ད་ལྟ་གཟིགས་བཞིན་པ། > གཙོ་ངོས། > བློ་མཐུན་ཝང་ཧུའུ་ཉིང་གི་ལོ་རྒྱུས་མདོར་བསྡུས།

བློ་མཐུན་ཝང་ཧུའུ་ཉིང་གི་ལོ་རྒྱུས་མདོར་བསྡུས།

1.jpg

བློ་མཐུན་ཝང་ཧུའུ་ཉིང་གི་ལོ་རྒྱུས་མདོར་བསྡུས།

ཝང་ཧུའུ་ཉིང་། ཕོ། རྒྱ་རིགས། 1955ལོའི་ཟླ10པར་སྐྱེས་པ་དང་། ཧྲན་ཏུང་ལའེ་ཀྲིག་གི་མི་ཡིན། 1977ལོའི་ཟླ2པར་བྱ་བར་ཞུགས་པ་དང་།1984ལོའི་ཟླ4པར་ཀྲུང་གོ་གུང་ཁྲན་ཏང་ནང་དུ་ཞུགས། ཧྥུའུ་ཏན་སློབ་ཆེན་རྒྱལ་སྤྱིའི་ཆབ་སྲིད་སྡེ་ཁག་གི་རྒྱལ་སྤྱིའི་ཆབ་སྲིད་ཆེད་ལས་སྦྱངས་ནས་སློབ་མཐར་ཕྱིན་པ་དང་། ཞིབ་འཇུག་སློབ་མའི་བསླབ་གནས་བླངས། ཁྲིམས་རིག་པའི་རབ་འབྱམས་པའི་མིང་ཐོབ་ལྡན་ལ། དགེ་རྒན་ཆེན་མོ་ཡིན།

ད་ལྟ་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན་དང་། ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི། ཀྲུང་དབྱང་སྲིད་ཇུས་ཞིབ་འཇུག་ཁང་གི་ཀྲུའུ་རིན། ཀྲུང་དབྱང་བཅོས་སྒྱུར་ཁྱོན་ཡོངས་ཟབ་སྤེལ་འགོ་ཁྲིད་ཚན་ཆུང་གཞུང་སྒྲུབ་ཁང་གི་ཀྲུའུ་རིན་བཅས་ཀྱི་འགན་བཞེས་ཡོད།

1972ལོ་ནས1977ལོའི་བར་དུ། ཧྲང་ཧེ་དགེ་འོས་སློབ་ཆེན་ལས་བྱེད་སློབ་གྲྭའི་ཕྱི་སྐད་གསོ་སྦྱོང་འཛིན་གྲྭ་ནས་སློབ་སྦྱོང་བྱས།

1977ལོ་ནས1978ལོའི་བར་དུ། ཧྲང་ཧེ་གྲོང་ཁྱེར་དཔེ་སྐྲུན་ཅུའུ་རུ་བྱ་བ་བསྒྲུབས།

1978ལོ་ནས1981ལོའི་བར་དུ། ཧྥུའུ་ཏན་སློབ་ཆེན་རྒྱལ་སྤྱིའི་ཆབ་སྲིད་སྡེ་ཁག་གི་རྒྱལ་སྤྱིའི་ཆབ་སྲིད་ཆེད་ལས་ཀྱི་ཞིབ་འཇུག་སློབ་མ་བཏོན།

1981ལོ་ནས1989ལོའི་བར་དུ། ཧྥུའུ་ཏན་སློབ་ཆེན་རྒྱལ་སྤྱིའི་ཆབ་སྲིད་སྡེ་ཁག་གི་དགེ་རྒན་དང་། དགེ་རྒན་ཆེན་མོ་གཞོན་པ། དགེ་རྒན་ཆེན་མོ་བཅས་བྱས་ལ། (དེའི་སྐབས་ཀྱི1988ལོ་ནས1989ལོའི་བར་དུ། ཨ་མེ་རི་ཁའི་ཨེ་ཧི་ཧྭ་སློབ་ཆེན་དང་། ཅ་ལེ་ཧྥོ་ཉི་ཡ་སློབ་ཆེན་པོ་ཁི་ལེ་ཡན་ལག་སློབ་གྲྭ་རུ་འཚམས་འདྲིའི་རིག་གནས་པ་བྱས། )

