ད་ལྟ་གཟིགས་བཞིན་པ། > གཙོ་ངོས། > མཱ་ཅི་ཞའོ།

མཱ་ཅི་ཞའོ།

 མཱ་ཅི་ཞའོ། ཕོ། ཧེ་རིགས། 1961ལོའི་ཟླ12པར་སྐྱེས། མཚོ་སྔོན་མེན་ཧིའི་མི་ཡིན། 1979ལོའི་ཟླ9པར་བྱ་བར་ཞུགས། 1983ལོའི་ཟླ3པར་ཀྲུང་གོ་གུང་ཁྲན་ཏང་ནང་དུ་ཞུགས། ཞིང་ཆེན་ཏང་གི་སློབ་གྲྭའི་སློབ་ཆེན་བསླབ་གནས་དང་དཔལ་འབྱོར་མཁས་ཅན་བཅས་ཡིན། ད་ལྟ་མཚོ་སྔོན་ཞིང་ཆེན་གྱི་ཏང་ཨུའི་རྒྱུན་ཨུ་དང་ཞིང་ཆེན་འགྲིམ་འགྲུལ་སྐྱེལ་འདྲེན་ཐིན་གྱི་ཐིན་ཀྲང་། ཏང་རྩ་འཛུགས་ཀྱི་ཧྲུའུ་ཅི་བཅས་ཡིན།
སྔ་གཞུག་ཏུ་མཚོ་སྔོན་ཞིང་ཆེན་མཚོ་ཤར་ས་ཁུལ་གྱི་ཕྱི་ཕྱོགས་ཉོ་ཚོང་ཀུང་ཟིའི་གཉེར་བ་གཞོན་པ་དང་གཉེར་བ། མཚོ་སྔོན་ཞིང་ཆེན་མཚོ་ཤར་ས་ཁུལ་གྱི་ཕྱི་ཕྱོགས་ཉོ་ཚོང་ཅུའུ་ཡི་ཅུའུ་ཀྲང་དང་། ཕྱི་ཕྱོགས་ཉོ་ཚོང་ཀུང་སིའི་གཉེར་བ། མཚོ་སྔོན་ཞིང་ཆེན་མཚོ་ཤར་ས་ཁུལ་གྱི་འབྲུ་རིགས་ཅུའུ་ཡི་ཅུའུ་ཀྲང་། མཚོ་སྔོན་ཞིང་ཆེན་ཧྭ་ལུང་ཧེ་རིགས་རང་སྐྱོང་རྫོང་གི་རྫོང་ཨུའི་ཧྲུའུ་ཅི་གཞོན་པ་དང་རྫོང་དཔོན་བཅས་ཀྱི་འགན་བཞེས།
2005ལོའི་ཟླ5བར་མཚོ་སྔོན་ཞིང་ཆེན་མཚོ་ཤར་ས་ཁུལ་ཏང་ཨུའི་ཨུ་ཡོན་དང་། 2005ལོའི་ཟླ་7པར་ཕིན་ཨན་རྫོང་གི་རྫོང་ཨུའི་ཧྲུའུ་ཅིའི་འགན་གཅིག་ལྕོགས་སུ་བཞེས།
2010ལོའི་ཟླ4བར་མཚོ་སྔོན་ཞིང་ཆེན་ཏང་ཨུའི་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་གཞོན་པ་དང་། ཞིང་ཆེན་བཟོ་ཚོང་མཉམ་འབྲེལ་ཏང་རྩ་འཛུགས་ཀྱི་ཧྲུའུ་ཅི། ཀྲུའུ་ཞི་གཞོན་པ༼ཐིན་རིམ་པ༽དང་པོ། 2011ལོའི་ཟླ4བར་ཞིང་ཆེན་སྤྱི་དབང་མིན་པའི་དཔལ་འབྱོར་རྩ་འཛུགས་ཀྱི་ཏང་བཟོ་ཨུའི་ཧྲུའུ་ཅི་བཅས་ཀྱི་འགན་གཅིག་ལྕོགས་སུ་བཞེས།
2013ལོའི་ཟླ2པར་མཚོ་སྔོན་ཞིང་ཆེན་ཏང་ཨུའི་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་གཞོན་པ་དང་། ཞིང་ཆེན་བཟོ་ཚོང་མཉམ་འབྲེལ་ཏང་རྩ་འཛུགས་ཀྱི་ཧྲུའུ་ཅི། རྒྱུན་ལས་ཀྲུའུ་ཞི་གཞོན་པ།༼ཐིན་རིམ་པ༽ ཞིང་ཆེན་སྤྱི་དབང་མིན་པའི་དཔལ་འབྱོར་རྩ་འཛུགས་ཀྱི་ཏང་བཟོ་ཨུའི་ཧྲུའུ་ཅི་བཅས་ཀྱི་འགན་བཞེས།
2015ལོའི་ཟླ5བར་མཚོ་སྔོན་ཞིང་ཆེན་འཛུགས་སྐྲུན་སྐྱེལ་འདྲེན་ཐིན་གྱི་ཏང་ཨུའི་ཧྲུའུ་ཅིའི་འགན་བཞེས།
2015ལོའི་ཟླ7པར་མཚོ་སྔོན་ཞིང་ཆེན་འཛུགས་སྐྲུན་སྐྱེལ་འདྲེན་ཐིན་གྱི་ཐིན་ཀྲང་དང་ཏང་ཨུའི་ཧྲུའུ་ཅིའི་འགན་བཞེས།
2016ལོའི་ཟླ9བར་མཚོ་སྔོན་ཞིང་ཆེན་འཛུགས་སྐྲུན་སྐྱེལ་འདྲེན་ཐིན་གྱི་ཐིན་ཀྲང་དང་ཏང་རྩ་འཛུགས་ཀྱི་ཧྲུའུ་ཅིའི་འགན་བཞེས།
2017ལོའི་ཟླ5བར་མཚོ་སྔོན་ཞིང་ཆེན་གྱི་ཏང་ཨུའི་རྒྱུན་ཨུ་དང་ཞིང་ཆེན་འཛུགས་སྐྲུན་སྐྱེལ་འདྲེན་ཐིན་གྱི་ཐིན་ཀྲང་དང་ཏང་རྩ་འཛུགས་ཀྱི་ཧྲུའུ་ཅིའི་འགན་བཞེས།


 

མཛའ་འབྲེལ་ཨ་ལུང་།
ཀྲུང་གོ་བོད་ཀྱི་དྲ་བ།གུང་ཁྲན་ཏང་གི་དྲ་བ།བོད་ཀྱི་རིག་མཛོད།བོད་ཀྱི་སློབ་འབྲིང་།མཚོ་སྔོན་བོད་རིགས་དྲ་བ།ཁམས་པའི་དྲ་བ།ཞིང་ཆེན་མི་དམངས་སྲིད་གཞུང་།ཀྲུང་གོའི་བོད་སྐད་རླུང་འཕྲིན།བོད་ལྗོངས་འཕྲིན་དྲ།
ཁམས་པའི་བརྙན་འཕྲིན།ནོར་ནོར་བརྙན་འཕྲིན།