ད་སྔ་གཟིགས་བཞིན་པ། > གཙོ་ངོས། > སྐད་འཇོག་པ།
རིག་བྱེད་མཚོ    2018-02-06 11:22:33
མཚོ་སྔོན་བརྙན་འཕྲིན་ཁང་གི་མདོ་འཛིན་པ་ཡོངས་ལགས་ཁམས་བཟང་། ང་ནི་རྨ་ལྷོ་ཁུལ་རྩེ་ཁོག་རྫོང་ཉིན་ཤུག་ཡུལ་ཚོ་ནས་ཡིན་ལ་ངའི་མིང་ལ་རིག་བྱེད་མཚོ་ཟེར། ངས་ཐེངས་འདིའི་བཀྲ་ཤིས་གསེར་ཟམ་ལེ་ཚན་རྒྱུད་ནས་ཕ་སྐད་གཙང་མའི་དབྱངས་ཀྱི་འགྱུར་ཁུག་ཁྲོད་ན་མི་རིགས་གྱི་ལས་དོན་ལ་འབད་བཞིན་པའི་ཨ་མདོ་བརྙན་འཕྲིན་ཁང་གི་ལས་བཟོ་བ་ཡོངས་ལ་གནམ་ལོ་གསར་བའི་ནང་ཚེ་རིང་ནད་མེད་ཡོང་བ་དང་ཇི་བསམ་ལྷུན་གྱིས་འགྲུབ་པའི་བཀྲ་ཤིས་སྨོན་འདུན་ཞུ་བ་དང་ཆབས་ཅིག དྲིན་ཆེན་ཕ་མ་གཙོ་བྱས་རང་སྡེ་བའི་རྒན་དར་གཞོན་གསུམ་ཡོངས་ལ་ནད་མེད་ཚེ་རིང་ལོ་བརྒྱའི་བཀྲ་ཤིས་སྨོན་འདུན་དུ་ཕུལ་བ་ཡིན།
ཀེ་ལ།    2018-02-04 23:51:11
ཨ་མདོ་བརྙན་འཕྲིན་ཁང་གི་ལས་བཟོ་བ་ཡོངས་ལ་འཚམས་འདྲི་བཀྲ་ཤིས་བདེ་ལེགས་ཞུ་བ་དང་ལྷན། ང་རང་རེབ་གོང་ཐོ་རྒྱ་གྲོང་བརྡལ་སྨད་པ་རྐ་བར་མ་ནས་ཡིན་ཞིང་། མིང་ལ་ཀེ་ལ་ཟེར།ད་ལོ་བསྐལ་བ་ཁྱི་ཡི་ལོར་བཀྲ་ཤིས་གནམ་ལོ་གསར་བའི་ནང་རང་གི་ཕུ་བོ་བསོད་ནམས་རྒྱ་མཚོ་བཟའ་མི་ཡོངས་དང་ནུ་བོ་ཀུན་བཟང་ཚེ་རིང་བཟའ་མི་ཡོངས་བཅས་ལ་མི་ཐོག་ན་ཚ་མེད་ཅིང་ཕྱུགས་ལ་གོ་ཁ་མེད་པ།ཅི་བསམ་ལྷུན་གྱིས་འགྲུབ་པའི་བཀྲ་ཤིས་སྨོན་འདུན།རྩེ་ཁོག་རྫོང་གི་རྫོང་དཔོན་གཞོན་པ་སྐུ་ཞབས་འབྲུག་བྱམས་རྒྱལ་མཆོག་ལ་ཡང་ལོ་གསར་བའི་ནང་དུ་ཚེ་བསོད་རླུང་རྟ་རྒྱས་ཤིང་བྱ་བ་ལམ་འགྲོ་ཡོང་བའི་བཀྲ་ཤིས་སྨོན་འདུན།རང་ཚོ་བའི་རྒན་པ་ཨ་མྱེས་དཔལ་རྡོར་དང་ཨ་ཁུ་དོན་གྲུབ།ཨ་མྱེས་སྟུག་ལྡིང་།ཨ་མྱེས་དཀའ་ཐུབ་རྒྱལ།ཨ་མྱེས་འབྲུག་ལྷ་རྒྱལ།ཨ་ཅེ་བཀྲ་གོ ཨ་ཡེ་བཀྲ་ཤིས་སྐྱིད།ཨ་མ་ལྕགས་སྦ།ཨ་མ་མཁའ་ལང་།ཨ་ཡེ་མྱིང་མེད།ཨ་ཡེ་མཁའ་མོ་བྱམས།ཨ་ཡེ་ལྕགས་མོ་བྱམས།ཨ་ཅེ་བན་གོ་བཅས་ལ་ཡང་ནད་མེད་ཚེ་ཐག་རིང་ཞིང་།འཚོ་བ་བདེ་སྐྱིད་ལྡན་པའི་བཀྲ་ཤིས་སྨོན་འདུན།སྨད་པ་མི་རིགས་སློབ་འབྲིང་གི་བརྒྱད་ཅུ་གྱ་དྲུག་ལོར་དམའ་འབྲིང་མཐར་ཕྱིན་འཛིན་གྲྭའི་དགེ་སློབ་ཡོངས་དང་རེབ་གོང་རྫོང་མི་རིགས་སློབ་འབྲིང་གི་བརྒྱད་ཅུ་གྱ་བརྒྱད་ལོར་མཐོ་འབྲིང་མཐར་ཕྱིན ་གྱི་འཛིན་གྲྭ་གཉིས་པའི་དགེ་སློབ་ཡོངས་ལ་ལོ་གསར་བའི་ནང་དུ་ཁ་ལས་རླུང་རྟ་དར་ཞིང་བསོད་ནམས་དབང་ཐང་རྒྱས་བ།ཅི་བསམ་དོན་ཀུན་འགྲུབ་པའི་བཀྲ་ཤིས་སྨོན་འདུན།གཞན་ཡང་ཁྱེད་བརྙན་འཕྲིན་ཁང་གི་ལས་བཟོ་བ་ཡོངས་ཀྱིས་སྐུ་ཁམས་བདེ་ཞིང་བརྙན་འཕྲིན་གྱི་ལས་དོན་ལོ་རེར་བཞིན་གོང་ནས་གོང་དུ་འཕེལ་ཏེ་ལྟ་མཁན་རྣམས་ཀྱི་འདོད་ལོ་སྐོང་ཐུབཔའི་འཕྲིན་ལམ་གསར་བ་ཞིག་ཏུ་བསྙེགས་ཐུབ་པའི་བཀྲ་ཤིས་སྨོན་འདུན། འཇིག་རྟེན་ཟླུམ་པོ་འདིའི་སྟེང་གི་སྐྱེས་འགྲོ་མ་ལུས་ཀུན་ལ་ནད་དང་མུ་གེའི་འཁྲུག་རྩོད་སོགས་ཀྱི་སྡུག་བསྔལ་མེད་པར་ཐམས་ཅད་ཞི་བདེ་དང་འཆམས་མཐུན་གྱིས་འཚོ་བ་བདེ་སྐྱིད་ལྡན་པའི་བཀྲ་ཤིས་སྨོན་འདུན་བཅས་ལ་གླུ་བ་ལུ་གུ་རྒྱལ་ཡིས་བླངས་པའི་ཨ་ཞང་་ལོ་ལོ་ཟེར་བའི་དམངས་གླུ་དེ་འབུལ་འདོད་ཆེ་བས་གོ་སྒྲིག་གནང་རོགས་ཞུ།བྱ་བ་ལམ་འགྲོ །ཁ་དྲོ་བཀྲ་ཤིས།
བཤད་སྒྲུབ་རྒྱ་མཚོ།    2018-02-04 23:05:54
ཕ་སྐད་ཀྱི་དབྱངས་རྟ་ངག་ལ་གྱེར་ཞིང་མི་རིགས་ཀྱི་ལས་དོན་སེམས་སུ་ཉར་བའི་ཨ་མདོ་བརྙན་འཕྲིན་ཁང་གི་ལས་བཟོ་བ་ཡོངས་ལགས་ཉེ་ལམ་སྐུ་བདེ་འམ་ང་ནི་རེབ་གོང་རྫོང་དར་ཞིང་དགོན་པའི་གྲྭ་རྐྱང་དཀྱུས་མ་ཞིག་སྟེ་མིང་ལ་བཤད་སྒྲུབ་རྒྱ་མཚོ་ཟེར། ངས་ཐེངས་འདིའི་བཀྲ་ཤིས་གསེར་ཟམ་གྱི་ལེ་ཚན་བརྒྱུད་ནས་མཚོ་སྔོན་བོད་བརྒྱུད་ནང་བསྟན་སློབ་གླིང་གི་དགེ་རྒན་རྣམས་པ་གཙོ་བྱས་ངེད་མཚན་རམས་བློ་སྦྱོང་འཛིན་གྲྭའི་སློབ་གྲོགས་ཡོངས་ལ་གནམ་ལོ་གསར་བའི་ནང་ལུས་ལ་ན་ཚ་མེད་ཅིང་སློབ་སྦྱོང་གི་འབྲས་བུ་ཡར་ངོའི་ཟླ་བཞིན་འཕེལ་བའི་བཀྲ་ཤིས་སྨོན་འདུན་ཞུ་བ་དང་། དེ་མིན་བདེ་འཛོམས་དགའ་ཚལ་གླིང་གི་ཆོས་འཆད་ཉན་དང་བསླབ་པ་སློབ་གཉེར་སོགས་ལ་གེགས་མེད་ལྷུན་གྱིས་འགྲུབ་ཅིང་དྲི་མེད་ཁ་བཏགས་ཡུག་ཅིག་གི་ཚབ་ཏུ་མདོ་འཛིན་པས་གླུ་དང་རྡུང་ལེན་གང་རུང་ཞིག་གོ་སྒྲིག་གནང་བར་བཀའ་དྲིན་ཞུ་བ་ལགས།