1989ལོ་ནས1994ལོའི་བར་དུ། ཧྥུའུ་ཏན་སློབ་ཆེན་རྒྱལ་སྤྱིའི་ཆབ་སྲིད་སྡེ་ཁག་གི་ཀྲུའུ་རིན་གྱི་འགན་བཞེས།

1994ལོ་ནས1995ལོའི་བར་དུ། ཧྥུའུ་ཏན་སློབ་ཆེན་ཁྲིམས་རིག་པའི་སློབ་གླིང་གི་ཡོན་ཀྲང་གི་འགན་བཞེས།

1995ལོ་ནས1998ལོའི་བར་དུ། ཀྲུང་དབྱང་སྲིད་ཇུས་ཞིབ་འཇུག་ཁང་གི་ཆབ་སྲིད་ཚན་ཆུང་གི་ཚན་གཙོའི་འགན་བཞེས།

1998ལོ་ནས2002ལོའི་བར་དུ། ཀྲུང་དབྱང་སྲིད་ཇུས་ཞིབ་འཇུག་ཁང་གི་ཀྲུའུ་རིན་གཞོན་པའི་འགན་བཞེས།

2002ལོ་ནས2007ལོའི་བར་དུ། ཀྲུང་དབྱང་སྲིད་ཇུས་ཞིབ་འཇུག་ཁང་གི་ཀྲུའུ་རིན་གྱི་འགན་བཞེས།

2007ལོ་ནས2012ལོའི་བར་དུ། ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི་དང་། ཀྲུང་དབྱང་སྲིད་ཇུས་ཞིབ་འཇུག་ཁང་གི་ཀྲུའུ་རིན་གྱི་འགན་བཞེས།

2012ལོ་ནས2014ལོའི་བར་དུ། ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན་དང་། ཀྲུང་དབྱང་སྲིད་ཇུས་ཞིབ་འཇུག་ཁང་གི་ཀྲུའུ་རིན་གྱི་འགན་བཞེས།

2014ལོ་ནས2017ལོའི་བར་དུ། ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན་དང་། ཀྲུང་དབྱང་སྲིད་ཇུས་ཞིབ་འཇུག་ཁང་གི་ཀྲུའུ་རིན། ཀྲུངདབྱང་བཅོས་སྒྱུར་ཁྱོན་ཡོངས་ཟབ་སྤེལ་འགོ་ཁྲིད་ཚན་ཆུང་གཞུང་སྒྲུབ་ཁང་གི་ཀྲུའུ་རིན་བཅས་ཀྱི་འགན་བཞེས།

2017ལོར། ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན་དང་། ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི། ཀྲུང་དབྱང་སྲིད་ཇུས་ཞིབ་འཇུག་ཁང་གི་ཀྲུའུ་རིན། ཀྲུང་དབྱང་བཅོས་སྒྱུར་ཁྱོན་ཡོངས་ཟབ་སྤེལ་འགོ་ཁྲིད་ཚན་ཆུང་གཞུང་སྒྲུབ་ཁང་གི་ཀྲུའུ་རིན་བཅས་ཀྱི་འགན་བཞེས།

སྐབས་བཅུ་དྲུག་པ་དང་སྐབས་བཅུ་བདུན་པ། སྐབས་བཅོ་བརྒྱད་པ། སྐབས་བཅུ་དགུ་པ་བཅས་ཀྱི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་དང་། སྐབས་བཅུ་བདུན་པའི་ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི། སྐབས་བཅོ་བརྒྱད་པའི་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། སྐབས་བཅུ་དགུ་པའི་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན་དང་། རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི་བཅས་ཡིན།
 

མཛའ་འབྲེལ་ཨ་ལུང་།
ཀྲུང་གོ་བོད་ཀྱི་དྲ་བ།གུང་ཁྲན་ཏང་གི་དྲ་བ།བོད་ཀྱི་རིག་མཛོད།བོད་ཀྱི་སློབ་འབྲིང་།མཚོ་སྔོན་བོད་རིགས་དྲ་བ།ཁམས་པའི་དྲ་བ།ཞིང་ཆེན་མི་དམངས་སྲིད་གཞུང་།ཀྲུང་གོའི་བོད་སྐད་རླུང་འཕྲིན།བོད་ལྗོངས་འཕྲིན་དྲ།
ཁམས་པའི་བརྙན་འཕྲིན།ནོར་ནོར་བརྙན་འཕྲིན།