བོད་ཁ་བ་གངས་ཅན་ལྗོངས་ཀྱི་རིགས་གཅིག་གི་སྤུན་ཟླ་ཡོངས་ལ་གནམ་ལོ་གསར་ཚེས་ནང་ཅི་བསམ་ལྷུན་གྱིས་འགྲུབ་པའི་བཀྲ་ཤིས་ཁ་གཡང་འབོད།
དཔལ་བཟང་།    2018-02-07 15:02:08
ཨ་མདོ་བོད་སྐད་རྒྱང་སྒྲོག་བརྙན་འཕྲིན་ཁང་གི་མདོ་འཛིན་པ་ཡོངས་ལ་གནམ་ལོ་གསར་ཚེས་ནང་ཅི་བསམ་ལྷུན་གྱིས་འགྲུབ་པའི་སྨོན་མདུན་ཞུ། ང་ནི་ཧྭ་ལུང་རྫོང་གསེར་གཞུང་ཞང་བྱུང་བ་སྡེ་བའི་ཡིན་མིང་ལ་དཔལ་བཟང་ཟེར། ངས་ཐེངས་འདི་བཀྲ་ཤིས་གསེར་ཟམ་ལས་ཚན་བརྒྱུད་ནས་གནམ་ལོ་གསར་ཚེས་ནང་ང་རང་དྲིན་གྱིས་བསྐྱངས་བའི་དྲིན་ཆེན་གྱི་ཕ་མ་གཉིས་ཀྱི་སྐུ་ལུས་རི་རྒྱབ་ལྷུན་པོ་བཞིན་བརྟན་ཞིང་ཤ་ཉེ་འབྲེལ་ཡོངས་ཀྱི་ཅི་བསམ་ལྷུན་གྱིས་འགྲུབ་པའི་བཀྲ་ཤིས་སྨོན་མདུན་ཞུ་བ་དང་ཆབས་ཅིག་བོད་ཁ་བ་གངས་ཅན་ལྗོངས་ཀྱི་སྤུན་ཟླ་ཡོངས་ལ་གནམ་ལོ་གསར་ཚེས་ནང་ཅི་བསམ་ལྷུན་གྱིས་འགྲུབ་པའི་སྨོན་མདུན་ཞུ་ཞུ།།
ཞི༔བདེ།    2018-02-07 14:41:36
བདག་གི་ཕ་ཡུལ་ནི་ཁྲི་ཀ་རྫོང་འཕྲང་དམར་ཡུལ་ཚོ་ལྷ་སྡེ་སྡེ་བའི་ཡིན་ཞིང་། དངོས་མིང་ལ་གཡང་ཕྱུག་རྒྱལ་དང་དྲྭ་མིང་ལ་ཞིཿབདེ་ཟེར། ངའི་ཐེངས་འདིའི་བཀྲ་ཤིས་གསེར་ཟམ་ལེ་ཚན་རྒྱུད་ནས་གནམ་ལོ་གསར་བ་འདིའི་ནང་དུ་དྲིན་ཆེན་ཕ་མ་གཉིས་ཀྱི་སྐུ་ལ་ནད་ཙ་མེད་ཅིང་། ཕྱུགས་ལ་བཀོད་ཁ་མེད་པའི་སྨོན་འདུན་ཞུ་བ་དང་། རང་དགོན་པའི་དགེ་འདུན་པ་ཡོངས་དང་ལྷག་པར་དུ་ང་ལ་དུས་རྒྱུན་ཐུགས་ཁུར་དང་རྒྱབ་སྐྱོར་གནང་བཞིན་པའི་བཤེས་གཉེན་རྣམས་གཉིས་བཅས་ལ་སྐུ་ལ་ནད་མེད་དང་། ཚེ་རིང་ལོ་བརྒྱ། བསམ་དོན་ལྷུན་འགྲུབ་ཡོང་སྨོན་འདུན་ཞུ་བ་དང་། དེ་དང་ཆབས་གཅིག་བོད་མདོ་དབུས་ཁམས་གསུམ་ན་བཞུགས་པའི་བོད་ཀྱི་བདེ་སྡུག་ལ་ཐུགས་ཁུར་གནང་དང་གནང་བཞིན་པའི་སྐྱེས་བུ་དག་དང་རི་ཁ་བའི་ཡུལ་ཀྱི་བོད་རིགས་སྤུན་ཟླ་ཚང་མ་ལ་མཐུན་སྒྲིལ་སྔར་ལས་བརྟན་ཅིང་། ཕ་སྐད་དང་ཡུལ་སྲོལ་ལུགས་བཟང་ང་ཚོ་ཕྱི་རབས་པ་དག་གིས་རང་ཉིད་ནས་དར་རྒྱས་གཏོང་ཐུབ་པའསི་སྨོནམཐར་གནམ་ལོ་གསར་བའི་ནང་བོད་ཁ་བའི་ཡུལ་ལ་བཀྲ་ཤིས་འཆམ་མཐུན་ཡོངས་བའི་སྨོན་འདུན་ཞུ། བཀྲ་ཤིས་བདེ་ལེགས།
ཚེ་གཟུངས་འབུམ    2018-02-07 13:32:27