རྡོ་རྗེ་དོན་འགྲུབ།།    2018-02-04 20:54:33
ལོ་གསར་ལ་ཉེ་བའི་སྐབས་འདིར་ཨ་མདོ་བོད་སྐད་རྒྱང་སྒྲོག་བརྙན་འཕྲིན་ཁང་གི་ལས་བཟོ་བ་ཡོངས་ལ་ཁམས་བདེ་ཞུ། ང་ནི་ཕ་ཡུལ་རྨ་ལྷོ་སོག་རྫོང་ཨ་རིག་ཡུལ་ཚོ་ཤ་ལ་སྡེ་བའི་ཡིན་ལ་ངའི་མིང་ལ་ཁུ་ཁུ་འམ་རྡོ་རྗེ་དོན་འགྲུབ་ཟེར་། ངས་ཐེངས་འདིའི་བཀྲ་ཤེས་གསེར་ཟམ་ལེ་ཚན་བརྒྱུད་ནས་སྐྱབས་གྱི་མགོན་སྔགས་འཆང་ཆོས་འཕེལ་རྒྱ་མཚོའི་སྐུ་ལུས་གསེར་གྱི་རི་བོ་བཞིན་དུ་བསྟན་པའི་བཀྲ་ཤིས་སྨོན་འདུན་ཞུ་བ་དང་དེ་མིན་རང་ལ་དྲིན་གྱིས་བསྐྱངས་བའི་བརྩེ་ལྡན་གྱི་ཨ་མ་གཉིས་གཙོ་བྱས་བའི་ཕུ་བོ་དང་ནུ་བོ་དེ་མིན་རང་གི་ཤ་ཉེ་རིང་ཡོངས་དང་རང་ཤ་ལ་སྡེ་བའི་སྡེ་མི་ཡོངས་གྱི་སྐུ་ལུས་ལ་ནད་ཚ་མེད་པའི་སྨོན་མདུན་ཞུ་བ་དང་ཆབ་ཅིག རང་ཁ་བ་གངས་རིའི་ལྗོངས་གི་རིགས་མཐུན་བོད་པ་ཚང་མའི་ཅི་བསམ་ལྷུན་གྱིས་འགྲུབ་པར་སྨོན་མདུན་ཞུ་ཞུ།
རྡོ་རྗེ་རབ་བརྟེན།།    2018-02-04 20:51:07
ཐུན་རིན་རྫོང་གཉན་ཐོག་ཞིང་ཕ་ཡུལ་ཤ་སྦྲང་།།ལོ་སར་ནང་བོད་རིགས་སྤུན་ནམ་བྱ་བ་ལམ་འགྲོ་དང་ཚེ་རིང་ལོ་རྒྱ་།
་ངི་མབ་ལ་བསོད་ནམས་ཡོན་ཏན་ཟེར།    2018-02-04 20:47:29
ཕ་ཡུལ་དགེ་གོང་ཡིན་ཨ་ཕ་མཁས་འགྲུབ་ནུ་བོ་དོན་འགྲུབ་གིས་རྩོ་བོ་བྱེས་ནས་ཆུམ་མི་ཡོང་ལས་ལ་ནད་་ཚ་མེད་པར་ཤོག་བསམ་རྟན་ཡི་བཞི་ན་འགྲུབ་པར་ཤོག། བསོད་ནམས་ཡོན་ཏན་ནས
ཙནྡྲ།    2018-02-03 04:35:19
དྲིན་ཆེན་ཨ་མ་ཡི་གཙོ་བྱས་པའི་མདོ་འཛིན་པ་རྣམས་གྲོགས་པོ་དང་གྲོགས་མོ་ཚང་ལོ་གསར་བའི་ནང་ཅི་བསམ་ཡིད་བཞིན་འགྲུབ་པར་སྨོན།
བཤད་སྒྲུབ་རྒྱ་མཚོ།    2018-02-03 01:58:33
ཕ་སྐད་ཀྱི་དབྱངས་རྟ་ངག་ལ་གྱེར་ཞིང་མི་རིགས་ཀྱི་ལས་དོན་སེམས་སུ་ཉར་བའི་ཨ་མདོ་བརྙན་འཕྲིན་ཁང་གི་ལས་བཟོ་བ་ཡོངས་ལགས་ཉེ་ལམ་སྐུ་བདེ་འམ་ང་ནི་རེབ་གོང་རྫོང་དར་ཞིང་དགོན་པའི་གྲྭ་རྐྱང་དཀྱུས་མ་ཞིག་སྟེ་མིང་ལ་བཤད་སྒྲུབ་རྒྱ་མཚོ་ཟེར། ངས་ཐེངས་འདིའི་བཀྲ་ཤིས་གསེར་ཟམ་གྱི་ལེ་ཚན་བརྒྱུད་ནས་མཚོ་སྔོན་བོད་བརྒྱུད་ནང་བསྟན་སློབ་གླིང་གི་དགེ་རྒན་རྣམས་པ་གཙོ་བྱས་ངེད་མཚན་རམས་བློ་སྦྱོང་འཛིན་གྲྭའི་སློབ་གྲོགས་ཡོངས་ལ་གནམ་ལོ་གསར་བའི་ནང་ལུས་ལ་ན་ཚ་མེད་ཅིང་སློབ་སྦྱོང་གི་འབྲས་བུ་ཡར་ངོའི་ཟླ་བཞིན་འཕེལ་བའི་བཀྲ་ཤིས་སྨོན་འདུན་ཞུ་བ་དང་། དེ་མིན་བདེ་འཛོམས་དགའ་ཚལ་གླིང་གི་ཆོས་འཆད་ཉན་དང་བསླབ་པ་སློབ་གཉེར་སོགས་ལ་གེགས་མེད་ལྷུན་གྱིས་འགྲུབ་ཅིང་དྲི་མེད་ཁ་བཏགས་ཡུག་ཅིག་གི་ཚབ་ཏུ་མདོ་འཛིན་པས་གླུ་དང་རྡུང་ལེན་གང་རུང་ཞིག་གོ་སྒྲིག་གནང་བར་བཀའ་དྲིན་ཞུ་བ་ལགས།
གསང་བདག་སྐྱབས།    2018-02-02 14:04:52
ཕ་ཡུལ་ཨ་མཆོག་རྒྱ་འདུལ་སྡེ་བ་ནས་ཡིན་པའི་གསང་བདག་གིས
གནམ་ལོ་གསར་བ་ཚེས་ལ་ཉེས་བའི་སྐབས་འདིར་རང་སྡེ་བའི་
རྒན་པ་རྣམས་ཚེ་ཐག་རིང་བ་དང་གཞོན་པ་རྣམས་འདབ་ལོག་རྒྱས་བ་དར་མ་རྣམས་ཀྱིས་ཁ་ལས་རླུང་རྟ་དར་བའི་བཀྲ་ཤིས་སྨོན་འདུན་ཏུ།
གླུ་འམ་གདུང་ལེན་གང་རུང་ཞིག་གི་ལེགས་སྐྱེས་སུ།
ནམ་མཁའ་ཚེ་རིང་།    2018-02-02 10:58:26
སྙིང་ཉེ་བའི་མདོ་འཛིན་པ་ལགས།ང་ནི་ཕ་ཡུལ་གཅན་ཚ་ནས་འཚར་ལོངས་བྱུང་བའི་མདའ་རྒྱུ་བུད་ཕྲུག་ཅིག་ཡིན་ལ་ངས་མིང་ལ་ནམ་མཁའ་ཟེར།དེ་ཡང་ལོ་གསར་ལ་ཉེས་བའི་དུས་འདིར་ངས་འདི་ནས་ཁྱེད་ལས་ཁོངས་གི་མདོ་འཛིན་པ་དག་དང་།དེ་མིན་རང་གི་ཕ་ལོ་མ་ལོ།རང་གི་བུད་ཕྲུག་རྡོ་རྗེ་ཚེ་བརྟན་དང་ཆུང་མ་བསྟན་འཛིན་སྒྲོལ་མ།་ཤ་བ་ཤ་ཆག་ཡོད་ཚད་སོགས་ལ་ལོ་གསར་བའི་ནང་མི་ལ་ན་ཚ་མེད་པ་དང་།བྱ་བ་ལམ་འགྲོ་ཡོང་བའི་སྨོན་འདུན་ཞུ།
ལྷ་བརྟན་ཡག    2018-02-01 22:59:00
ཕ་སྐད་ལ་བརྩེ་བ་ཟབ་ཅིང་རང་རིགས་ལ་དུང་བ་ལྡན་པའི་ཨ་མདོ་བོད་སྐད་རླུང་བརྙན་འཕྲིན་ཁང་གི་ལས་སྣེ་བ་རྣམས་པ་ཁམས་བཟང་།ང་ནི་ཕ་ཡུལ་མཚོ་ལྷོ་ཁུལ་དཔལ་ཁ་གྲོང་རྡལ་ནས་ཡིན་ལ།ད་ལྟ་ཉི་མ་ལྷ་ས་རུ་ལས་ཞུགས་བྱེད་བཞིན་ཡོད།ད་ལོར་བྱ་བའི་དབང་གིས་ང་རང་ཕྱིར་ཕ་ཡུལ་ལ་ལོགས་མ་ཐུབ་པས།དྲིན་ཆེན་གྱི་ཕ་གླུ་ཁོ་དང་མ་སྒྲོལ་དཀར་སྐྱིད།སྙིང་སྡུག་མ་སྒྲོལ་མ་སོགས་གཙོ་བྱས་ནས་ཤ་ཉེ་རིང་ཡོངས་ལ་ལོ་གསར་བའི་ནང་བཀྲ་ཤིས་བདེ་ལེགས་ཡོང་པ་དང་།འཇུག་མཐར་ཁྱེད་རླུང་བརྙན་འཕྲིན་ཁང་གི་ལས་བྱེད་པ་རྣམས་ཀྱི་བྱ་བཞག་ཐམས་ཅད་ཡིད་བཞིན་དུ་འགྲུབ་པའི་སྨོན་འདུན་ཞུ།
འབྲུག་བྱམས་རྒྱལ    2018-02-01 20:23:29
ཕ་སྐད་གཙང་མའི་འགྲོགས་རྒྱུན་དང་བསྟུན་ནས་བོད་མི་རིགས་ཀྱི་ལས་དོན་ལ་བརྩོན་བཞིན་པའི་ཨ་འདོ་བརྙན་འཕྲིན་ཁང་གི་ལས་བྱེད་མི་སྣ་ཡོངས་ལ་ཁམས་བདེ་ཞུ།
ངའི་མིང་ལ་འབྲུག་བྱམས་རྒྱལ་ཟེར།ཕ་ཡུལ་འབའ་རྫོང་ཉྭ་ནག་འཚོ་བའི་ཡིན་ཞིང་།ཐེངས་འདིའི་བཀྲ་ཤིས་གསེར་ཟམ་ལེ་ཚན་བརྒྱུད་ནས་ཐོག་མར་བྱམས་ལྡན་ཀྱི་དྲིན་ཆེན་ཕ་མ་གཉིས་གཙོ་བྱས་ཤ་ཉེ་འབྲེལ་རྣམས་ལ་ཚེ་རིང་ནད་མེད་དང་བྱ་བ་ལམ་འགྲོ་ཡོངས་བའི་བཀྲ་ཤིས་སྨོན་འདུན་ཞུ་བ་དང་ཆབས་ཅིག
ཟི་ལིང་གྲོང་ཁྱེར་དུ་སློབ་གཉེར་བྱེད་བཞིན་པའི་བདག་གི་གྲོགས་མཆོག་དམ་པ་མགོན་པོ་རྒྱལ་དང་ཁྲི་ཀ་རུ་སློབ་གཉེར་བྱེད་བཞིན་པའི་བདག་གི་ནུ་བོ་འཕགས་མོ་དོན་འགྲུབ།དེ་མིན་དམའ་འབྲིང་སྐབས་སུ་སྐྱིད་སྡུག་གི་ལོ་ཟླ་ཉམས་སུ་སྐྱེལ་མྱོངས་བའི་དམའ་གསུམ་འཛིན་གྲྭ་ལྔ་བའི་སློབ་གྲོགས་ཡོངས་ལ་བྱ་བ་ལམ་འགྲོ་དང་ཁ་ལས་རླུང་རྟ་དར་བའི་བཀྲ་ཤིས་སྨོན་འདུན་ཞུ་བ་ཡིན།
པདྨ་སེངྒེ།    2018-02-01 14:07:03
ཕ་སྐད་གཙང་མའི་དབྱངས་ཀྱི་འགྱུར་ཁུགས་ཁྲོད་ན་མི་རིགས་ལས་དོན་ལ་འབད་བཞིན་པའི་ཨ་མདོ་བརྙན་འཕྲིན་ཁང་གི་མདོ་འཛིན་པ་ཡོངས་ལ་ཁམས་བདེ་ཞུ།ངའི་མིང་ལ་པདྨ་སེངྒེ་ཟེར། ཕ་ཡུལ་མགོ་ལོག་ཨ་སྐྱོང་གི་ཡིན།
ཐེངས་འདིའི་བཀྲ་ཤིས་གསེར་ཟམ་ལེ་ཚན་གྱི་གླུ་དབྱངས་སྙན་མོའི་འགྱུར་ཁུགས་དང་བསྡོངས་ནས་ས་གཞི་གསེར་གྱིས་བཀང་ཡང་དྲིན་ལན་འཇལ་ཐབས་མེད་པའི་རང་གི་བྱམས་ལྡན་ཕ་མ་གཉིས་གཙོ་བྱས་ནས་ཨ་ཅེ་བཟའ་མི་ཡོངས།ནུ་བོ་དང་ནུ་མོ་ཉེ་འབྲེལ་ཡོངས་ལ་ལུས་ལ་ན་ཚ་མེད་ཞིང་ཅི་བསམ་ལྷུན་གྱིས་འགྲུབ་པ།རང་སྡེ་བའི་རྒན་པ་རྣམས་ཚེ་ཐག་རིང་ཞིང་གཞོན་པ་རྣམས་འདབས་ལག་རྒྱས་བའི་བཀྲ་ཤེས་སྨོན་འདུན་ཞིག་ཕུལ་བ་ཡིན།
བྱང་སེམས་ཟླ་བ།    2018-01-31 19:36:40