ཕ་སྐད་གཙང་མའི་དབྱིངས་ཀྱི་འགྱུར་ཁུགས་ཁྲོད་ན་མི་རིགས་ལས་དོན་ལ་འབད་བཞིན་པའི་ཨ་མདོ་བརྙན་འཕྲིན་ཁང་གི་མདོ་འཛིན་པ་ཡོངས་ལ་ཁམས་བདེ་ཞུ།
བུ་ཆུང་ངའི་མིང་ལ་ཚེ་གཟུངས་འབུམ་ཟེར།ཕ་ཡུལ་ཀོས་ནན་རྫོང་བྱ་མདོ་ཞང་འབྲོག་རུ་བོན་སྐོར་སྡེ་བའི་རུ་ཁག་གསུམ་པའི་ཡིན། ཐེངས་འདིའི་བཀྲ་ཤིས་གསེར་ཟམ་ལེ་ཚན་བརྒྱུད་ནས་རང་ཉིད་ཀྱི་དགེ་རྒན་དམ་པ་བསོད་ནམས་རྡོ་རྗེ་ཡི་རླངས་འཁོར་ཁྲིད་སྦྱོང་ལེགས་པའི་རྐྱེན་གྱི་རང་ཉིད་ཀྱི་ཟམ་ཁའི་ཁ་ལོ་བའི་སློབ་གྲྭ་ནས་རླངས་འཁོར་འཛིན་བྱང་ལེན་ཐུབ་པ་བྱུང་།དེ་བས་དགེ་རྒན་ཁྱེད་ཀྱི་གནམ་ལོ་གསར་ཚེས་ཀྱི་ནང་བྱ་བ་ཐམས་ཅད་ཡིད་བཞིན་དུ་འགྲུབ་པའི་བཀྲ་ཤིས་སྨོན་འདུན་ཞུ་བ་ཆབས་ཅིག་རང་གི་ཤ་ཉེ་སྤུན་མཆེད་རྣམས་ཀྱི་ཀྱང་ལོ་གསར་བའི་ནང་བྱ་བ་ཐམས་ཅད་ཡར་ངོའི་ཟླ་ལྟར་འཕེལ་བའི་བཀྲཤིས་སྨོན་འདུན་དང་།ཅི་བསམ་ལྷུན་འགྲུབ།ནད་མེད་ཚེ་རིང་ལོ་བརྒྱ་ཡོང་བའི་བཀྲ་ཤིས་སྨོན་འདུན་ཞུ།
ཆོས་དར་རྒྱལ    2018-02-06 22:31:52
འུ་ཅག་གི་རུས་རྐང་དུ་ཟུག་པའི་ཕ་སྐད་གཙང་མ་ཡི་དབྱངས་སྙན་གྱི་འགྱུར་ཁུག་ཁྲོད་ན་མི་རིགས་ཀྱི་བླ་སྲོག་དྲོན་མོ་སྟེ་སྐད་དང་ཡི་གེའི་ལས་དོན་ལ་བརྩོན་པའི་ཨ་འདོ་བརྙན་འཕྲིན་ཁང་གི་མདོ་འཛིན་པ་ཡོངས་ཉེ་ལམ་སྐུ་ཁམས་བཟང་། ང་ནི་ཕ་ཡུལ་རྨ་ལྷོ་ཁུལ་རྩེ་ཁོག་རྫོང་ཧོར་ཡུལ་ཚོ་གཡང་འཁྱིལ་སྡེ་བའི་ཡིན་ལ། ངའི་མིང་ལ་ཆོས་དར་རྒྱལ་ཟེར། ཐེངས་འདིའི་བཀྲ་ཤིས་གསེར་ཟམ་ལེ་ཚན་འདི་བརྒྱུད་ནས་བདག་གི་ཤ་ཉེ་འབྲེལ་ཡོངས་གཙོ་བྱས་ནས་རང་གཡང་འཁྱིལ་སྡེ་བའི་སྡེ་མི་ཡོངས་དང་ན་གཞོན་ཡར་སྐུལ་མཐུན་ཚོགས་ཀྱི་ཚོགས་མི་རྣམས་ཀྱི་ལོ་གསར་བའི་ནང་ཁ་ལས་རླུང་རྟ་དར་ཞིང་ལས་དོན་དབྱར་མཚོ་བཞིན་རྒྱས་པའི་སླད་དུ་ཐེངས་འདིའི་བཀྲ་ཤིས་གསེར་ཟམ་ལེ་ཚན་དེར་བཀོད་སྒྲིག་བྱས་ཡོད་པའི་གླུ་གཞས་སྙན་མོ་འདི་དག་དྲི་མེད་ཀྱི་ཁ་བཏགས་དཀར་པོ་ཞིག་གི་ཚབ་ཏུ་ཕུལ་བ་ཡིན།
དེ་མིན་ད་དུང་ང་དང་ལས་རིགས་གཅིག་པའི་དགེ་སློབ་ཡོངས་དང་དུས་རྒྱུན་ངའི་བྱ་བར་ཐུགས་ཁུར་གནང་བའི་གྲོགས་པོ་ཡོངས་ཀྱི་བསམ་དོན་ཆོས་བཞིན་འགྲུབ་པའི་སྨོན་འདུན་དུ་ཡང་ཕུལ་བ་ཡིན།
བསྟན་པ་སྐྱབས    2018-02-06 18:36:22
གངས་ཅན་ཁ་བའི་ལྗོངས་གྱིས་བོད་རིགས་སྤུན་ཟླ་རྣམ་ལ་གནམ་ལོ་སར་ལ་ཉེ་བའི་སྐབས་འདིར་་་ངས་ཁྱེད་རྣམ་ལ་ལུས་ལ་ན་ཚ་མེད་པ་དང་ཅི་བསམ་ལྷུན་གྱིས་འགྲུབ་པའི་བཀྲ་ཤེས་སྨོན་ལྡན་ཞུ།ངའི་ཕ་ཡུལ་རྔ་བ་རྫོ་གཅའ་རུ་བའི་ནག་ཚང་མ་སྡེ་བ་ཡིན།།ཐེངས་འདིར་ངས་བཀྲ་ཤེས་གསེ་ཟམ་ལེ་ཚན་བརྒྱུད་ནས་དྲིན་ཆེན་ཕ་མ་གཉིས་གཙོ་བྱས་ནས་ཉ་ཉེ་འབྲེལ་་ཡོངས་ལ་གླུ་གཞས་ཉན་མོ་དེ་དག་ཁ་བཏགས་དཀོར་པོ་ཞིག་གི་ཚབ་དུ་ཕུལ་བ་ཡིན།
པདྨ་རྡོ་རྗེ།    2018-02-06 16:23:30
ཕ་སྐད་གཙང་མའི་དབྱངས་ཀྱི་འགྱུར་ཁུགས་ཁྲོད་ན་མི་རིགས་ལས་དོན་ལ་འབད་བཞིན་པའི་ཨ་མདོ་བརྙན་འཕྲིན་ཁང་གི་མདོ་འཛིན་པ་ཡོངས་ལ་ཁམས་བདེ་ཞུ།ངའི་མིང་ལ་པདྨ་རྡོ་རྗེ་ཟེར། ཕ་ཡུལ་མགོ་ལོག་རྨ་ཆེན་རྫོང་གངས་རི་ཡུལ་ཚོའི་ཡིན།
ཐེངས་འདིའི་བཀྲ་ཤིས་གསེར་ཟམ་ལེ་ཚན་གྱི་གླུ་དབྱངས་སྙན་མོའི་འགྱུར་ཁུགས་དང་བསྡོངས་ནས་ས་གཞི་གསེར་གྱིས་བཀང་ཡང་དྲིན་ལན་འཇལ་ཐབས་མེད་པའི་རང་གི་བྱམས་ལྡན་ཕ་མ་གཉིས་གཙོ་བྱས་ནས་ནུ་མོ་དང་ནུ་བོ་ཤ་ཉེ་འབྲེལ་དང་གྲོགས་པོ་ཡོངས་ལ་སྤྱི་ལོ་ཉིས་སྟོང་བཅོ་བརྒྱད་ལོར་ལུས་ལ་ན་ཚ་མེད་ཞིང་ཅི་བསམ་ལྷུན་གྱིས་འགྲུབ་པ།རང་སྡེ་བའི་རྒན་པ་རྣམས་ཚེ་ཐག་རིང་ཞིང་གཞོན་པ་རྣམས་འདབས་ལག་རྒྱས་བའི་སྨོན་འདུན་ཞིག་གི་ཚབ་ཏུ་གླུ་གཞས་སྙན་མོ་འདི་ཕུལ་བ་ཡིན།ཏུརརརར
སྐད་འཇོག་པ།
མིང་། *
ཡིག་ཟམ། *
ཁ་པར།
ནང་དོན།(*):
 
མཛའ་འབྲེལ་ཨ་ལུང་།
བོད་ཀྱི་སྐད་ཡིགཐེམ་ཆེན་གསར་འགྱུར་དྲ་བ།ཀྲུང་གོ་བོད་ཀྱི་དྲ་བ།གུང་ཁྲན་ཏང་གི་དྲ་བ།མཆོད་མེ་དྲ་བ།རེབ་གོང་རིག་གནས།
བོད་ཀྱི་རིག་མཛོད།བོད་ཀྱི་སློབ་འབྲིང་།སྣོད་བཅུད་སྲུང་སྐྱོབ།གཅན་ཚ་མི་རིགས་སློབ་འབྲིང་།བོད་ཀྱི་སློབ་གསོ།དགེ་ཆོས་དྲ་བ།
མཚོ་སྔོན་བོད་རིགས་དྲ་བ།ཁམས་པའི་དྲ་བ།རེབ་གོང་བོན་མང་དྲ་བ།ཧི་མ་ལ་ཡའི་བོན།བོད་ཡིག་མཉེན་ཆས་གླིང་། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་།
ཀྲུང་གོའི་བོད་སྐད་རླུང་འཕྲིན་དྲ་བ།བཙན་པོའི་མགར་གྱི་དྲ་བ།གཞོན་གསར་དྲ་བ།