བཀྲ་ཤིས་གཡང་གི་སྒོ་མོ་འབྱེད་པ་དང་།།
ཤིས་ཚིག་སྟོང་གི་མངའ་ཐང་རྒྱས་པ་དང་།།
གསེར་ལས་ལྷག་པའི་མི་ལུས་རིན་ཆེན་འདི།།
ཟམ་པ་ལྕགས་ཀྱི་གྲུབ་འདྲའི་རིན་ཐང་སྩོལ།།
ང་ནི་ཕ་ཡུལ་དགའ་བདེ་རྫོང་གོང་སྨད་ཡུལ་ཚོའི་ཡར་སྐོར་སྡེ་བའི་ཡིན་པའི་མིང་ལ་བྱང་སེམས་ཟླ་བ་ཟེར།
ངའི་རང་གི་དྲིན་ཆེན་མ་ལོའི་ལུས་ལ་ན་ཚ་མེད་པ་དང་ཅི་བསམ་ལྷུན་གྱིས་འགྲུབ་པ ད་དུང་ཨ་ཞང་ཟླ་མགོན་ཚང་མག་པ་དཔལ་མཆོག་ཚང་རིག་འཛིན་ཚང་རྨ་ཡུལ་རྡོ་ལས་རྡོ་ཁ་དགོན་ན་ཡོད་པའི་ཕུ་བོ་གནས་བསྟན་རྒྱ་མཚོ་དང་བྱང་ཆུབ་འོད་ཟེར་ལུང་སྐྱ་དགོན་ན་ཡོད་པའི་ཕུ་བོ་བདུད་འཇོམས་རྡོ་རྗེ་དེ་རྣམས་ཀྱིས་ལོ་སར་ལ་ཉེ་བའི་སྐབས་འདིར་ཅི་བསམ་ལྷུན་གྱིས་འགྲུབ་པའི་བཀྲ་ཤིས་སྨོན་འདུན་ཞུ།
ཚེ་དབང་ཐར།    2018-01-31 15:59:22
ཕ་སྐད་གཙང་མའི་དབྱངས་ཀྱི་འགྱུར་ཁུགས་ཁྲོད་ན་མི་རིགས་ལས་དོན་ལ་འབད་བཞིན་པའི་ཨ་མདོ་བརྙན་འཕྲིན་ཁང་གི་མདོ་འཛིན་པ་ཡོངས་ལ་ཁམས་བདེ་ཞུ།ངའི་མིང་ལ་ཚེ་དབང་ཐར་ཟེར། ཕ་ཡུལ་རྩེ་ཁོག་རྫོང་ཆ་ཀོར་ཞང་མཚོ་རྒན་སྡེ་བའི་རུ་ཆུང་ལྔ་བའི་ཡིན།
ཐེངས་འདིའི་བཀྲ་ཤིས་གསེར་ཟམ་ལེ་ཚན་གྱི་གླུ་དབྱངས་སྙན་མོའི་འགྱུར་ཁུགས་དང་བསྡོངས་ནས་ས་གཞི་གསེར་གྱིས་བཀང་ཡང་དྲིན་ལན་འཇལ་ཐབས་མེད་པའི་རང་གི་བྱམས་ལྡན་ཕ་མ་གཉིས་གཙོ་བྱས་ནས་ནུ་མོ་བཟའ་མི་ཡོངས།ནུ་བོ་དང་ཤ་ཉེ་འབྲེལ་ཡོངས་ལ་ལུས་ལ་ན་ཚ་མེད་ཞིང་ཅི་བསམ་ལྷུན་གྱིས་འགྲུབ་པ།རང་སྡེ་བའི་རྒན་པ་རྣམས་ཚེ་ཐག་རིང་ཞིང་གཞོན་པ་རྣམས་འདབས་ལག་རྒྱས་བའི་སྨོན་འདུན་ཞིག་གི་ཚབ་ཏུ་གླུ་གཞས་སྙན་མོ་འདི་ཕུལ་བ་ཡིན།
མགོན་པོ་ཚེ་བརྟན།    2018-01-31 15:56:00
མདོ་འཛིན་པ་ལགས། ཁམས་བཟང་། ངའི་མིང་ལ་མགོན་པོ་ཚེ་བརྟན་ཟེར། ཕ་ཡུལ་རྩེ་ཁོག་རྫོང་ཆ་ཀོར་ཞང་མཚོ་རྒན་སྡེ་བའི་རུ་ཆུང་གཉིས་བའི་ཡིན་ལ།ངས་ཐེངས་འདིའི་བཀྲ་ཤིས་གསེར་ཟམལེ་ཚན་གྱི་གླུ་དབྱངས་སྙན་མོའི་འགྱུར་ཁུགས་དང་བསྟུན་ནས་ས་གཞི་གསེར་གྱིས་བཀང་ཡང་དྲིན་ལན་འཇལ་ཐབས་མེད་པའི་རང་གི་བྱམས་ལྡན་ཕ་མ་གཉིས་དང་ཤེས་རིག་ཐང་ན་བཞད་པའི་མེ་ཏོག་སྟེ། སློབ་སྦྱོང་གི་ལས་ལ་བརྩོན་བཞིན་པའི་སློབ་གྲོགས་ཡོངས་དང་ད་དུང་ཤ་བ་ཉེ་རིང་ཡོངས་ལ་ལུས་ལ་ནད་ཚ་དང་། ཕྱུགས་ལ་གོད་ཁ་མེད་པའི་བཀྲ་ཤིས་སྨོན་འདུན་ཞུ།
སྐལ་བཟང་རྒྱལ།    2018-01-30 23:17:45
ལོ་གསར་བའི་ཨ་མདོ་བོད་སྐད་རྒྱང་སྒྲོག་བརྙན་འཕྲིན་ཁང་གི་ལས་བཟོ་བ་ཡོངས་ལ་ཁམ་བདེ་ཞུ། ང་ནི་ཕ་ཡུལ་ཐུན་རིན་རྫོང་མགར་རྕེ་ཞང་ཕྱག་ལས་སྡེ་བའི་ཡིན་ལ་ངའི་མིང་ལ་ཚོང་བ་ནག་རིས་ཟེར་། ངས་ཐེངས་འདིའི་བཀྲ་ཤེས་གསེར་ཟམ་ལེ་ཚན་བརྒྱུད་ནས་རང་ལ་དྲིན་གྱིས་བསྐྱངས་བའི་བརྩེ་ལྡན་གྱི་ཨ་མ་གཙོ་བྱས་བའི་ཤ་ཉེ་རིང་ཡོངས་གྱི་སྐུ་ལུས་ལ་ནད་ཚ་མེད་པའི་སྨོན་མདུན་ཞུ་བ་དང་ཆབ་ཅིག རང་ཁ་བ་གངས་རིའི་ལྗོངས་གི་རིགས་མཐུན་བོད་པ་ཚང་མའི་ཅི་བསམ་ལྷུན་གྱིས་འགྲུབ་པར་སྨོན་མདུན་ཞུ་ཞུ།
དཔའ་བོ་འབུམ    2018-01-29 23:10:51
འུ་ཅག་གི་རུས་རྐང་དུ་ཟུག་པའི་ཕ་སྐད་གཙང་མ་ཡི་དབྱངས་སྙན་གྱི་འགྱུར་ཁུག་ཁྲོད་ན་མི་རིགས་ཀྱི་བླ་སྲོག་དྲོན་མོ་སྟེ་སྐད་དང་ཡི་གེའི་ལས་དོན་ལ་བརྩོན་པའི་ཨ་འདོ་བརྙན་འཕྲིན་ཁང་གི་མདོ་འཛིན་པ་ཡོངས་ཉེ་ལམ་སྐུ་ཁམས་བཟང་། ང་ནི་ཕ་ཡུལ་མཚོ་ལྷོ་ཁུལ་མང་རྫོང་ཐར་ཤུག་ཡུལ་ཚོ་ཙི་དཔའ་སྡེ་བའི་ཡིན་ལ། ངའི་མིང་ལ་དཔའ་བོ་འབུམ་ཟེར། ཐེངས་འདིའི་བཀྲ་ཤིས་གསེར་ཟམ་ལེ་ཚན་འདི་བརྒྱུད་ནས་བཀའ་དྲིན་གསེར་གྱི་རི་རབ་ལས་དཔངས་མཐོ་ཞིང་། བརྩེ་བ་དངུལ་གྱི་རྒྱ་མཚོ་ལས་གཏིང་ཟབ་པའི་དྲིན་ཆེན་གྱི་ཕ་ལོ་མ་ལོ་གཉིས་གཙོ་བྱོས་ནས་ཤ་ཉེ་འབྲེལ་ཡོངས་ལ་ལུས་སེམས་རླུང་རྟ་དར་ཞིང་ཅི་བསམ་ལྷུན་གྱིས་འགྲུབ་པའི་བཀྲ་ཤིས་སྨོན་འདུན་དང་ཆབས་ཅིག་རང་སྡེ་བའི་རྒན་དར་གཞོན་གསུམ་ཡོངས་ལ་ནད་མེད་ཚེ་རིང་ལོ་བརྒྱའི་བཀྲ་ཤིས་སྨོན་འདུན་དུ་ཐེངས་འདིའི་བཀྲ་ཤིས་གསེར་ཟམ་ལེ་ཚན་དེར་བཀོད་སྒྲིག་བྱས་ཡོད་པའི་གླུ་གཞས་སྙན་མོ་འདི་དག་དྲི་མེད་ཀྱི་ཁ་བཏགས་དཀར་པོ་ཞིག་གི་ཚུབ་དུ་ཕུལ་བ་ཡིན།
དེ་མིན་ད་དུང་ང་དང་ལས་རིགས་གཅིག་པའི་དགེ་སློབ་ཡོངས་དང་དུས་རྒྱུན་ངའི་བྱ་བར་ཐུགས་ཁུར་གནང་བའི་གྲོགས་པོ་ཡོངས་ཀྱི་བསམ་དོན་ཆོས་བཞིན་འགྲུབ་པའི་བཀྲ་ཤིས་ལྷ་དར་ཞིག་གི་ཚུབ་དུ་ཕུལ་བ་ཡིན།
སྟག་རྒྱས་    2018-01-29 22:40:41
མཚོ་སྔོན་ཨ་མདོ་བརྙན་འཕྲིན་ཁང་གི་མདོ་འཛིན་པ་ཡོངས་ལ་ཁམས་བདེའི་འཚམས་འདྲི་དང་བཅས་ ་བདག་གི་ཕ་ཡུལ་ནག་ཆུ་ས་གནས་འབྲི་རུ་རྫོང་ཚྭ་ཆུ་ཡུལ་ཚོའི་ཐང་འགོ་གྲོང་ ་སྟག་རྒྱས་གིས་ བཀྲ་ཤིས་གསེར་ཟམ་ལས་ཚན་རྒྱུད་ནས་ཕ་ཡུལ་དུ་ཡོད་པའི་སྤུན་མཆེད་དང་ཉེ་འབྲེལ་གྲོང་མི་ཡོངས་ལ་ལུས་བདེ་སེམས་སྐྱིད་དང་ནད་མེད་ཚེ་རིང་ད་དུང་བོད་མི་ཡོངས་ཀྱི་བསམ་དོན་ལྷུན་འགྲུབ་དང་འཛམ་གླིང་ཞི་བདེ་ཡོང་བའི་བཀྲ་ཤིས་སྨོན་འདུན་ཞུ་རྒྱུ་ཡིན་
བློ་བཟང་ལག་ལྡན    2018-01-29 21:32:09
ཨ་མདོ་བོད་སྐད་རྒྱང་སྒྲོག་བརྙན་འཕྲིན་ཁང་གི་ལས་བཟོ་བ་ཡོངས་ལ་ཁམ་བདེ་ཞུ། ང་ནི་ཕ་ཡུལ་མགོ་ལོཊ་ཧྭ་སྐོར་སྡེ་བའི་ཡིན་ངའི་མིང་ལ་བློ་བཟང་ལག་ལྡན་ཟེར་། ངས་ཐེངས་འདིའི་བཀྲ་ཤེས་གསེར་ཟམ་ལེ་ཚན་བརྒྱུད་ནས་རང་ལ་དྲིན་གྱིས་བསྐྱངས་བའི་བརྩེ་ལྡན་གྱི་ཕ་མ་གཉིས་ཀ་དང་ཨ་དགའ་ཚང་མ་དང་ནུ་བོ་ནུ་མོ་ཡོང་ཡོངས་ཀྱི་སྐུ་ལུས་ལ་ནད་ཚ་མེད་པའི་སྨོན་མདུན་ཞུ་བ་དང་ཆབ་ཅིག རང་ཁ་བ་གངས་རིའི་ལྗོངས་གི་རིགས་མཐུན་བོད་པ་ཚང་མའི་ཅི་བསམ་ལྷུན་གྱིས་འགྲུབ་པར་སྨོན་མདུན་ཞུ་ཞུ།
སྐད་འཇོག་པ།
མིང་། *
ཡིག་ཟམ། *
ཁ་པར།
ནང་དོན།(*):
 
མཛའ་འབྲེལ་ཨ་ལུང་།
བོད་ཀྱི་སྐད་ཡིགཐེམ་ཆེན་གསར་འགྱུར་དྲ་བ།ཀྲུང་གོ་བོད་ཀྱི་དྲ་བ།གུང་ཁྲན་ཏང་གི་དྲ་བ།མཆོད་མེ་དྲ་བ།རེབ་གོང་རིག་གནས།
བོད་ཀྱི་རིག་མཛོད།བོད་ཀྱི་སློབ་འབྲིང་།སྣོད་བཅུད་སྲུང་སྐྱོབ།གཅན་ཚ་མི་རིགས་སློབ་འབྲིང་།བོད་ཀྱི་སློབ་གསོ།དགེ་ཆོས་དྲ་བ།
མཚོ་སྔོན་བོད་རིགས་དྲ་བ།ཁམས་པའི་དྲ་བ།རེབ་གོང་བོན་མང་དྲ་བ།ཧི་མ་ལ་ཡའི་བོན།བོད་ཡིག་མཉེན་ཆས་གླིང་། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་།
ཀྲུང་གོའི་བོད་སྐད་རླུང་འཕྲིན་དྲ་བ།བཙན་པོའི་མགར་གྱི་དྲ་བ།གཞོན་གསར་དྲ་བ།